མཚོ་སྔོན་འཇིགས་མེད་བོད་སྨན་ཁང་གི་སྤྱིའི་གནས་ཚུལ་མདོར་བསྡུས།
2017.03.23 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 61

མཚོ་སྔོན་འཇིགས་མེད་བོད་སྨན་ཁང་ནི་ཞིང་ཆེན་འཕྲོད་བསྟེན་ཐིན་གྱིས་ཆོག་མཆན་བཀོད་པ་བརྒྱུད། སྤྱི་ལོ་2009ལོའི་ཟླ 5བའི་ཚེས9ཉིན་དངོས་སུ་བཙུགས་ཤིང་། གཙོ་བོར་སྨན་བཅོས་ལག་རྩལ་དང་ཚན་རིག་ཞིབ་འཇུག ལུས་གསོ་བདེ་སྲུང་བཅས་གཞི་གཅིག་ཏུ་འབྲེལ་བའི་ཕྱོགས་བསྡུས་རང་བཞིན་གྱི་བོད་སྨན་ཁང་ཞིག་ཡིན་ཞིང་། དེ་ནི་རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཆོག་མཆན་བཀོད་པའི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་མི་རིགས་གསོ་རིག་ཆེད་ལས་ཚན་ཁག་འཛུགས་སྐྲུན་བྱེད་པའི་ལས་ཁུངས་གཙོ་བོ་དང་ཞིང་ཆེན་འཕྲོད་བསྟེན་ཐིན་གྱིས་རིམ་པ་གཉིས་པའི་མི་རིགས་སྨན་ཁང་དུ་གཏན་འཁེལ་བྱས་པའི་སྨན་ཁང་། དེ་མིན་ཞིང་ཆེན་དང་གྲོང་ཁྱེར་ལས་བཟོ་བའི་སྨན་བཅོས་དང་ཞིང་སྡེའི་རྣམ་པ་གསར་བའི་མཉམ་ལས་སྨན་བཅོས། མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་ཉེན་ཚབ་ཀྱི་ས་གནས་གཏན་འཁེལ་གྱི་སྨན་ཁང་ཞིག་ཡིན།

388823516351311215.jpg

མཚོ་སྔོན་འཇིགས་མེད་བོད་སྨན་ཁང་དུ་གཅིན་སྙི་ཟ་ཁུའི་ཚན་ཁག་དང་། མཆིན་མཁྲིས་ཚན་ཁག ཀླད་སྙིང་ཚན་ཁག སྨན་ལུམས་ཚན་ཁག དཔྱད་བཅོས་ཚན་ཁག འགྱེད་འཕྲོ་ཚན་ཁག ཞིབ་བཤེར་དང་མཐོ་བརྒལ་སྒྲ་རླབས་ཚན་ཁག་སོགས་ཚན་ཁག་བཅུ་གཉིས་ཙམ་དང་། ནད་པ་འདུག་སའི་ཉལ་ཁྲི300དང་སྨན་བཅོས་མི་སྣ་དགུ་བཅུ་ལྷག་བཅས་ཡོད། སྨན་ཁང་དུ་བོད་ལུགས་གསོ་རིག་གི་སྲོལ་རྒྱུན་གྱི་གསོ་བཅོས་བྱེད་ཐབས་སྣ་ཚོགས་ཏེ། གཏར་ག་དང་མེ་བཙའ། ཏེལ་བ། སྦྱོངས། སྤྲ་གདན། གསེར་ཁབ། ལུམས་སོགས་ཐུན་མོང་མ་ཡིན་པའི་གསོ་བཅོས་བྱེད་ཐབས་སྣ་ཚོགས་རྒྱུན་འཛིན་དང་དར་སྤེལ་བྱེད་པའི་རྨང་གཞིའི་ཐོག དེང་རབས་གསོ་རིག་གི་གསོ་བཅོས་བྱེད་ཐབས་ཀྱང་ཟུང་འབྲེལ་བྱེད་བཞིན་ཡོད།

236760493534706221.jpg

མིག་སྔར་སྨན་ཁང་འདིར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ཐོབ་མཁན་དང་རྒྱལ་ཁབ་རིམ་པའི་བོད་ལུགས་གསོ་རིག་གི་ཆེད་མཁས་པ་གྲགས་ཅན། སྨན་པ་འབུམ་རམས་པ་འཇིགས་མེད་ཕུན་ཚོགས་ལགས་དང་སྨན་པ་འབུམ་རམས་པ་གཞོན་པ་ཚེ་རིང་དོན་འགྲུབ་གཉིས་ཀྱིས་རེས་གཟའ་དང་པོ་ནས་ལྔ་བའི་བར་དུ་གཅིན་སྙི་ཟ་ཁུ་དང་། མཆིན་ཁྲག་གི་དྭངས་མ་མ་ཞུ་བའི་ནད། མཆིན་པའི་སྲིན་སྐྲན། དྲེག་དང་གྲུམ་བུ། ཁྲག་ཤེད་མཐོ་བའི་ནད། མཁྲིས་ཚད། བད་ཁྲག་འཕེལ་བའི་ནད། མཁྲིས་པའི་རྡོ་སྐྲན། ཕོ་རུབ། ཕོ་བའི་སུརྱ། མིད་ཚད། ཕོ་འབྲས། མཆིན་འབྲས། གཤེར་རྨེན་གྱི་འབྲས་ནད་སོགས་གསོ་བཅོས་བྱེད་བཞིན་ཡོད་པར་མ་ཟད། སྤྱི་ལོ2016ལོ་ནས་བཟུང་ཞིང་ཆེན་སྙིང་རྗེ་ཚོགས་པ་དང་མཉམ་འབྲེལ་བྱས་ནས་ལོ་རེར་གཅིན་སྙི་ཟ་ཁུའི་ནད་པ1000ལྷག་ལ་སྨན་རིན་མེད་པར་གསོ་བཅོས་བྱེད་བཞིན་ཡོད།

683641765474697252.jpg

མཚོ་སྔོན་འཇིགས་མེད་བོད་སྨན་ཁང་གིས་ནད་པ་གཙོ་བོར་བཟུང་ནས་སྨན་བཅོས་ཞབས་ཞུ་བྱེད་པ་དང་། སྨན་ཚུལ་བཞིན་བཀོལ་བ། སྨན་རིན་འོས་འཚམས་ལེན་པ། ནད་པར་སྟབས་བདེ་བཟོ་བ། ནད་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་བཅས་ལ་བརྟེན་ནས་རྒྱ་ཆེའི་ནད་པ་རྣམས་ཀྱི་ནད་ཀྱི་སྡུག་བསྔལ་སེལ་ཅི་ཐུབ་བྱེད་བཞིན་ཡོད།

908479509488666374.jpg

སྨན་ཁང་གི་སྡོད་གནས། ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་སྐྱེ་དངོས་ཚན་རྩལ་གླིང་གི་ཅིན་སན་ལམ་གྱི་སྒོ་རྟགས་ཨང་བཅོ་བརྒྱད་པ། སྤྱི་སྤྱོད་རླངས་འཁོར་དང་པོ་དང་། སོ་བཞི་བ། གྱ་བཞི་བ་བཅས་ལ་བསྡད་ནས“ ཞིན་ཡོས་དཔའ་ཡོན། 新乐花园”འབབ་ཚིགས་ནས་བབ་རྗེས་ནུབ་ཕྱོགས་སུ་མུས་ལྔ་བརྒྱའི་མཚམས་སུ་སོང་ན་ཐོན་ཐུབ།།

འབྲེལ་གཏུག་ཁ་པར་ཨང་གྲངས། 0971—5318329དང་ཡང་ན 13007713918ཡིན།  
 

རྩོམ་སྒྲིག་པ། འབྲུག་མོ།