མཚོ་སྔོན་འཇིགས་མེད་བོད་སྨན་ཁང་གི་གློ་སྙིང་ཀླད་རྩའི་ཚན་ཁག་ནི་སྨན་ཁང་འདིའི་ཚན་ཁག་བཅུ་གཉིས་ཁྲོད་ཀྱི་གནད་སའི་ཆེད་བཅོས་ཚན་ཁག་ཅིག་ཡིན་ལ། ཚན་ཁག་འདི་ལ་སྨན་པ་འབུམ་རམས་པ་གཉིས་དང་འབུམ་རམས་པ་གཞོན་པ་གསུམ། སྨན་པ་བཀའ་བཅུ་བ་གཉིས། ནད་གཡོག་པ་དྲུག་བཅས་ལས་བཟོ་བ་བསྡོམས་པས་མི་བཅུ་གསུམ་ཙམ་ཡོད། ཚན་ཁག་འདིའི་འཇིགས་མེད་གསར་གཏོད་ཚད་ལྡན་ནད་ཐོག་ལག་ལེན་གྱིས་ཀླད་སྙིང་ཁྲག་རྩའི་ནད་དང་འབྱིན་རྔུབ་མ་ལག་གི་ནད་ལ་ཕན་བསྐྱེད་ཆེ་ཞིང་། གསོ་བཅོས་མངོན་གསལ་ཅན་དང་དམིགས་བསལ་ཅན་ཡིན་པར་མ་ཟད། ད་དུང་ཚན་ཁག་འདི་ནི་ཀླད་སྙིང་ཁྲག་རྩའི་ནད་ལ་སྔོན་འགོག་དང་གསོ་བཅོས། ཞིབ་འཇུག་བཅས་བྱེད་པའི་ནད་ཐོག་ལག་ལེན་གྱི་ཆེད་ལས་ཚན་ཁག་ཞིག་ཀྱང་ཡིན། མིག་སྔར་འཛམ་གླིང་སྟེང་ཆེས་འབྱུང་ཚད་མཐོ་བའི་ནད་རིགས་ཏེ་ཀླད་སྙིང་ཁྲག་རྩའི་ནད་ལ་འཇིགས་མེད་གསར་གཏོད་ཚད་ལྡན་སྨན་རྫས་ཀྱིས་རྟགས་བཅོས་ལ་རང་སྐྱ་ཐུབ་ལ་དམིགས་གཞི་ངེས་ཅན་དང་ནད་རྗེས་གཅོད་པར་མངོན་གསལ་གྱི་དགེ་མཚན་ལྡན། ཁྱད་པར་དུ་ཚན་ཁག་འདིས་བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་ཁྱད་པར་ཅན་གྱི་གསོ་ཐབས་དང་། བོད་ཕྱིའི་ནད་ཐོག་ཟུང་འབྲེལ་སྒོས་ཀླད་སྙིང་ཁྲག་རྩའི་ནད་དང་འབྱིན་རྔུབ་མ་ལག་གི་ནད་ཀྱི་གསོ་བཅོས་ཐད་ལ་ཕན་བསྐྱེད་ཆེན་པོ་དང་གྲུབ་འབྲས་ཆེན་པོ་བླངས་ཡོད།
ཚན་ཁག་འདིའི་གསོ་བཅོས་ཀྱི་ནང་ཚན་ལ། ཀླད་རྩ་འགགས་ཕྲ། ཀླད་སྐྲན། སྙིང་གཟེར། སྙིང་ནུས་ཉམས་ཞན། ཆུ་སེར་ཀླད་བབས། སྙིང་ཚད། གློ་བ་དབུགས་འཚང་། གློ་བ་སུར་ཡ། གློ་སྐྲན། བྱིས་པའི་ཀླད་ཚད། གློ་ཚད་བཅས་ཡོད།
ཚན་ཁག་འདིའི་ཁྱད་པར་ཅན་གྱི་གསོ་བཅོས་བྱེད་ཐབས་ལ།
༡.ཟས་སྐོམ་གྱི་བཅོས་ཐབས།
༢.སྤྱོད་ལམ་གྱི་བཅོས་ཐབས།
༣.འཇིགས་མེད་གསར་གཏོད་ཆེད་སྨན་གྱི་བཅོས་ཐབས།
༤.འཇིགས་མེད་ཕྱི་བཅོས་ཆེད་མཁས་སྨན་པའི་བཅོས་ཐབས།
༥.འཇིགས་མེད་རིན་ཆེན་སྣ་བདུན་གྱི་བཅོས་ཐབས།
༦.བོད་ཕྱི་ཟུང་འབྲེལ་གྱི་བཅོས་ཐབས་བཅས་ཡོད།
ཚན་ཁག་འདིའི་འབྲེལ་གཏུག་ཁ་པར་ཨང་གྲངས་ནི། 15297195838ཡིན།