མཚོ་སྔོན་འཇིགས་མེད་བོད་སྨན་ཁང་གི་ཕོ་རྒྱུ་དང་མོ་ནད་ཚན་ཁག་གི་གནས་ཚུལ་མདོར་བསྡུས།
2017.03.29 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 77

 མཚོ་སྔོན་འཇིགས་མེད་བོད་སྨན་ཁང་གི་ཕོ་རྒྱུ་དང་མོ་ནད་ཚན་ཁག་ནི་སྨན་ཁང་འདིའི་ཚན་ཁག་ཡོངས་ཀྱི་གནད་སའི་ཆེད་བཅོས་ཚན་ཁག་ཅིག་ཡིན་པར་མ་ཟད། མོ་ནད་ཕྱོགས་ཀྱི་ནད་རིགས་སྣ་ཚོགས་སྔོན་འགོག་དང་གསོ་བཅོས། ཞིབ་འཇུག་བཅས་བྱེད་པའི་ནད་ཐོག་ལག་ལེན་གྱི་ཆེན་ལས་ཚན་ཁག་ཞིག་ཀྱང་ཡིན།  ཚན་ཁག་འདིར་ནད་པ་འདུག་སའི་མལ་ཁྲི་བརྒྱད་ཅུ་ཡོད་ཅིང་། སྨན་པ་འབུམ་རམས་པ་གཉིས། འབུམ་རམས་པ་གཞོན་པ་གསུམ། གཙོ་བཅོས་སྨན་པ་ལྔ། ནད་གཡོག་བདུན་བཅས་ཡོད། ཚན་ཁག་འདིའི་འཇིགས་མེད་གསར་གཏོད་ཚད་ལྡན་ནད་ཐོག་ལག་ལེན་དང་འཇིགས་མེད་གསར་གཏོད་ཚད་ལྡན་སྨན་རྫས་ཀྱིས་ཕོ་རྒྱུ་དང་མོ་ནད་ཕྱོགས་ལ་དམིགས་བསལ་གྱིས་ཕན་བསྐྱེད་ཆེ་ཞིང་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་ཡོད།

  ཚན་ཁག་འདིའི་གསོ་བཅོས་ཀྱི་ནང་ཚན་ལ། རྒྱུ་ཚད་དང་རྒྱུ་རྡོལ། རྒྱུ་འཁྲུ། ཕོ་རུབ། ཕོ་རྡོལ། མགྲིན་ཚད། མགྲིན་རྡོལ། བད་ཀན་སྨུག་པོ། མངལ་སྐྲན། བུད་མེད་ཀྱི་ཟླ་མཚན་མི་སྙོམས་པ། ནུ་མའི་སྐྲན་ནད། མངལ་རྐེད་རྡོལ་བ། བྱིས་པའི་ཕོ་ཚད། བྱིས་པའི་རྒྱུ་ཚད་སོགས་ཡོད་ཅིང་། གསོ་བཅོས་ཀྱི་ཐབས་ལམ་ལ།

༡.ཟས་སྐོམ་གྱི་བཅོས་ཐབས།

༢.སྤྱོད་ལམ་གྱི་བཅོས་ཐབས།

༣.འཇིགས་མེད་གསར་གཏོད་ཆེད་བཅོས་སྨན་རྫས་ཀྱི་བཅོས་ཐབས།

༤.འཇིགས་མེད་ཕྱི་བཅོས་ཆེད་མཁས་སྨན་པའི་བཅོས་ཐབས།

༥.འཇིགས་མེད་གསར་གཏོད་བོད་སྨན་མངལ་སྦྱོངས་ཀྱི་བཅོས་ཐབས།

༦.འཇིགས་མེད་རིན་ཆེན་སྣ་བདུན་གྱི་བཅོས་ཐབས།

༧.བོད་ཕྱི་ཟུང་འབྲེལ་གྱི་བཅོས་ཐབས་བཅས་ཡོད།

ཚན་ཁག་འདིའི་འབྲེལ་གཏུག་ཁ་པར་ཨང་གྲངས་ནི། 15297195838ཡིན།  

 妇科医师.jpg

消化科查房.jpg

0328_4 (1).jpg

རྩོམ་སྒྲིག་པ་དང་གསར་འགོད་པ། འབྲུག་མོ་དང་རྟ་མགྲིན་སྐྱབས།
རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།