ཤར་རིའི་ལྗང་མདོག་ཡལ་མེད།
2022.05.11 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 21

ད་ལྟའི་ཁྲི་ཀ་རུ། རྩྭ་རྩི་ཤིང་རྒྱས་ནས་བྱ་དང་འདབ་ཆགས་ཀྱིས་གཤོག་རྩལ་ངོམ་བཞིན་ཡོད། ནངས་སྔ་མོ་ནས། ལོ་ན46ལོན་པའི་ནགས་སྲུང་པ་ནོར་བུ་དབང་ཆེན་རྨ་ཤར་ཡུལ་ཚོ་ཚལ་མཐའ་སྡེ་བའི་རང་ཁྱིམ་ནས་ལམ་ལ་ཆས་ཏེ། རླངས་འཁོར་བསྐོར་ནས་སྤྱི་ལེ20ཡི་ཕ་རོལ་གྱི་ཤར་རིའི་ནགས་རར་བསྐྱོད་སོང་།

“སྲིན་པོའི་སྨུག་རྒྱུ”ནི“ཁྲི་ཀའི་མཛེས་ལྗོངས་གསར་པ་བརྒྱད”ཀྱི་ཡ་གྱལ་ཡིན་ལ། སྨུག་རྒྱུའི་སྒྲིབ་ཡོལ་འོག་ཏུ་ཤར་རི་ནི་ལྷ་ཡི་ཞིང་ཁམས་ཤིག་དང་ཀུན་ནས་མཚུངས།

“ཤར་རི་ནགས་རའི་ནགས་ཚལ་གྱི་རྒྱ་ཁྱོན་ལ་མུའུ་འབུམ་གཅིག་ལྷག་ཡོད་ཅིང་། ནགས་ཀྱི་རིགས་གཙོ་བོར་མཚོ་སྔོན་གྱི་ཡུན་ཧྲན་གསོམ་ཤིང་དང་སྡོང་ཕྲན་སོགས་ཡོད་ལ། ནགས་ཁུལ་དུ་སྤྱང་ཀི་དང་གནའ་བ། རི་བོང་། བྱ་གྲོ་མ། ནགས་ཀྱི་ཕུག་རོན། གླ་སོགས་རི་དྭགས་གནས་ཡོད།”ཤར་རི་ནགས་རའི་རི་དྭགས་དང་སྐྱེ་དངོས་གླེང་འོང་ཚེ། ནོར་བུ་དབང་ཆེན་གྱིས་རང་གི་ཁྱིམ་ནོར་བརྩི་བ་དང་འདྲ།

ནོར་བུ་དབང་ཆེན་ནགས་སྲུང་པར་བསྡད་པ་ནི“སྟེས་དབང”ཞིག་ཡིན། 2015ལོར་ཁོ་ཚང་དབུལ་བོའི་ཁྱིམ་ཚང་དུ་ངོས་འཛིན་བྱས། དབུལ་ཞྭ་བསྐོན་པ་ནས་ནོར་བུ་དབང་ཆེན་གྱི་སེམས་ནས་བཟོད་པར་དཀའ་ཞིང་གཞན་ལས་རབ་ཅིག་གིས་དམའ་བའི་སྣང་བ་བྱུང་། 2016ལོར། ཁོས་ཤར་རི་ནགས་ར་ཡིས་སྐྱེ་ཁམས་ལྟ་སྲུང་པ་བསྐོ་འཇོག་བྱེད་པའི་བརྡ་ཁྱབ་སྦྱར་ཡོད་པ་མཐོང་། “སྐབས་དེར་དབུལ་བོ་མང་ཚོགས་ཡིན་པ་དང་ལུས་སྟོབས་དར་བ། སྡུག་མྱོང་ཐུབ་པ་ཞིག་དགོས་པའི་ཆ་རྐྱེན་མཐོང་བ་ན། ངས་ཀྱང་ཚོད་ལྟ་ཞིག་བྱེད་དགོས་པར་སེམས་ཐག་བཅད་པ་ཡིན”ཞེས་ནོར་བུ་དབང་ཆེན་གྱིས་ཕྱིར་དྲན་བྱེད་ཞོར་དེ་ལྟར་བཤད།

ཤར་རི་ནགས་རའི་ནགས་དཔོན་ཐོང་ཧྲེང་ཅེ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ནགས་རས་ནོར་བུ་དབང་ཆེན་གྱི་རེ་ཞུ་འབྱོར་བ་ན་དཔྱད་ཞིབ་བྱས་རྗེས་ཕྱོགས་གང་ཐད་ནས་འོས་འཚམ་རེད། དེ་བས་ཁོ་རང་སྐྱེ་ཁམས་ལྟ་སྲུང་བར་བཞག་པ་ཡིན།

ནོར་བུ་དབང་ཆེན་དང་ཁོའི་ལས་གྲོགས་རྣམས་ཀྱིས་ཧ་ལམ་ནགས་ཚལ་མུའུ་འབུམ་གཅིག་ལ་སྐོར་ཞིབ་བྱེད་དགོས་པ་དང་། སྐོར་ཞིབ་བྱེད་ཐེངས་རེ་ལ་ཉིན་གཅིག་རེའི་དུས་ཚོད་དགོས། “ད་ལྟ་ང་རང་ནགས་རའི་གནས་གང་ཞིག་ཏུ་བཞག་ཀྱང་། ངས“ལག་སྙོབ”བྱས་ནས་ཕྱིར་ཐོན་ཐུབ་ལ། ངས་ནགས་ཚལ་དུ་ཅི་ཞིག་མེད་པར་གྱུར་པའང་ཤེས་ཐུབ། ལོ་ངོ7གྱི་རིང་ལ། ལྷམ་ག་ཚོད་ཅིག་ཆད་པའང་བཤད་དཀའ”ཞེས་དགོད་བཞིན་དེ་ལྟར་བཤད།

ནགས་སྲུང་པ་ཞིག་ལ་མཚོན་ན། ཆར་དུས་ནི་སྐོར་ཞིབ་བྱེད་སྐབས་ཆེས་དཀའ་བའི་དུས་ཚིགས་ཡིན་ཏེ། འགྲོ་འོང་བྱེད་མི་བདེ་བ་དང་། ཆུ་ལོག་རྒྱུགས་སླ་ཞིང་སྨུག་པ་འཐིབས་པས། མགོ་འཁོར་སླ་བ་ཡོད། ཁོ་ཚོས་སྐོར་ཞིབ་བྱེད་དུས་ཆར་ལྭ་དང་དགུན་ལྭ། གུར་ཕུབ་པར་སྤྱོད་པའི་ཆུ་ཤོག་གྱོན་པ་དང་། དེའི་ཁར་ཟ་མ་དང་སྐོར་ཞིབ་ཡོ་བྱད་བསྣན་ན། མི་རེ་རེས་ཁུར་ཆེན་རེ་འཁུར་དགོས།

འགན་ལྕི་བའི་སྐོར་ཞིབ་ནི་དེ་འདྲའི་ལྷོད་བག་ལྡན་པ་ཞིག་མིན། དེ་ལས་གཞན་ཁེར་རྐྱང་དང་ཁྱིམ་མིར་བདག་སྐྱོང་བྱེད་པའི་དུས་ཚོད་མེད་པ་དེའང་ནགས་སྲུང་པས་ངེས་པར་དུ་དཀའ་ཡང་དང་དུ་ལེན་དགོས་པའི་བྱ་བ་དངོས་ཞིག་རེད།

རང་གི་ལས་ཀ་འདིའི་ཁྱད་ཆོས་གཙོ་བོ་བརྗོད་པའི་སྐབས་ནོར་བུ་དབང་ལྡན་གྱིས་གདོང་ལ་འཛུམ་ཞིག་ལངས་བཞིན་བཤད་རྒྱུར། “ནགས་སྲུང་པ་ནི་ཆེས་བདེ་སྐྱིད་ལྡན་པའི་ལས་རིགས་ཤིག་རེད། གཅིག་ནས་མཛེས་ལྗོངས་ལ་རོལ་ཆོག་ཅིང་། གཉིས་ནས་ལུས་ཕུང་སྦྱོང་བརྡར་བྱེད་ཆོག་པ་དང་། སྐོར་ཞིབ་བྱས་ནས་ཐང་ཆད་ཚེ་མགྲིན་པ་བཏེགས་ནས་གླུ་བླངས་ཆོག ་་་ ལོ་གསུམ་ལ་སྔ་གཞུག་ཏུ‘ཕུལ་བྱུང་ནགས་སྲུང་པ’རུ་བདམས་པ་ནི་ངའི་གཟི་བརྗིད་ཡིན། ཏང་དང་སྲིད་གཞུང་གིས་ང་ལ་ལས་ཀ་འདི་སྤྲད་དེ། ང་རང་དབུལ་ཐར་བྱེད་དུ་བཅུག་པར་བཀའ་དྲིན་ཞུ།”

སྐྱེ་ཁམས་ལྟ་སྲུང་པ་ལེགས་པོར་བྱེད་པའི་དུས་མཚུངས་སུ། ནོར་བུ་དབང་ཆེན་གྱིས་ཧུར་ཐག་གིས་དབུལ་ཐར་ཐོན་ལས་འཕེལ་རྒྱས་སུ་བཏང་ཡོད། ཁོས་ཟླ་ཕོགས་བསགས་ནས་གསོ་སྤེལ་ལས་རིགས་གཉེར་ཞིང་། མིག་སྔར་ཕྱུགས་ཟོག7ཕྱིར་འཚོང་བྱེད་གྲབས་འདུག “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན། ཁོར་ཡུག་སྲུང་སྐྱོབ་ལེགས་པོར་བྱས་ན་ད་གཟོད་བུ་རབས་ཚ་རྒྱུད་ལ་ཟས་སྐལ་རེ་འཇོག་ཐུབ་པ་ཡིན། ནགས་སྲུང་པར་བསྡད་ན་ང་ལ་ལོ་གཅིག་ལ་སྒོར་ཁྲི2ལྷག་གི་ཡོང་འབབ་ཡོད། ཕྱུགས་ཟོག་གསོས་ན་ད་རུང་སྒོར་ཁྲི3ལྷག་བཙལ་ཐུབ། ད་ལྟ་ཁྱིམ་གྱི་འཚོ་བའང་ཇེ་ལེགས་ཇེ་བཟང་རེད”ཅེས་ནོར་བུ་དབང་ཆེན་གྱིས་སྤྲོ་ཉམས་ཀྱིས་དེ་ལྟར་བཤད།

图片

ནོར་བུ་དབང་ཆེན་ནི་ཁྲི་ཀ་རྫོང་གི་སྐོར་ཞིབ་ནགས་སྲུང་པ400རུ་ཉེ་བའི་བསྡུས་གཟུགས་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་བཟུང་། ཁྲི་ཀ་རྫོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ཐད་རྒྱུན་ཆད་མེད་པར་ལེའུ་གསར་པ་བཞེངས་ཤིང་། 2021ལོར་ཁྲི་ཀ་རྫོང་ནི་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་སྐོར་ཐེངས་ལྔ་པའི“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན”པའི་ལག་ལེན་གསར་གཏོད་རྟེན་གཞི་ཡི་མིང་བཏགས་གནང་ཡོད། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།