མི་དམངས་སེམས་སུ་ཉར་བའི་ཉེན་རྟོག་པ།
2022.10.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 47

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་དུས་རབས་གསར་པའི་སྤྱི་བདེའི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་བཀའ་སློབ་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།   རླབས་ཆེན་གྱི་ཏང་འཛུགས་སྐྲུན་གྱི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་བྱས་ནས། རྒྱ་ཆེའི་སྤྱི་བདེའི་མི་དམངས་ཉེན་རྟོག་པས་འབད་འབུངས་ཡར་བརྩོན་གྱི་སྐྱོད་ལམ་གསར་པར་ཞུགས་པ་དང་དུས་རབས་གསར་པར་བྱས་རྗེས་བསྐྲུན་པར་སྐུལ་ལྕག་གཏོང་ཆེད།  ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་སྤྱི་བདེ་པུའུ་ཡིས་ཉེ་ལམ་སྤྱི་ཚོགས་ཡོངས་སུ2022ལོའི་ཆེས་མཛེས་པའི་གཞི་རིམ་མི་དམངས་ཉེན་རྟོག་པའི་སྔོན་ཐོན་བྱས་རྗེས་ཁྱབ་བསྒྲགས་བྱས་ཤིང་། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་སྤྱི་བདེ་ཅུས་སྨར་འབྲིང་མངགས་གཏོང་ཁང་གི་སུའོ་ཀྲང་ངག་དབང་བསྟན་དར་བདམས་ཐོན་བྱུང་བ་རེད།

ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་ངག་དབང་བསྟན་དར་གྱིས་ལོ་ངོ་བརྒྱད་ཀྱི་རིང་ལ་རང་ཉིད་ཀྱི་ལས་གནས་བརྟན་སྲུང་བྱས།

ཉེན་རྟོག་པ་ཞིག་བྱས་པའི་དུས་དེ་ནས་བཟུང་ཁོས་རང་ཉིད་ཀྱི་ལང་ཚོ་དང་རྔུལ་ཆུ་དེ་ཆ་སྙོམས་མཚོ་འཕང་སྨི4200ཡན་གྱི་ས་གཞི་འདིར་ལེགས་སྐྱེས་སུ་ཕུལ་ཞིང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། གྱོད་གཞི་ཇེ་ཉུང་དུ་གཏོང་བ། བདེ་འཇགས་ཇེ་ལེགས་སུ་གཏོང་བ། མི་དམངས་ཡིད་ཚིམ་པ་བཅས་ཀྱི་བྱ་བའི་དམིགས་འབེན་མངོན་འགྱུར་བྱེད་རྒྱུའི་སེམས་ཐག་བཅད།

ཁོའི་ཨ་ཕ་ནི་གཞུང་ལས་མི་སྣ་ཞིག་ཡིན་པས་ཨ་ཕའི་སློབ་སྟོན་ལས་ངག་དབང་བསྟན་དར་གྱིས་ཉེན་རྟོག་པའི་ལས་རིགས་དེར་སེམས་གཏིང་ནས་ཡིད་སྨོན་ཤོར།    2013ལོར་སློབ་གྲྭ་ཆེན་མོའི་གསོ་རིག་གི་འབྲེལ་ཡོད་ཆེད་ལས་ནས་སློབ་མཐར་ཕྱིན་རྗེས། ངག་དབང་བསྟན་དར་གྱིས་སྨན་ཁང་དུ་བྱ་བ་སྒྲུབ་ཏུ་མ་སོང་བར་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་མགོ་ལོག་ཁུལ་དར་ལག་རྫོང་སྤྱི་བདེ་ཅུས་བདེ་འཇགས་རུ་ཆེན་གྱི་ཉེན་རྟོག་པ་ཞིག་ཏུ་གྱུར།

ངག་དབང་བསྟན་དར་གྱིས་བཤད་རྒྱུར།  ཉེན་རྟོག་པའི་ལྭ་བ་གྱོན་པ་ནས་བཟུང་རང་ཉིད་ཀྱིས་འགན་འཁྲི་ལྕི་མོ་ཕྲག་ཏུ་འཁུར་དགོས་པ་ཚོར།   གྲང་ངར་ཆེ་བའི་དགུན་ཁའི་ཉིན་ཞིག་ལ། ངག་དབང་བསྟན་དར་ནམ་རྒྱུན་དང་འདྲ་བར་དུས་ཚོད་ཕྱེད་ཀ་ཙམ་གྱི་སྔོན་ལ་སྤྱི་བདེ་ཅུས་སུ་ཐོན་པ་དང་། ཁོས་གཞུང་ལས་ཐོག་ཁང་གི་མདུན་དུ་སྐྱེས་པ་དང་བུད་མེད་ཞིག་འཁུམས་ནས་བསྡད་ཡོད་པ་དང་བུད་མེད་དེའི་པང་དུ་བྱིས་པ་རློན་ནུ་ཞིག་ངུ་བཞིན་པ་མཐོང་།   ངག་དབང་བསྟན་དར་གྱི་ལུས་སྟེང་གི་ཉེན་རྟོག་པའི་ལྭ་བ་མཐོང་མ་ཐག བཟའ་ཟླ་དེ་གཉིས་མྱུར་དུ་རྒྱུགས་ཡོང་ནས་གནས་ཚུལ་བཤད་པ་རེད།  ངག་དབང་བསྟན་དར་གྱིས་བཟའ་ཟླ་དེ་གཉིས་ཞབས་ཞུའི་ཚོམས་ཆེན་དུ་ཁྲིད་དེ་གནས་ཚུལ་ཅི་ཞིག་བྱུང་མིན་སྐོར་ཞིབ་འདྲི་བྱས།

བཟའ་ཟླ་གཉིས་ཀྱིས་གནས་ཚུལ་ཞིབ་མོར་བཤད་རྗེས། ངག་དབང་བསྟན་དར་གྱིས་ཁོ་ཚོ་ནི་རྒྱང་ཐག་རིང་བའི་ས་ཁུལ་དུ་བསྡད་ཡོད་པ་དང་འགྲིམ་འགྲུལ་སྟབས་མི་བདེ་བའི་དབང་གིས་ཆུང་མ་ཕྲུ་གུ་བཙའ་བའི་ཉིན་དེར་སྨན་ཁང་དུ་འགྲོ་ཁོམ་མ་བྱུང་བར་རང་ཁྱིམ་དུ་ཕྲུ་གུ་བཙའ་བ་དང་། དུས་ཐོག་ཏུ་ཕྲུ་གུ་བཙའ་བའི་གསོ་རིག་དཔང་ཡིག་དང་ཕྲུ་གུའི་ཁྱིམ་ཐོ་འགོད་མ་ཐུབ་པ་དང་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱེད་མ་ཐུབ་པར་བརྟེན། བཟའ་ཟླ་གཉིས་སྤྱི་བདེ་སྡེ་ཁག་ཏུ་རོགས་སྐྱོར་འཚོལ་དུ་ཡོང་བ་ཤེས།

ངག་དབང་བསྟན་དར་གྱིས་གནས་ཚུལ་དེ་ཁྱིམ་ཐོ་འགོད་པའི་མི་དམངས་ཉེན་རྟོག་པར་གསལ་བཤད་བྱས་རྗེས། ཁྱིམ་ཐོ་འགོད་པའི་མི་དམངས་ཉེན་རྟོག་པས་གོ་རིམ་ལྟར་བཟའ་ཟླ་གཉིས་ཀྱི་གནས་ཚུལ་ཞིབ་དཔྱད་གཏན་འཁེལ་བྱས་པ་རེད། ཉིན་འགའི་རྗེས་སུ། གསར་སྐྱེས་ཕྲུ་གུའི་ཁྱིམ་ཐོ་བདེ་བླག་ངང་སྒྲུབ་ཐུབ་པ་བྱུང་། ངག་དབང་བསྟན་དར་གྱིས་ཁྱིམ་མིའི་ཆ་འཕྲིན་གསར་པ་བྲིས་ཡོད་པའི་ཁྱིམ་ཐོ་དེ་ཕྲུ་གུའི་ཨ་ཕའི་ལག་ཏུ་སྤྲད་སྐབས་ཨ་ཕ་དེས་ཁོ་ལ་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་བྱས།

དོན་དག་འདིས་ངག་དབང་བསྟན་དར་ལ་བློ་སྒོ་མི་ཉུང་བ་ཞིག་ཕྱེ་བྱུང་། དེར་བརྟེན་ཁོས་བདེ་འཇགས་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་ཁྲིད་དེ་རྒྱང་ཐག་རིང་བའི་འབྲོག་ཁུལ་དུ་བརྟག་ཞིབ་ཐེངས་མང་བྱས་པ་རེད། ཟླ་གཉིས་ཀྱི་རིང་འབད་བརྩོན་ལྷོད་མེད་བྱས་ནས་ཧུར་ཐག་གིས་ཡར་ཞུ་དང་མཐུན་སྦྱོར་སྐུལ་འདེད་བྱས་པ་བརྒྱུད། དར་ལག་རྫོང་གི་ཡུལ་ཚོ་དགུ་དང་གྲོང་རྡལ་གཅིག་གི་མངགས་གཏོང་ཁང10ཡིས་ཁྱིམ་ཐོ་དབྱེ་ཕྲལ་དང་གཉེར་སྒྲུབ་དབང་ཆ་གཤམ་སྤྲོད་སོགས་ཀྱི་བྱ་བ་བདེ་བླག་ངང་ཡོངས་འགྲུབ་བྱས་པས། མང་ཚོགས་རྣམས་རྫོང་དང་ཡུལ་ཚོ་གཉིས་དབར་ཁྱིམ་ཐོ་སྒྲུབ་ཏུ་འགྲོ་མི་དགོས་པར།  ཐད་ཀར་ཕན་ཁེ་ཐོབ་པའི་མང་ཚོགས་ཁྲི་བཞི་ལྷག་ལ་སླེབས་པ་དང་།  ཁྱིམ་ཐོ་གནས་དེ་ནས་སྒྲུབ་ཐུབ་པ་མངོན་འགྱུར་བྱུང་བ་རེད།

2020ལོའི་ཟླ10པར་ངག་དབང་བསྟན་དར་སྨར་འབྲིང་མངགས་གཏོང་ཁང་གི་འགན་འཁུར་བར་བསྐོ་གཞག་བྱས་པས། ཁོའི་ཕྲག་སྟེང་གི་འགན་འཁྲི་སྔར་ལས་ཇེ་ལྗིད་དུ་སོང་། ནམ་རྒྱུན་བྱ་བ་སྒྲུབ་སྐབས་ཁོས་སྔ་ཕྱི་བར་གསུམ་དུ་མང་ཚོགས་ཀྱི་གདེང་འཇོག་ནི་གསེར་དངུལ་ལས་ལྷག་པའི་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ། ཁོངས་གཏོགས་ས་ཁུལ་གྱི་འཆམ་མཐུན་བརྟན་འཇགས་ལ་སྐུལ་འདེད་གཏོང་རྒྱུར་ཕན་པ་དང་མི་དམངས་མང་ཚོགས་ཀྱི་ཁས་ལེན་ཐོབ་པའི་ལས་དོན་ཞིག་ཡིན་ཚེ།  དཀའ་ཁག་ཇི་ཙམ་ཆེ་ཡང་ཁོས་སེམས་ཤུགས་ཡོད་རྒུ་བཏོན་ནས་སྒྲུབ་བཞིན་ཡོད།

དུས་རབས་གསར་པའི་ཧྥིན་ཆའོ་ཡི་ཉམས་མྱོང་དེ་སྨར་འབྲིང་རྩྭ་ཐང་དུ་རྐང་ཚུགས་པར་བྱེད་ཆེད།  ངག་དབང་བསྟན་དར་གྱིས་རྒྱལ་ཡོངས་ཀྱི་ཧྥིན་ཆའོ་རྣམ་པའི་སྤྱི་བདེའི་མངགས་གཏོང་ཁང་བསྐྲུན་རྒྱུ་གོ་སྐབས་སུ་བྱས་ཏེ། 2020ལོའི་ཟླ11པར་མགོ་ལོག་ཁུལ་གྱི་བྱ་བ་སྒྲུབ་པ་ཆེས་བཟང་བའི་ཁ་བཏགས་ཉེན་རྟོག་པའི་མཉམ་འགོག་མཉམ་བཅོས་དཔུང་ཁག་ཐོག་མ་བཙུགས་ནས།  སྨར་འབྲིང་རྩྭ་ཐང་གི་ཆེས་མཛེས་པའི་ཉེན་རྟོག་པའི་མིང་བྱང་དུ་གྱུར།

ཁ་བཏགས་ཉེན་རྟོག་པ་ནི་ནུས་ཤུགས་ཡོད་རྒུས་མངགས་གཏོང་ཁང་གི་བྱ་བར་གཞོགས་འདེགས་བྱེད་མཁན་གྱི་མཉམ་སྐྱོང་དཔུང་ཁག་ཅིག་ཡིན་པ་དང་། ཁོ་ཚོས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་མཉམ་དུ་སྐོར་གཡེང་འགོག་སྲུང་དང་། འགལ་བ་དང་རྩོད་གཞི་ལེབ་བཤེར་འདུམ་འགྲིག ཁྲིམས་སྐྱོང་སྒྲོག་འགྲེལ་སོགས་ཀྱི་ལས་དོན་སྤེལ་བས། དཔུང་ཁག་དེ་དུས་རབས་གསར་པའི་ཧྥིན་ཆའོ་ཡི་ཉམས་མྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་མཐོ་སྒང་གི་ས་གཞི་ཆེ་མོར་རྩ་བ་བརྟན་པོ་ཚུགས་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཏུ་གྱུར།

ཁ་བཏགས་ཉེན་རྟོག་པའི་དཔུང་ཁག་བཙུགས་པ་ནས་བཟུང་། སྔ་རྗེས་སུ་འགལ་བ་དང་རྩོད་གཞི་སྣ་ཚོགས21མཐུན་སྦྱོར་བྱས་པའི་ཁྲོད་རྩོད་གཞི10ལྷག་འདུམ་འགྲིག་བྱས་བ་རེད།   2021ལོའི་ཟླ4པར་ངག་དབང་བསྟན་དར་གྱིས་སླར་ཡང་མགོ་ལོག་ཁུལ་གྱི་ཉེན་རྟོག་སྨན་བཅོས་མཉམ་འགུལ“གཅིག་འཐུས་རྣམ་པའི”ཕྱོགས་བསྡུས་ཞབས་ཞུའི་སྐར་ཁུང་དང་པོ་བཙུགས་པ་དང་། ཁོངས་གཏོགས་ས་ཁུལ་གྱི་གསར་སྐྱེས་ཕྲུ་གུའི་གསོ་རིག་དཔང་ཡིག་འབྲི་བ་དང་། ཁྱིམ་ཐོ་འགོད་པ། རྐྱེན་ལམ་དུ་ཤོར་བའི་མི་སྣའི་གསོ་རིག་དཔང་ཡིག་འབྲི་བ་དང་།དེ་དག་གི་ཁྱིམ་ཐོ་མེད་པར་བཟོ་བ་སོགས་ཀྱི་ལས་སྒོ་དེ་སྐར་ཁུང་གཅིག་ནས་སྒྲུབ་པ་དང་།  ཐག་ཉེ་ས་ནས་སྒྲུབ་པ། ཐེངས་གཅིག་གིས་སྒྲུབ་པ་བཅས་མངོན་འགྱུར་བྱས་པ་རེད།

མང་ཚོགས་ཀྱི་དོན་དག་དེ་རང་ཉིད་ཀྱི་དོན་དག་ཞིག་ཏུ་བརྩིས་ཚེ་མང་ཚོགས་ཀྱི་རེ་སྒུག་ཚང་མ་དོན་ཐོག་ཏུ་འཁྱོལ་ཐུབ་ལ། མི་དམངས་སེམས་སུ་ཉར་ཚེ་མི་དམངས་ནམ་ཡང་རང་ཉིད་དང་ཁ་འབྲལ་མི་སྲིད་ཅེས་བཤད། ངག་དབང་བསྟན་དར་གཞི་རིམ་དུ་ལོ8ལ་གཞི་ཚུགས་པ་དང་དུས་རབས་གསར་པའི“ཧྥིན་ཆའོ་ཡི་ཉམས་མྱོང་”དེ་མཐོ་སྒང་དུ་དོན་འཁྱོལ་བྱུང་ནས་ཕན་འབྲས་དངོས་ཐོན་ཡོད།

ཁྱིམ་ཚང་ནི་ཚང་མའི་སེམས་ཀྱི་ཆེས་ཟབ་ས་ཡིན་མོད། འོན་ཀྱང་མཐོ་སྒང་གི་ཁྱིམ་ཚང་རེ་རེའི་བདེ་སྐྱིད་དང་བདེ་འཇགས་སྲུང་སྐྱོབ་བྱ་ཆེད། ངག་དབང་བསྟན་དར་གྱིས་ཐེངས་མང་པོར་རང་ཉིད་ཀྱི་ཁྱིམ་ཆུང་དོར་ནས་ཁྱིམ་ཚང་མང་པོའི་དོན་དུ་འབད་བརྩོན་བྱས་པ་རེད། ཁྱིམ་མི་ཚོའི་འདྲ་པར་ལ་ལྟ་སྐབས་ངག་དབང་བསྟན་དར་གྱི་སེམས་སུ་སྨྲ་མི་ཤེས་པའི་ཚོར་བ་ཞིག་སྐྱེས་མོད། འོན་ཀྱང་ཁོངས་གཏོགས་ས་ཁུལ་སྡོད་དམངས་ཀྱི་བདེ་སྐྱིད་ཀྱི་འཛུམ་མདངས་དེ་བློ་ལ་འཁོར་ཚེ་ཁོས་བློས་གཏོང་མཐའ་དག་ནི་བྱེད་རིན་ཡོད་པ་ཞིག་ཡིན་པར་འདོད་ཡོད།  ཁོས་བཤད་རྒྱུར། མང་ཚོགས་ལ་དགོས་མཁོ་ཡོད་ཚེ་རང་ཉིད་ཀྱི་རྩ་བ་དེ་ནམ་ཡང་སྨར་འབྲིང་མངགས་གཏོང་ཁང་དུ་བརྟན་པོར་འཛུགས་ངེས་ཡིན་ཟེར།

2021ལོའི་ཟླ10པའི་ཉིན་ཞིག་ལ་ངག་དབང་བསྟན་དར་གྱིས་རྩོད་གཞི་ཐག་གཅོད་བྱེད་བཞིན་མཆིས། སྐབས་དེར་ཨ་མའི་ཁ་པར་ཀྱི་སྒྲ་ཡང་ཡང་གྲགས་པ་དང་ངག་དབང་བསྟན་དར་གྱིས་ཐེ་ཚོམ་ཙམ་བྱས་ནས་ཁ་པར་གྱི་སྒོ་བརྒྱབ་པ་རེད།  མངགས་གཏོང་ཁང་དུ་ལོག་པའི་ལམ་བར་དུ་ངག་དབང་བསྟན་དར་གྱིས་ད་གཟོད་ཨ་མར་ཁ་པར་ཞིག་བརྒྱབ་ཚེ། ཨ་མས་ངུ་བཞིན་དུ་ཁྱོད་ཀྱིས་ཁ་པར་མི་ལེན་དོན་ཅི་ཡིན། ཁྱོད་ཀྱི་ཨ་ཕྱི་སྨན་ཁང་དུ་མྱུར་སྐྱོབ་བྱེད་བཞིན་ཡོད། ངག་དབང་བསྟན་དར་གྱིས་མིག་ཆུ་འཁོར་བཞིན་དུ་ལས་དོན་སྒྲུབ་ཚར་རྗེས་མྱུར་དུ་ཐོན་ཡོང་ཞེས་ཨ་མར་དེ་ལྟར་བཤད།

ངག་དབང་བསྟན་དར་གྱིས་མྱུར་དུ་རང་ཉིད་ཀྱི་སེམས་ཁམས་སྙོམས་སྒྲིག་བྱས་ནས་སེམས་ཤུགས་ཡོད་རྒུས་བྱ་བ་སྒྲུབ་པ་རེད། རྩོད་གཞི་ཐག་གཅོད་བྱས་ཚར་རྗེས། ཁོས་དེ་མ་ཐག་ཏུ་རླངས་འཁོར་གྱི་སྤ་སེ་ཉོས་ནས་ཡུལ་ལ་ལོག་མོད་། འོན་ཀྱང་ཨ་ཕྱི་ཚེ་ལས་འདས་སོང་བས་ངོ་ཐུག་མ་ཐུབ་པ་རེད།  དོན་དག་འདིའང་ངག་དབང་བསྟན་དར་གྱི་བློ་འགྱོད་ཆེ་ཤོས་སུ་གྱུར་ཡོད།  ཡིན་ཡང་སྨར་འབྲིང་ཡུལ་ཚོའི་མི་དམངས་ལ་ཁོ་དགོས་པ་དང་། རང་འགན་ནན་སྒྲུབ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་མང་ཚོགས་ཀྱི་དཀའ་ཉེན་དང་རེ་སྒུག་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ནི་ཨ་ཕྱི་ལགས་ལ་སེམས་གསོ་ཆེ་ཤོས་ཤིག་བྱེད་པ་ཡིན་པར་ཤེས་ཡོད།

ངག་དབང་བསྟན་དར་གྱིས་མི་དམངས་ཀྱི་སྤྱི་བདེ་མི་དམངས་ཀྱི་ཆེད་དུ་ཡིན་ཞེས་པའི་དམ་བཅའ་བརྟན་པོ་དེ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས་ངང་རྒྱུད་རིང་ལ་ཟོལ་མེད་ཀྱི་འཛུམ་མདངས་ཀྱིས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་གྱིན་ཡོད། ཉེན་རྟོག་པའི་བྱ་བ་སྒྲུབ་ནས་ལོ་བརྒྱད་ཀྱི་རིང་ལ། མགོ་ལོག་ཁུལ་སྤྱི་བདེ་ཅུས་ཀྱིས་ངག་དབང་བསྟན་དར་ལ་སྔ་རྗེས་སུ་བྱས་རྗེས་རིམ་པ་གསུམ་པ་ཐེངས་གཅིག་དང་མི་སྒེར་གྱི་གཟེངས་བསྟོད་ཐེངས་གཅིག་བྱས་ཤིང་།  དར་ལག་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཐེངས་མང་པོར་ཕུལ་དུ་བྱུང་བའི་གཞུང་ཞབས་པར་བདམས་པ་རེད།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།