རང་ཞིང་གིས་ཞིང་སྡེའི་སྨན་པའི་ཁ་གསབ་རོགས་སྐྱོབ་ཚད་གཞི་ཇེ་མཐོར་བཏང་བ།
2017.04.19 ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ཀློག་གྲངས། 18

གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། མིག་སྔར། མཚོ་སྔོན་ཞིང་ཆེན་སྨན་བཅོས་བཅོས་སྒྱུར་གཏིང་ཟབ་བྱེད་པའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ལས2017ལོ་ནས་བཟུང་ཞིང་སྡེའི་སྨན་པའི་ཁ་གསབ་རོགས་སྐྱོབ་ཚད་གཞི་གཅིག་གྱུར་གྱིས་སྒོར5000ཡིས་ཇེ་མཐོར་གཏོང་བར་གྲོས་འཆམ་བྱུང་། གྲོས་གཞི་བཏོན་རྗེས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་སྨན་པ་རེའི་སྤྱི་ཁོག་གི་ཁ་གསབ་རོགས་སྐྱོབ་ཆུ་ཚད་སྒོར15000ལ་སླེབས། དེའི་ནང་། ཞིང་སྡེའི་སྨན་པའི་ཁ་གསབ་རོགས་དངུལ་སྒོར13000དང་། ཞིང་སྡེའི་འཕྲོད་བསྟེན་ཁང་གི་ཆུ་གློག་དྲོད་གསུམ་གྱི་ཁ་གསབ་རོགས་དངུལ་སྒོར1000། སྨན་པའི་དཔང་ཡིག་བླངས་ཡོད་པའམ་འབྲིང་རིམ་ཡན་གྱི་བསླབ་གནས་ཡོད་པའི་ཞིང་སྡེའི་སྨན་པར་སྒོར་ས1000གི་ཁ་གསབ་རོགས་དངུལ་སྟེར་བ་བཅས་འདུས།

སྨན་བཅོས་བཅོས་སྒྱུར་བྱས་པའི་ཚུན་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་སྡེའི་སྨན་པའི་དཔུང་སྡེ་འཛུགས་སྐྲུན་དང་། སྡེ་བའི་འཕྲོད་བསྟེན་ཁང་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་རྨང་གཞིའི་ནད་བརྟག་སྒྲིག་ཆས་ལ་ཚད་མཐོན་པོས་མཐོང་ཆེན་བྱས་ནས་ཞིང་སྡེའི་སྨན་པའི་བྱ་བའི་ཁོར་ཡུག་དང་ལས་སྒྲུབ་ཆ་རྐྱེན་ལེགས་སྒྱུར་བྱས། ཞིང་སྡེའི་སྨན་པའི་རྗེས་བཀོད་ནུས་ཤུགས་གསོ་སྐྱོང་ཤུགས་ཚད་རྒྱ་བསྐྱེད་ནས་ལོ་བརྒྱད་ཀྱི་རིན་མེད་གསོ་སྐྱོང་འཆར་གཞི་ལག་བསྟར་བྱས་ཤིང་། ལོ་རེར་ཞིང་སྡེའི་སྨན་པ400རེ་གསོ་སྐྱོང་བྱས། ཞིང་སྡེའི་སྨན་པའི་ཁྲོད་ནས་ཕྱིར་འབུད་པ་དང་རྒན་གསོའི་སྲིད་ཇུས་འཐུས་ཚང་དུ་བཏང་ནས་ལོ60ཡན་གྱི་ལས་གནས་ལས་བུད་པའི་ཞིང་སྡེའི་སྨན་པ་རྒན་པར་ཁ་གསབ་རོགས་དངུལ་བྱིན་ནས་ཁོང་ཚོའི་འཚོ་བར་ཁག་ཐེག་བྱས། བརྒྱུད་ལམ་མང་པོ་སྤྱད་ནས་ཞིང་སྡེའི་སྨན་པའི་སྲིད་གཞུང་གི་ཁ་གསབ་རོགས་དངུལ་མཐོར་འདེགས་བྱས་ཤིང་ཡོང་འབབ་ཆུ་ཚད་ཇེ་མཐོར་བཏང་ནས་རོང་འབྲོག་མང་ཚོགས་ལ་གཞི་རྩའི་སྨན་བཅོས་དང་གཞི་རྩའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུ་འདོན་སྤྲོད་བྱས། སྡོམ་རྩིས་བྱས་པ་ལྟར་ན། མིག་སྔར་མཚོ་སྔོན་ཞིང་ཆེན་ཡོངས་ནས59%ཡི་ཞིང་སྡེའི་སྨན་པར་འབྲིང་རིམ་དང་དེའི་ཡན་གྱི་བསླབ་གནས་ཡོད་པ་དང་། 82%ཀྱི་ཞིང་སྡེའི་སྨན་པར་ལས་སྒྲུབ་ཐོ་འགོད་དཔང་ཡིག་དང་18%ཀྱི་སྨན་པར་སྨན་པའི་དཔང་ཡིག་ཡོད་པ། 95%ཡི་ཞིང་སྡེའི་སྨན་པས་མཁར་གྲོང་སྡོད་དམངས་ཀྱི་རྒན་གསོའི་ཉེན་ཚབ་ལོངས་སྤྱོད་བྱེད་བཞིན་ཡོད་པ་རེད། འདི་ལྟ་བུའི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་པ་དེས། ཞིང་སྡེའི་སྨན་པའི་ཧུར་བརྩོན་རང་བཞིན་ལ་སྐུལ་འདེད་དང་དཔུང་སྡེ་བརྟན་འཇགས་སུ་བཏང་བ་རེད། མིག་སྔར། མཚོ་སྔོན་ཞིང་ཆེན་ཡོངས་ནས་ཞིང་སྡེའི་སྨན་པས་རོང་འབྲོག་ཁུལ་གྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་35%ཡི་སྒོ་བསྟེན་ཞབས་ཞུ་དང་40%ཡི་རྨང་གཞིའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་འགན་ཁུར་ཡོད་པས། རོང་འབྲོག་མང་ཚོགས་ཀྱིནད་ཡང་མོ་སྡེ་བ་ལས་ཕྱིར་འགྲོ་མི་དགོས་པ་དང་རྒྱུན་ལྡན་ནད་རིགས་ཞང་ལས་ཕྱིར་འགྲོ་མི་དགོས་པ། ནད་ལྕི་མོ་རྫོང་ལས་ཕྱིར་འགྲོ་མི་དགོས་པའིདམིགས་འབེན་མངོན་འགྱུར་བྱེད་པར་བྱས་རྗེས་ཆེན་པོ་བཞག་པ་རེད།

ཐེངས་འདིའི་ཚད་གཞི་མཐོར་འདེགས་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིསགཞི་རིམ་གཙོ་བོར་འཛིན་པའིའཕྲོད་བསྟེན་དང་བདེ་ཐང་བྱ་བའི་ཁ་ཕྱོགས་བྱེད་ཐབས་ལག་བསྟར་བྱས་པ་ཡིན་ཞིང་། 2017ལོར་དམངས་ཚིས་ཐད་ཀྱི་དོན་དངོས10ལེགས་པོར་བསྒྲུབ་པའི་བྱ་འགུལ་དངོས་འབེབས་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་ཞིང་སྡེའི་སྨན་པའི་དཔུང་སྡེ་བརྟན་འཇགས་དང་སྐུལ་འདེད་བྱས་ཏེ། སྡེ་བ་རིམ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བྱས་ནས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་སྔར་ལས་སྟབས་བདེ་དང་སྤུས་ལེགས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལོངས་སྤྱོད་བྱེད་ཐུབ་པར་འགན་སྲུང་བྱ་རྒྱུ་ཡིན་པ་རེད། 

རྩོམ་སྒྲིག་པ། འབྲུག་མོ།