གཅིག རོ་ཚ་སྐྱུར་ལན་ཚའི་ཟས་རིགས་བསྟེན་དྲགས་པ་ལས་གློ་ནད་སློང་སྲིད་པས་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་གོང་གི་རོ་ཤས་ཆེ་བའི་ཟས་རིགས་དག་ལ་ཅུང་འཛེམ་དགོས།
གཉིས། སྦགས་བཙོག་བཟོས་པའི་ཁོར་ཡུག་དང་དུ་བའི་ཁྲོད་དུ་ཡུན་རིང་དུ་བསྡད་པ་ལས་གློ་བའི་ནད་འབྱུང་སྲིད་པས། མི་་གཙང་བའི་ཁོར་ཡུག་ཏུ་ཡུན་རིང་དུ་སྡོད་མི་རུང་།
གསུམ། ནམ་རྒྱུན་གྱི་འཚོ་བའི་ཁྲོད་གློ་ཁམས་གསོ་ཕྱིར་ཁང་པའི་དཀར་ཁུང་སོགས་དུས་ལྟར་ཕྱེ་ནས་ཁང་པའི་ནང་གི་ཁ་དབུགས་ཇེ་ལེགས་སུ་གཏོང་རྒྱུ་ཤིན་ཏུ་གལ་ཆེ།
བཞི། དུ་བ་འཐེན་པ་ལས་གློ་ནད་འབྱུང་བ་ནི་མིག་མཐོང་ལག་ཟིན་ཡིན་པས་དུ་བ་འཐེན་མི་རུང་།
ལྔ། མཐོ་སྒང་སོགས་དབྱང་དབུགས་ཉུང་བའི་གནས་སུ་ཡུན་རིང་དུ་བསྡད་ན་གློ་ནད་འབྱུང་སྲིད་པས། དབྱང་དབུགས་ཉུང་བའི་གནས་སུ་ཡུན་རིང་དུ་སྡོད་མི་རུང་།
དྲུག དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་ཆུ་ཁོལ་མང་དུ་འཐུང་ནས་རྩོལ་བཅག་རན་ཙམ་བྱས་ན་གློ་ནད་སྔོན་འགོག་གི་ནུས་པ་ཆེས་ཆེར་ཐོན་ངེས།
བདུན། དགུན་དུས་ནི་གློ་ནད་ལྡང་བའི་དུས་ཚིགས་ཡིན་གཙོ་བོ་ཡིན་པས་ཁ་ཟས་སུ་རྒུན་འབྲུམ་དང་སེ་འབྲུ། ལ་ཕུག ཚ་ལུ་མ་སོགས་བསྟེན་ན་གློ་ནད་སྔོན་འགོག་གི་ནུས་པ་ཆེས་ཆེར་འདོན་ཐུབ། །
རྩོམ་སྒྲིག་པ། འབྲུག་མོ།