ཚན་ཁག་འདིར་ཞིང་ཆེན་ཡོངས་ཀྱི་ཁུལ་དང་ས་གནས་སོ་སོ་ནས་ཡོང་བའི་ལས་འཁྱུར་ངལ་གསོ་བྱས་པའི་སྨན་པ་རྒན་པ་དང་མཐོ་རིམ་གསོ་རིག་སློབ་གླིང་གི་ནད་ཐོག་ཆེད་ལས་སྡེ་ཚན་ནས་མཐར་ཕྱིན་པའི་ཞིབ་འཇུག་སློབ་མ་སོགས་སྨན་པ་ཉམས་མྱོང་ཅན་མང་པོས་རེས་མོས་སྒོས་ནད་ལ་བལྟ་བཞིན་ཡོད།
ཟས་དུག་ཕོག་པའི་རང་བཞིན་གྱི་འཇུ་སྟོབས་ཞན་པ་དང་། དལ་བའི་རང་བཞིན་གྱི་ཕོ་བའི་གཉན་ཚད་དང་ཕོ་བ་སྨུག་པོའི་ནད། དུས་ཐོག་མ་དང་བར་མའི་མིད་པའི་འབྲས། དུས་ཐོག་མ་དང་བར་མའི་ཕོ་འབྲས། མཆིན་ནད་ལྡེམ་བུ་དང་མཆིན་པ་ཚིལ་འགྱུར། མཆིན་པ་སྲ་འགྱུར་དང་མཆིན་པ་སྲ་འགྱུར་ཆུ་བསོག་གི་ནད། དུས་བར་མའི་མཆིན་འབྲས་སོགས་དང་། མཁྲིས་པའི་གཉན་ཚད་དང་མཁྲིས་པ་རྡོ་སྐྲན། མཆིན་པ་དང་མཁྲིས་པའི་རྩ་ལམ་དུ་རྡོ་ཆགས་པ། རྒྱུ་ཚད་དང་རྒྱུ་སོར་བཅུ་གཉིས་སྨུག་པོར་གྱུར་བའི་ནད་སོགས་འཇུ་བྱེད་མ་ལག་གི་ནད་རིགས་སྣ་ཚོགས། ཁྲག་ཤེད་མཐོ་བའི་ནད་དང་ཁྲག་ཚིལ་མཐོ་བ། སྙིང་ནད། མགོ་ན་བ་དང་མགོ་བོའི་ཕྱོགས་ཕྱེད་ན་བ། ཁྲག་རྩའི་རང་བཞིན་གྱི་མགོ་ན་བ། མགོ་ཡུ་འཁོར་བ། གཉིད་ཡལ་བ་དང་རྨི་ལམ་མང་བ། ཀླད་ཁྲག་ཤོར་བ། ཀླད་རྩ་འགགས་པ་སོགས་ཀླད་སྙིང་ཁྲག་རྩའི་ནད་རིགས་སྣ་ཚོགས། གློ་གཅོང་དང་གློ་བའི་དབུགས་སྐྲང་། གློ་སྙིང་གི་ནད་སོགས་དང་། གཅིན་སྙིའི་ནད་དང་མཁལ་སྐྲངས་དང་མཁལ་ཕོར་མཁལ་ཚད། མཁལ་མའི་རྡེའུ་སྐྲན། མཚན་མའི་བྱེད་ལས་འགོག་རྐྱེན་སོགས་དང་། དལ་བའི་རང་བཞིན་གྱི་མོ་ནད་ཀྱི་རིགས་དང་། བུ་སྣོད་ཤ་སྐྲན། མངལ་ལག་ཚ་ནད། བུ་སྣོད་ནང་སྐྱིའི་གཉན་ཚད། དྲེག་ནད་དང་གྲུམ་ནད། སྙིང་རླུང་ཚིགས་བབ། རུས་ཚིགས་གསར་སྐྱེ་དང་རུས་རྒྱུ་འཕར་སྐྱེ་སོགས་གསོ་དཀའ་བའི་ནད་རིགས་སྣ་ཚོགས་ལ། བོད་སྨན་གྱི་སྨན་ལུམས་དང་མེ་བཙའ། སྐམ་ཁབ་སོགས་དང་ཟུང་འབྲེལ་སྒོས་ནད་ཐོག་སྨན་བཅོས་བྱེད་བཞིན་ཡོད་ཅིང་ཕན་འབྲས་མངོན་གསལ་ཡིན།
ཚན་ཁག་འདིའི་འབྲེལ་གཏུག་ཁ་པར་ཨང་གྲངས་ནི། 13639704164ཡིན།
རྩོམ་སྒྲིག་པ་དང་གསར་འགོད་པ། འབྲུག་མོ་དང་རྟ་མགྲིན་སྐྱབས།
རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།