
—མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་གཏམ་རྒྱུད་ལས་ཁག་བཞི་པ།

ཁྲེན་ལེ་ཡིས་སློབ་མ་རྣམས་ཀྱི་རི་མོའི་བརྩམས་ཆོས་ལ་ལྟ་བཞིན་པ།
ཉེ་ལམ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་སློབ་ཆུང་གི་ལོ་རིམ་གཉིས་པའི་འཛིན་གྲྭ་གསུམ་པའི་སློབ་ཁང་ནང་དུ། ཧྲན་ཏུང་ལིའོ་ཁྲེང་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་དུ་ཡོང་བའི་དགེ་རྒན་ཁྲིན་ལེ་ཡིས་ཤེལ་དམ་ཡར་ལ་བཀྱགས་ཏེ། སྐོམ་ཆུ་དལ་གྱིས་དམ་བུའི་ནང་ལ་བླུགས་ཤིང་འབྲུ་རྡོག་སྤར་མོ་གང་དེའི་ནང་དུ་བཏབ།
དམ་བུའི་ཁ་ཐུར་མས་བརྡར་ནས་འདར་བར་བྱས་པ་ན། འབྲུ་རྡོག་གློ་བུར་དུ་མཆོང་ལྡིང་བྱས་ཤིང་ཞབས་བྲོ་མཁན་ཞིག་དང་འདྲ་བར། ལ་ལ་སྐོར་བ་རྒྱག་པ་དང་། ལ་ལ་ཡར་ལྡིང་མར་ལྡིང་བྱེད། ཡང་ལ་ལ་ཕན་ཚུན་ལ་གདོང་ཐུག་བརྒྱབ་པས། སློབ་གྲོགས་ཚོའི་གདོང་ལ་མཚར་སྣང་གི་ཁེངས་ཤིང་དང་། སློབ་མ་བྱམས་པ་བཀྲ་ཤིས་ཀྱིས་མིག་གཉིས་ཆེས་ཆེར་བགྲད་དེ་ཤེལ་དམ་ལ་ལྟ་བཞིན“ཡ་མཚན། འབྲུ་རྡོག་གིས་བྲོ་འཁྲབ་བྱུང”ཟེར།
“འབྲུ་རྡོག་མཆོང་ལྡིང་བྱེད་པ་ནི་སྐོམ་ཆུའི་ཁྲོད་ཀྱི་དབྱང་གཉིས་ཐཱན་རྫས་ཀྱི་ཝུ་བས་འབྲུ་རྡོག་ཡར་བཀྱགས་པས་ཡིན་ལ། ཝུ་བ་རེ་རེ་བཀད་རྗེས། འཐེན་ཤུགས་ཀྱི་དབང་གིས་འབྲུ་རྡོག་མར་བབས་པ་དང་། དེ་ལྟར་བསྐྱར་ཟློས་བྱས་པས་བྲོ་འཁྲབ་པའི་སྣང་ཚུལ་བྱུང་བ་རེད།” བྱིས་པ་རྣམས་ཀྱི་སྤྲོ་དགའི་རྣམ་པ་མཐོང་རྗེས། ཁྲིན་ལེ་དགོད་ཞོར་དུ་བཤད་རྒྱུར། “དངོས་མྱོང་རྣམ་པའི”ཉམས་ཞིབ་སློབ་ཁྲིད་ཀྱིས་སྤྱི་མཚན་གྱི་ཚན་རིག་གི་རྩ་བའི་རིག་པ་མངོན་སུམ་དུ་སྟོན་ཐུབ་པར་མ་ཟད། རོལ་རྩེད་ཀྱང་རྩེ་ཆོག་ལ་བསམ་བློ་ཡང་བཏང་ཆོག་པ་བཅས་ཀྱི་ནར་སོན་གྱི་འཚོ་བཅུད་དུ་བསྒྱུར་ཐུབ་ཟེར།
ཁོད་ཡངས་པའི་ཀྲུང་གོའི་ས་གཞིའི་སྟེང་། ཧྲན་ཏུང་དང་མཚོ་སྔོན་བར་ལེ་བར་ཁྲི་ཕྲག་གིས་བཅད་ཡོད་ཀྱང་། ཤར་ནུབ་རྒྱུད་མཐུན་སྦྱོར་གྱི་སྦྲེལ་ཐག་གིས་དམ་པོར་སྦྲེལ་ཡོད། 2024ལོའི་ཟླ8པར། ཁྲིན་ལེ་ཡིས་རྒྱལ་ཁབ་ཀྱི“ཚོགས་སྒྲིག་རྣམ་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི”འབོད་སྐུལ་དང་དུ་བླངས་ཏེ། མཚོ་བྱང་ཁུལ་རྐང་ཚ་རྫོང་ལ་སློབ་ཁྲིད་རོགས་སྐྱོར་བྱེད་དུ་ཡོང་བ་དང་། རྐང་ཚ་རྫོང་སློབ་ཆུང་གི་ལོ་རིམ་དང་པོ་དང་གཉིས་པའི་འཛིན་གྲྭ་དྲུག་གི་ཚན་རིག་བསླབ་ཚན་ཁྲིད་པའི་འགན་ཁུར་ཡོད།
ཐོག་མར་མཚོ་སྔོན་ལ་ཐོན་དུས། མཐོ་སྒང་གི་རྫ་དུག་གིས་ཁྲེན་ལེ་ལ་འཇིགས་སྐྲག་ཆེན་པོ་སྐྱེས་སུ་བཅུག་པ་སྟེ། མགོ་ན་བ་དང་གཉིད་མི་ཡོང་བ། སྐྱི་ལྤགས་སྐམ་པ་སོགས་ཀྱི་སྣང་ཚུལ་རེ་རེ་ཡིས་ཁོའི་ཆོད་སེམས་ལ་ཉམས་སད་བྱས་མོད། ཡིན་ཡང་། ཁོས་དཀའ་ཁག་འདི་དག་གཏན་ནས་མགོ་མ་སྒུར། ཁྲིན་ལེ་ཡིས་སློབ་གསོའི་ལས་དོན་ལ་བརྩེ་བ་ཟབ་མོ་བཅངས་ཤིང་། རང་གི་ལུས་པོ་བདེ་ཐང་དང་སེམས་ཁམས་སྙོམས་སྒྲིག་བྱས་ནས་བྱ་བ་གསར་པའི་ཁྲོད་དུ་ཞུགས།

ཁྲེན་ལེ་ཡིས་སློབ་མ་རྣམས་ལ་ཚན་རིག་སྐོར་གྱི་ཤེས་བྱ་ཁྲིད་པ།
ས་གནས་འདིའི་སློབ་གསོའི་ཐོན་ཁུངས་ལྟོས་བཅས་ཀྱིས་ཞན་པའི་དབང་གིས་སློབ་མའི་རྨང་གཞི་ཡང་དོ་མཉམ་མ་རེད། སློབ་མ་རེ་རེ་སློབ་ཁྲིད་མྱུར་ཚད་ཀྱི་རྗེས་ཆོད་པའི་ཆེད་དུ། ཁྲིན་ལེ་ཡིས་སློབ་མའི་དངོས་ཡོད་གནས་ཚུལ་གཞིར་བཟུང་ནས། སེམས་ཞིབ་མོས་སློབ་ཁྲིད་འཆར་གཞི་བཟོས། རྨང་གཞི་ཅུང་ཞན་པའི་སློབ་མར་དམིགས་ཏེ། ཁོས་སློབ་གསེང་སྐབས་ཀྱི་དུས་ཚོད་བེད་སྤྱད་ནས་སེམས་རྣལ་མོས་ཟུར་ཁྲིད་བྱས་པ་དང་། ཆེས་རྨང་གཞིའི་ཤེས་བྱ་གནད་དུ་བཟུང་སྟེ་སློབ་ཁྲིད་བྱས་ནས་ཁོ་ཚོའི་སློབ་སྦྱོང་གི་རྨང་གཞི་ཇེ་བརྟན་དུ་བཏང་། སློབ་སྦྱོང་གི་ནུས་པ་ཅུང་མཐོ་བའི་སློབ་མར་རྒྱ་བསྐྱེད་རང་བཞིན་གྱི་སློབ་སྦྱོང་གི་རྒྱུ་ཆ་མཁོ་འདོན་བྱས་ཏེ། ཁོ་ཚོའི་སློབ་སྦྱོང་གི་སྦས་ཤུགས་སྐུལ་སྤེལ་བྱས།
ཁྲིན་ལེ་ཡིས་བཤད་རྒྱུར། “མི་ལ་ལས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་ནི་བྱས་རྗེས་བཞག་པ་རེད་ཟེར་མོད། འོན་ཀྱང་ང་ལ་མཚོན་ན་ཐོབ་བྱ་ཞིག་རེད། ངས་བྱིས་པ་རྣམས་ཀྱིས་ཚན་རིག་ཚོད་ལྟའི་ཁྲོད་མཉམ་ལས་དང་འཚོལ་ཞིབ་བྱེད་ཤེས་པ་མཐོང་ཞིང་། འབྲོག་ཁུལ་གྱི་ཁྱིམ་བདག་དག་གིས་རྒྱ་སྐད་ཀྱིས‘བཀའ་དྲིན་ཆེ’ཟེར་བ་ཐོས་པ་དང་། དགེ་རྒན་གྱི་དཔུང་སྡེ‘གསར་ཞུགས་པ’ནས‘རྐང་འཛིན་པར’གྱུར་པ་ཚོར་སྐབས། ལོ་གཅིག་གི་འབད་བརྩོན་བརྒྱུད་དེ་ཕན་ཚུན་གྱི་ཚེ་སྲོག་གི་གཤིན་སར་སྔ་མོ་ནས་རེ་བའི་ས་བོན་བཏབ་ཡོད་པ་གསལ་བོར་ཤེས་བྱུང་། ” སློབ་གསོའི་རོགས་སྐྱོར་ནི་ཕྱོགས་གཅིག་གི་འབད་པ་ཙམ་མ་ཡིན་པར། རིག་གནས་ཀྱི་མཉམ་འདྲེས་དང་ནང་སེམས་ཀྱི་མཉམ་འདྲེས་རེད་ཟེར།
རྐང་ཚ་རྫོང་གི2025ལོའི་ཆུང་འབྲིང་སློབ་གྲྭའི་དགེ་སློབ་ཚོས“བསྟན་བཅོས་ཁྲོད་ཀྱི་ཀྲུང་ཧྭའི་གཟི་འོད”ཅེས་པའི་གྱེར་འདོན་འགྲན་སྡུར་ཁྲོད། ཁྲིན་ལེ་ཡིས《དགེ་རྒན་གྱི་མཚན་བྱང》ཞེས་པའི་སྙན་ངག་ཅིག་བརྩེ་བ་ཟབ་མོས་གྱེར་འདོན་བྱས་པ་སྟེ། “དགེ་རྒན་གྱི་མཚན་བྱང་ཞེས་པ་ནི་རྣམ་དག་གི་སེམས་པས་རྒྱུད་ན་ཡོད་པའི་ཤེས་བྱ་གཅིག་ཀྱང་མ་ལུས་པར་སློབ་མའི་བློ་ལ་འཇོག་པ་དེ་ཡིན་ལ། དབུ་སྐྲ་དཀར་པོར་གྱུར་ཀྱང་ཉིན་མཚན་དབྱེར་མེད་དུ་བརྩེ་བ་ཡོད་ཚད་སློབ་མའི་ཆེད་དུ་འབུལ་རྒྱུ་ཡིན”ཞེས་སྙན་ཚིག་ཁྲོད་བྲིས་པ་ནང་བཞིན། ཁོས་བརྩེ་བ་དང་བློ་གྲོས་ཀྱིས་མཐོ་སྒང་གི་སྐལ་བཟང་མེ་ཏོག་རབ་ཏུ་བཞད་པར་བྱས་ལ། ཆོད་སེམས་བརྟན་པོས་དུས་རབས་གསར་པའི་སློབ་གསོས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མཚར་སྡུག་གི་ལེའུ་འབྲི་བཞིན་འདུག
སློབ་ཁྲིད་སྐབས་སུ། ཁྲིན་ལེ་ཡིས་བྱིས་པ་ཚོ་ཁྲིད་དེ་ཚན་རིག་གི་གསང་བ་འཚོལ་ཞིབ་བྱེད་བཞིན་ཡོད་ལ། ཚན་རིག་གི་རྩ་བའི་རིག་པ་གསོན་ཉམས་ལྡན་ཞིང་དངོས་སུ་ཚོར་ཐུབ་པ་ཞིག་ཏུ་བསྒྱུར་བ་དང་། དེ་བས་ཀྱང་སློབ་མ་རེ་རེར“ལག་ལེན་ལས་བདེན་དོན་རྙེད་པའི”ཚན་རིག་གི་ཤེས་བྱ་སྦྱིན་ཅི་ཐུབ་བྱེད་ཀྱིན་ཡོད། སློབ་གསེང་གི་སྐབས་སུ། ཁོས་རང་འགུལ་གྱིས་ཚན་རིག་ཚན་ཆུང་བགོས་ནས་སློབ་ཞིབ་བྱ་འགུལ་སྤེལ་ཏེ། ཐུན་མོང་གིས་སློབ་ཁྲིད་ལ་གྲ་སྒྲིག་བྱེད་པ་དང་། དཔེ་སྟོན་སློབ་ཁྲིད་སོགས་བརྒྱུད་དེ་ས་གནས་དགེ་རྒན་གྱི་སློབ་ཁྲིད་ཆུ་ཚད་མཐོར་འདེགས་བཏང་། ཚོད་ལྟ་ཁང་གི་མི་འདང་སར་དམིགས་ནས། ཁོས་ཚོགས་པའི་སྣེ་ཁྲིད་དེ་སྒྲིག་ཆས་ཀྱི་རྩིས་བཤེར་ཨང་འགོད་དང་ཚོད་ལྟའི་དཀར་ཆག་སྒྲིག་བཟོ། “ཚན་རིག་གི་བར་ཁྱམས”བསྐྲུན་པ་སོགས་ཀྱི་འོས་འགན་ལེགས་འགྲུབ་བྱས།
མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལོ་གཅིག་གི་དུས་ཚོད་ནི་ཐོག་མའི་སེམས་འདུན་ལ་ཉམས་ལེན་བྱེད་པའི་བསམ་བློའི་ཞབས་ཁྲུས་ཐེངས་གཅིག་ཡིན་ལ། མཐོ་སྒང་གི་བྱིས་པ་ཚོ་དང་མཉམ་དུ་ནར་སོན་པའི་ཚེ་སྲོག་གི་འགྲུལ་བཞུད་ཐེངས་གཅིག་ཀྱང་རེད། ཁྲིན་ལེ་ཡིས་བཤད་རྒྱུར“སེམས་སུ་འོད་སྣང་ཡོད་ཚེ། སྤྱིར་བཏང་གི་སློབ་ཐུན་རེ་རེ་ཡང་ཕུགས་བསམ་གསོ་བའི་ཞིང་ས་རུ་འགྱུར་ཐུབ། ང་རང་སློབ་གསོའི‘འོད་སྣང་འཚོལ་མཁན’ཞིག་བྱེད་འདོད་དེ། དགོས་མཁོ་ཡོད་སའི་ལས་གནས་སུ་རང་གི་ནུས་པ་ཅི་ཡོད་བཏོན་ནས་རེ་བའི་མེ་ཏོག་བཞད་པར་སྒུག་ཡོད་ལ། རི་ཆུ་སྟོང་ཕྲག་བརྒལ་བའི་བརྩེ་བ་ཡིས་མ་འོངས་པའི་སྐར་ཆེན་རེ་རེ་འཆར་བའི་རེ་བ་བཅངས་ཡོད”ཟེར།