ཞི་དྲག་གཉིས་ལྡན་གྱི་རྩྭ་ཐང་གི་ཞིབ་དཔྱོད་དཔོན།
2024.04.17 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 7

         “ཧྥིན་ཆའོ་ཉམས་མྱོང”མཚོ་སྔོན་དུ་མུ་འབྲེལ་སྒྲོག་སྤེལ་བྱེད་པ།

“སྤྱི་ཚོགས་དང་གཞི་རིམ་དུ་དུས་རབས་གསར་པའི‘ཧྥིན་ཆའོ་ཉམས་མྱོང’རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། གནས་བབ་གསར་པའི་འོག་མི་དམངས་ནང་ཁུལ་གྱི་འགལ་བ་ཡང་དག་པར་ཐག་གཅོད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། མི་དམངས་ཀྱི་ཡིག་སྐུར་ངོ་གཏུག་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པ། མང་ཚོགས་ཀྱི་རེ་འདུན་ཞུ་བ་དང་ཁེ་ཕན་མཐུན་སྦྱོར། ཁེ་དབང་འགན་སྲུང་བཅས་ཤར་བགྲོད་དང་ཚད་ལྡན་དུ་གཏོང་བ། དྲ་མིག་ཅན་གྱི་དོ་དམ་དང་ཞིབ་ཕྲ་ཅན་གྱི་ཞབས་ཞུ། ཆ་འཕྲིན་ཅན་གྱི་འདེགས་སྐྱོར་བཅས་གཞི་རིམ་བཅོས་སྐྱོང་སྟེགས་བུ་འཐུས་ཚང་དུ་གཏོང་བ་དང་། མཁར་གྲོང་དང་སྡེ་ཁུལ་གྱི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། འགལ་བ་དང་རྩོད་གཞི་དུས་ཐོག་ཏུ་གཞི་རིམ་ནས་སེལ་བ་དང་ཐོག་མ་ཉིད་ནས་ཐག་གཅོད་བྱེད་དགོས།”

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཞིབ་དཔྱོད་དཔོན་སྐལ་བཟང་རྡོ་རྗེ་ཡི་བྱ་བའི་ཟིན་བྲིས་ཀྱི་ཁ་ཕྱེས་པ་ན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ཁྲོད་བཏོན་པའི་འབྲེལ་ཡོད་ཀྱི“ཧྥིན་ཆའོ་ཉམས་མྱོང”གི་ནང་དོན་གཟབ་ནན་གྱིས་གནད་བཤུས་བྱས་ཡོད། ལྟེབས་ཟིན་པའི་ཤོག་ངོས་དང་ཡང་དང་བསྐྱར་དུ་ལྟ་ཀློག་བྱས་པའི་ཤུལ་རྗེས་ལས། དར་ལག་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལུགས་བྱེད་ཐབས“ཚ་པོ”དང་དམངས་ཁྲོད་འདུམ་འགྲིག“འཇམ་པོ”གཉིས་ཟུང་འབྲེལ་བྱས་ཏེ། གཏུག་བཤེར་མ་བྱས་པའི་སྔོན་གྱི་འགལ་བ་དང་རྩོད་གཞི་ཞི་བའི་འདུ་ཤེས་དེ་ཉིན་རྒྱུན་གྱི་གྱོད་གཞི་སྒྲུབ་པའི་བྱ་བ་ཙག་ཙིག་ཁྲོད་འདྲེས་སུ་བཅུག་ནས།    “རང་གིས་གཏུག་བཤེར་བྱེད་པ་བཞིན”གྱི་ནན་ཏན་དང“གྱོད་དོན་ཐག་གཅོད་དང་འགལ་བ་དང་རྩོད་གཞི་འདུམ་སྒྲིག  མི་རྣམས་འགྲིག་མཐུན་བྱུང་བ”ཡི་རྣམ་འགྱུར་གྱིས། རྩྭ་ཐང་གི་བདེ་འཇགས་དང་འཆམ་མཐུན་བསྐྲུན་ཡོད།

“ངེད་ཚང་གི་བྱིས་པ་ནོར་སོང་བ་རེད། ཁྱེད་ཚོས་བྱིས་པར་གུ་ཡངས་དང་གོ་སྐབས་ཐེངས་ཤིག་བྱིན་པར་བཀའ་དྲིན་ཆེ་ཞུ།”

2023ལོའི་ཟླ11པའི་ཚེས13ཉིན་གྱི་ཕྱི་དྲོར། དར་ལག་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་འདུམ་འགྲིག་ཁང་དུ། ཕྱོགས་གཉིས་ཀྱི་ཁྱིམ་བདག་གིས་ཁ་བཏགས་བཟུང་ནས། གྱོད་གཞི་འགན་སྒྲུབ་བྱས་པའི་ཞིབ་དཔྱོད་དཔོན་ལ་གུས་འདུད་ཞུ་བའི་སྐབས་དེར། ནར་མ་སོན་པའི་མིས་བསམ་བཞིན་དུ་མིར་གནོད་འཚེ་བཏང་བའི་གྱོད་གཞི་དང་འབྲེལ་བའི་གྱོད་བདག་གཉིས་ཀྱིས་ཉེས་དོན་འདུམ་འགྲིག་བྱས་པ་རེད། གནོད་འཚེ་ཐེབས་པའི་མི་ལ་དགོས་ངེས་ཀྱི་སྐྱིན་ཚབ་འཇལ་བ་དང་།  ཧོལ་རྒྱུགས་བྱས་ཏེ་བཅའ་ཁྲིམས་དང་འགལ་བའི་བྱིས་པར་ཡང་རང་ཉིད་བཅོས་བསྒྱུར་བྱེད་པའི་གོ་སྐབས་ཤིག་ཐོབ།

“འདི་ནི་རྨས་སྐྱོན་ཡང་མོ་ཕོག་པའི་རིམ་པ་གཉིས་པའི་གྱོད་གཞི་ཞིག་རེད། དོན་དངོས་སུ་ང་ཚོས་གཞུང་གཏུག་བྱེད་ཆོག ཡིན་ཡང་གཅིག་ནས་བྱིས་པ་ནར་སོན་མེད་པ་དང་བྱིས་པའི་མ་འོངས་པར་བསམ་བློ་བཏང་བ་ཡིན། གཉིས་ནས་གྱོད་གཞི་ཐག་བཅད་ཀྱང་འགལ་བ་ཞི་མེད་པ་དང་། ཕྱོགས་གཉིས་ཀ་སྡེ་བ་གཅིག་ཏུ་འཚོ་བ་རོལ་ན་འཁོན་འཛིན་ཇེ་ཆེར་འགྲོ་བར་དོགས་པས། ཉེས་དོན་འདུམ་འགྲིག་བྱེད་རྒྱུ་བརྩོན་ལེན་བྱས་ཏེ། འགལ་བ་རྩ་བ་ནས་ཐག་བཅད་ན་དེ་ནི་ཆེས་བཟང་བའི་གྲུབ་འབྲས་རེད།”ཅེས་སྐལ་བཟང་རྡོ་རྗེས་གསར་འགོད་པར་དེ་ལྟར་བཤད།  བརྟག་དཔྱད་ཞིབ་བསྡུར་བྱེད་དབང་བེད་སྤྱོད་གང་ལེགས་དང་། ཡིག་ཚགས་ཀློག་པ་དང་བསམ་ཚུལ་ལ་ཉན་པ་སོགས་ཀྱི་ཐབས་ལ་བརྟེན་ནས་རྫུན་སྤངས་བདེན་འཛིན་བྱེད་དགོས། རྩོད་གཞི་ཞིབ་བཤེར་གྱི་རྒྱུ་མཚན་ལ་དབྱེ་ཞིབ་བྱེད་པ་དང་། གྱོད་བདག་གི་རེ་འདུན་ངོ་མ་ཞུ་བར་སྣེ་ཁྲིད་པ། འགལ་བ་དང་རྩོད་གཞི་རྩ་བ་ནས་ཐག་གཅོད་པར་འཚོལ་ཞིབ་བཅས་བྱེད་དགོས། གྱོད་གཞི་གང་ཡིན་པར་གནད་ཁེལ་གྱིས་དམིགས་པ་དང་། དངོས་ཡོད་ཀྱི་གནས་ཚུལ་ལ་ཟུང་འབྲེལ་བྱེད་པ། གྱོད་དོན་མང་པོ་དང་འབྲེལ་བའི་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་གི་ཐུན་མོང་ངོས་ཟིན་གོང་བུར་བསྒྲིལ་བར་རོགས་རམ་བྱེད་པ་བཅས་ཀྱིས། ཕྱོགས་གཉིས་ཀྱི་འགལ་བ་དང་རྩོད་གཞི་ཞི་ལྷོད་དུ་བཏང་ཚེ། ད་གཟོད་གྱོད་དོན་དངོས་གནས་མཇུག་བསྒྲིལ་ཐུབ་པ་རེད། དར་ལག་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས། གྱོད་གཞི་རེ་བདག་སྤྲོད་བྱེད་པར“ཁེངས་སྐྱུང་དང་གཟབ་ནན།    སེམས་དཀར” “རྡུང་རྡེག་དང་བཅོས་སྐྱོང་མཉམ་སྤྱོད”ཀྱི་ཁྲིམས་འཛིན་འདུ་ཤེས་བཟུང་ཡོད། “ཁྲིམས་ཀྱིས་གནས་ལུགས་བཤད་པ་དང་ཏང་ཨུས་འདུམ་འགྲིག་བྱེད་པ།  དཔང་ཉན་ཡོངས་བསྒྲགས་བྱེད་པ” བཅས་ཀྱི་བྱེད་ཐབས་རྒྱུན་འཁྱོངས་བྱས་ཏེ། ཁྱིམ་མཚེས་བར་གྱི་རྩོད་གཞི་ལས་བྱུང་བའི་ཉེས་དོན་དང་གྱོད་གཞི་ཡང་མོའི་རིགས་ལ་ཁྲིམས་ལྟར་ཉུང་འཛིན་ཉུང་གཏུག་བྱེད་པའི་ཉེས་དོན་ཁྲིམས་འཛིན་གྱི་སྲིད་ཇུས་སྤེལ་བཞིན་ཡོད་ལ།  “གྱོད་གཞི་སྒྲུབ་པ་དང་རྫི་བདག་གིས་འདུམ་འགྲིག”བྱེད་པ།  “ཞིབ་དཔྱོད་དཔོན་དང་འདུམ་འགྲིག་པ་འབྲེལ་མཐུད”བྱེད་པར་བརྟེན་ནས་ཚད་ངེས་ཅན་ཞིག་གི་ཐོག་ནས་འགལ་བ་ཞི་བ་དང་རྩོད་གཞི་འགོག་པར་འབད་ཀྱིན་ཡོད།

2022ལོའི་ཟླ1པར། དར་ལག་རྫོང་སྨར་འབྲིང་ཡུལ་ཚོ་རུ་འཚོ་བ་རོལ་བའི་སྐལ་ཆེ་གེ་མོ་དང་རྡོ་ཆེ་གེ་མོ་གཉིས་ཀྱིས། དུས་ཡུན་རིང་པོར་རྩྭ་ས་རྩོད་གླེང་བྱས་མཐར་རྡུང་རེས་བརྒྱབ་པ་རེད། གསལ་འབྱེད་བྱས་པ་བརྒྱུད། རྡོ་ཆེ་གེ་མོར་རྨས་སྐྱོན་ཡང་མོ་རིམ་པ་གཉིས་པ་ཕོག་པ་དང་། བློ་ཆེ་གེ་མོར་རྨས་སྐྱོན་ཡང་མོ་ཕོག  “བདེན་དཔང་ཡང་དག་པས། བསམ་བཞིན་དུ་མིར་གནོད་འཚེ་བཏང་བའི་བྱས་ཉེས་བསགས་པ་རེད། ཁྲིམས་དང་འགལ་ལ་གནད་དོན་ཡང་ཐག་བཅད་མེད།  དེ་ལྟར་བྱེད་དགོས་དོན་ཡོད་དམ།” ཁྲིམས་སྦྱོར་ཞིབ་བཤེར་བྱེད་སྐབས།  གྱོད་གཞི་དེ་འགན་སྒྲུབ་བྱེད་པའི་ཞིབ་དཔྱོད་དཔོན་གཞོན་པ་ཆོས་ཉིད་སྒྲོལ་མར་ཕངས་སེམས་སྐྱེས་པ་དང་མཉམ་དུ།  ཕྱོགས་གཉིས་ཇི་ལྟར་འདུམ་འགྲིག་ཡོང་བ་དང་འགལ་བ་རྩ་བ་ནས་ཞི་བར་བསམ་བློ་གཏོང་བཞིན་འདུག

“རྡུང་རེས་བྱས་ནས་རྩྭ་སའི་གནད་དོན་ཐག་བཅད་སོང་ངམ། ལོ་འགར་བཙོན་བཀག་བྱས་ནས་ཕྱིར་བུད་རྗེས་མུ་མཐུད་དུ་རྒྱག་རེས་བྱེད་འདོད་དམ།”“ཁྱོད་ཀྱིས་མི་གཞན་ལ་གནོད་འཚེ་བཏང་བས་སྐྱིན་ཚབ་འཇལ་དགོས།”“ལྷག་བསམ་དཀར་པོས་ཕ་རོལ་བར་དགོངས་དག་ཞུས་ནས་གུ་ཡངས་ཐོབ་པ་དང་། ཁྲིམས་ཆད་ཡང་མོ་གཅོད་རྒྱུ་བརྩོན་ལེན་བྱེད་དགོས། འགལ་བ་འུ་ཚོས་མཉམ་དུ་ཐག་གཅོད་དགོས།”ཞིབ་དཔྱོད་ཁང་གི་ཕྱོགས་ནས། ཆོས་ཉིད་སྒྲོལ་མས་བློ་ཆེ་གེ་མོ་ཚང་ལ་ཁ་ཏ་སློབ་གསོ་བཏང་བ་དང་། སྨར་འབྲིང་ཡུལ་ཚོ་ནས་ཆོས་ཉིད་སྒྲོལ་མས་ས་གནས་ཀྱི་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་བརྒྱུད་དེ།  རྡོ་ཆེ་གེ་མོ་ཚང་ལ་ཐེངས་མང་པོར་སོང་ནས་འདུམ་འགྲིག་དང་ཁྲིམས་ལྟར་གནས་ལུགས་བཤད།

ཟླ་གཉིས་ལྷག་གི་རིང་ལ་འབད་པ་བྱས་མཐར་ཕྱོགས་གཉིས་འདུམ་འགྲིག་བྱུང་བ་རེད། ཆོས་ཉིད་སྒྲོལ་མས་དམངས་ཆེན་འཐུས་མི་དང་དཔང་ཉན་པ། མི་དམངས་ལྟ་རྟོག་པ། མྱུལ་ཞིབ་པ། ལས་རེས་ཁྲིམས་རྩོད་པ། སྡེ་བ་དང་ཧྲེ་ཡི་མགོ་བ་བཅས་གདན་དྲངས་ནས་ཞིབ་དཔྱོད་ཁང་དུ་དཔང་ཉན་གྲོས་ཚོགས་འཚོགས།  གྱོད་གཞིའི་གནས་ཚུལ་གསལ་པོར་བྱས་པ་དང་ཡིན་མིན་གསལ་འབྱེད་བྱས་མཐར། དཔང་ཉན་པ་ཚོས་ཕྱོགས་མང་པོའི་བསམ་འཆར་ལ་ཉན་རྗེས། ཞིབ་དཔྱོད་ཁང་གིས་སྐལ་ཆེ་གེ་མོ་ཁྲིམས་སྦྱོར་མི་བྱེད་པའི་ཐག་གཅོད་ལ་འཐད་པ་བྱུང་། གྱོད་གཞི་ཐག་བཅད་པ་ཙམ་ལས་འགལ་བ་རྩ་བ་ནས་སེལ་བའི་ངེས་པ་མེད། ཚོགས་འདུ་གྲོལ་རྗེས། ཆོས་ཉིད་སྒྲོལ་མས་སྨར་འབྲིང་ཡུལ་ཚོའི་མི་དམངས་འདུམ་འགྲིག་པར་མཉམ་འབྲེལ་བྱས་ཏེ། ཡུལ་དངོས་སུ་འདྲི་རྩད་བྱས་པ་བརྒྱུད། རྩྭ་ས་རྩོད་པའི་འབྱུང་ཁུངས་གསེད་འགྲོལ་དང་། འགལ་བ་ཐག་གཅོད་པའི་གྲོས་གཞི་གཏན་འབེབས་བྱས།

ཡུལ་ཚོ་སྲིད་གཞུང་གི་རྒྱབ་སྐྱོར་ལ་བརྟེན་ནས་རྩྭ་སའི་དབྱེ་མཚམས་གསལ་འབྱེད་བྱས་ཏེ། ལོ་བཅུ་ཕྲག་ཁ་ཤས་ཀྱི་དགྲ་ཟླ་གཉིས་ཀྱིས་ཕན་ཚུན་ལ་ཁ་བཏགས་འཐེན་ཞིང་ལག་འཇུ་བྱས་ཏེ་འགྲིག་མཐུན་བྱུང་དུ་བཅུག

2022ལོར། དར་ལག་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་གྱོད་གཞི་ཡང་མོའི་ཁྱབ་ཁོངས་སུ། མི་འཛིན་བཟུང་མི་བྱེད་པའི་ཚད39%དང་། གཏུག་བཤེར་མི་བྱེད་པའི་ཚད23.41%ཡིན་ལ།  “ཞིབ་དཔྱོད་དཔོན་དང་འདུམ་འགྲིག་པ་འབྲེལ་མཐུད”བྱས་ཏེ་འགལ་བ་ཞི་བ་དང་འཁྲུག་རྩོད་བཀག་པ་བརྒྱུད། སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་ཐོབ། གྱོད་གཞི་སྒྲུབ་པའི་ཁྲོད་སྔ་མོ་ནས་འཛིན་པ་དང་ཆུང་ས་ནས་འཛིན་པ། འབྱུང་ཁུངས་ནས་འཛིན་པ།  “ཁྲིམས་མདུད”གྲོལ་བ་དང“སེམས་མདུད”བཤིག་སྟེ།  མང་ཚོགས་ཀྱི“གྱོད་གཞི་ཆུང་ཆུང”དེ་སྤྱི་ཚོགས་ཀྱི་འབྲེལ་བར་སྐྱོན་ཤོར་བ་ཞིག་གསོ་བྱེད་པའི“གྱོད་གཞི་ཆེན་པོ”རུ་བསྒྲུབས།

“གལ་ཏེ་སྔོན་ཆད་ཀྱི‘ཧྥིན་ཆའོ་ཉམས་མྱོང’ནི་འགལ་བ་གོང་རིམ་དུ་མི་སྤྲོད་པར་ས་གནས་སུ་ཐག་བཅད་པ་ཡིན་ཕྱིན། དེ་ནི་ཕྱོགས་བསྡུས་བཅོས་སྐྱོང་དང་སྤྱི་ཚོགས་དང་གྲོང་ཁྱེར་གྱི་ཁྱབ་ཁོངས་བཅོས་སྐྱོང་བྱེད་པ་སོགས་ཀྱི་གོ་རིམ་བརྒྱུད་རྗེས།  ‘ཧྥིན་ཆའོ་ཉམས་མྱོང’ནི་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་དུས་རབས་གསར་པའི་བདེ་འཇགས་གསར་སྐྲུན་གྱི་བརྟན་འཇགས་སྲུང་ཡོལ་དུ་གྱུར་ཡོད་པས།”སྐལ་བཟང་རྡོ་རྗེ་ཡིས་དུས་རབས་གསར་པའི‘ཧྥིན་ཆའོ་ཉམས་མྱོང’ལ་གོ་བ་ཟབ་མོ་བླངས་ཡོད།“རྒྱལ་ཡོངས་ཀྱི་དུས་རབས་གསར་པའི‘ཧྥིན་ཆའོ་ཉམས་མྱོང’གི་སྔོན་ཐོན་དཔེ་མཚོན”གྱི་དམིགས་བསལ་གཟི་བརྗིད་འདི་ཐོབ་པ་གླེང་ཚེ། སྐལ་བཟང་རྡོ་རྗེ་ཡིས“ལྗིད་ཏིག་ཏིག་གི་གཟི་བརྗིད་འདི་ནི་ང་ཚོའི་འདས་སོང་གི་བྱ་བར་ཁས་ལེན་དང་རྗེས་ཕྱོགས་ཀྱི་བྱ་བར་སྐུལ་ལྕག་བྱས་པ་རེད”ཅེས་བཤད་བྱུང་།

སྐལ་བཟང་རྡོ་རྗེ་ཡིས་གསར་འགོད་པར་བཤད་རྒྱུར། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོང་བ་དང་བསྟུན་ནས། འགལ་བ་དང་རྩོད་གཞི་ལས་བྱུང་བའི་གྱོད་གཞི་ཡང་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ཁྱད་པར་དུ་རིག་གནས་ཆུ་ཚད་ཅུང་ཞན་པ་དང་ཁྲིམས་སྐྱོང་འདུ་ཤེས་ཅུང་དམའ་བའི་འབྲོག་ཁུལ་དུ་ཇེ་མང་དུ་འགྲོ་བཞིན་ཡོད། དེར་བརྟེན། དར་ལག་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་བྱ་བའི་རྐྱེན་སྲོལ་འཐུས་ཚང་དང་ཁ་གསབ་བྱེད་མགོ་བརྩམས་པ་དང་།  དཔེར་ན་གསང་བ་དང་ནར་སོན་མེད་པ་དང་འབྲེལ་བ་མེད་པའི་དཔང་ཉན་གྲོས་ཚོགས་ཡིན་ན། ཡུལ་དངོས་སུ་ཐད་གཏོང་བྱས་ཏེ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས། དེས་མང་ཚོགས་ཀྱི་ལྟ་རྟོག་དང་ལེན་བྱས་ཏེ་ཁྲིམས་འཛིན་གྱི་དྲང་གཞག་མངོན་པར་བྱས་པ་དང་ཆབས་ཅིག ཁྲིམས་ཁྱབ་དྲིལ་སྒྲོག་དང་ཉེན་བརྡའི་ནུས་པ་ཐོན་ཡོད།  ཁྲིམས་རྩོད་པ་གདན་དྲངས་ནས་འདུམ་འགྲིག་ཁྲོད་ཞུགས་པ་དང་། ཞིང་སྡེའི་འདུམ་འགྲིག་པ་བཅའ་ཁྲིམས་ཤེས་བྱའི་ཆེད་ལས་མིན་པ་དང་ཞིབ་དཔྱོད་དཔོན་གྱིས་འདུམ་འགྲིག་ཁྲོད་མི་འདོད་པའི་བསམ་ཚུལ་འབྱུང་སླ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་དུ་བཅུག  “དཔང་ཉན་གྲོས་ཚོགས་སུ་ཞུགས་པར”ཤུགས་སྣོན་དང་། བྱ་བ་སྒྲུབ་སྟངས་དེ“བསྒུགས་ནས་སྡོད་པ”ནས“ཁྱིམ་དུ་འགྲོ་བར”བསྒྱུར་ཏེ།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་བདེ་འཇགས་འཛུགས་སྐྲུན་ཁྲོད་བརྩེ་བ་ལྡན་པའི“ཞིབ་དཔྱོད་དཔོན”ཞིག་བསྣན་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།