མི་རྣམས་ཀྱིས་སྨན་འཐུང་སྐབས་དེའི་འཐུང་སྟངས་དང་འཐུང་ཕྱོགས་ལ་དོ་སྣང་བྱེད་དགོས་པ་ལས། ད་དུང་ཆུའི་དྲོད་ཚད་ཀྱི་ཕྱོགས་ལའང་དོ་སྣང་བྱེད་དགོས་པ་ཡིན། སྨན་འཐུང་དུས་ཆུ་ཁོལ་ཚ་པོས་འཐུང་མི་རུང་བར། སྤྱིར་ཆུའི་དྲོད་ཚད་ཏུའུ་དྲུག་ཅུ་ཡས་མས་ཙམ་ཡིན་ན་ཆོག རྒྱུ་མཚན་ནི་སྨན་རྫས་ལ་ལ་ཆུ་ཁོལ་དང་འཕྲད་ཚེ་དེའི་ཕན་ནུས་ལ་ཤུགས་རྐྱེན་ཐེབས་སྲིད། གཤམ་དུ་སྨན་རྫས་གང་དག་ཆུ་ཁོལ་གྱིས་བསྟེན་མི་རུང་བའི་སྐོར་ཅིག་བཤད།
གཅིག ཆུ་ཁོལ་དང་འཕྲད་ཚེ་སྨན་ནུས་ལ་ཤུགས་རྐྱེན་ཐེབས་སླ་བའི་རིགས་ནི། ཟས་འཇུ་བར་ཕན་པའི་སྨན་རྫས་རྩབས་ཀྱི་(酶)རིགས་དང་རིམས་རྩི་གསོན་པོའི་རིགས་ཏེ། རྒྱུན་སྤྱོད་ཀྱི་ཕོ་བའི་སྤྲི་དཀར་རྩབས་འདྲེས་རྫས་དང(胃蛋白酶合剂)ཧྥུའུ་ཧྥང་ཏེན་ཧྥུན་མའེ་ཁུ་ཧྥུའུ་རུང་ཡེ།(复方淀粉酶口服溶液)ཤན་རྨེན་སྤྲི་དཀར་རྩབས།(胰蛋白酶)ཏོ་མའེ་ཕེན།(多酶片)ཕབས་རྩིའི་སྨན།(酵母片) སོགས་ལྟ་བུ་རེད། འགོག་སྨན་གྱི་རིགས་ཀྱང་ཆུ་ཁོལ་གྱིས་བསྟེན་ན་དེའི་སྨན་ནུས་ལ་ཤུགས་རྐྱེན་བཟོས་ནས་རིམས་ནད་སྔོན་འགོག་གི་ནུས་པ་ཤོར་འགྲོ།
གཉིས། འཚོ་རྒྱུ་བེ་ཧྲིན་སུའུ C དང་བེ་ཧྲིན་སུའུB1། བེ་ཧྲིན་སུའུB2སོགས་ཀྱང་ཆུ་ཁོལ་ཚ་པོ་དང་འཕྲད་ཚེ་སྨན་ནུས་ཤོར་འགྲོ་བ་ཡིན།
གསུམ། སྤྱིན་ཐུམ་སྨན་གྱི་ཕྱི་ཤུན་ནི་སྤྱིན་ཤོག་གིས་བཟོས་པ་ཡིན་པས། ཆུ་ཁོལ་གྱིས་འཐུང་ན་ཕྱི་ཤུན་དེ་མ་ཐག་ཞུ་ནས་སྨན་གྱི་ཕན་ནུས་རང་བཞིན་དང་བདེ་འཇགས་རང་བཞིན་ཤོར་སླ། སྤྱི་ཐུམ་སྨན་དེ་ཁོག་པའི་ནང་མ་ཐོན་གོང་ཕྱི་ཤུན་ཁའི་ནང་དུ་ཞུ་ན་ད་དུང་མིད་པ་དང་མིད་ཐག་ལ་ཤུགས་རྐྱེན་ཐེབས་ནས་སྐྱུག་མེར་ལངས་པ་དང་སྨུག་པོར་འགྱུར་བ་སོགས་མི་བདེ་བའི་རྟགས་འབྱུང་བས། སྤྱིན་ཐུམ་སྨན་དེ་ཆུ་ཁོལ་དྲོད་འཇམ་གྱིས་འཐུང་དགོས།
བཞི། མངར་ཆའི་ལྡེ་ཁུའི་རིགས་ཀྱི་སྨན་རྫས། དཔེར་ན་ལུ་འགོག་མངར་ཆའི་ལྡེ་ཁུ་སོགས་ལྟ་བུའང་ཆུ་ཁོལ་གྱིས་འཐུང་ན་སྨན་ནུས་ཇེ་དམར་གཏོང་བ་ཡིན། དེ་བས་མངར་ཆའི་ལྡེ་ཁུའི་རིགས་ཀྱི་སྨན་འཐུང་སྐབས། ཆུའི་དྲོད་ཚད་ཏུའུ་སོ་བདུན་ལས་བརྒལ་མི་རུང་བར་མ་ཟད་ཆུ་མང་པོ་མ་འཐུང་ན་བཟང་།
ལྔ། ཡལ་སླ་བའི་རང་བཞིན་གྱི་རྩྭ་སྨན་གྱི་རིགས་ཅིན་ཡིན་ཧྭ(金银花)དང་ཁྲེ་ཧུའུ། (柴胡)བྱི་རུག(荆芥) ཟྭ་འདྲ།(藿香) དག་ཅི(薄荷)་སོགས་ཡོད་ཚད་ལ་དྲི་མ་ཡོད་ཅིང་། དྲི་མ་དེ་ཆུ་ཁོལ་དང་འཕྲད་ཚེ་ཡལ་སླ་ལ་སྨན་ནུས་ཀྱང་དེ་དང་བསྟུན་ནས་ཤོར་སླ་བས། རྩྭ་སྨན་གྱི་རིགས་མང་པོའང་ཆུ་དྲོད་འཇམ་དེ་ཏུའུ་གྲངས་བཞི་བཅུ་ནས་དྲུག་ཅུའི་བར་ཡིན་དགོས།
དྲུག ཨ་མོ་ཞི་ལེན།(阿莫西林) ཨ་མོ་ཞི་ལེན་སྨན་རྫས་དེའང་ཆུ་ཁོལ་ཚ་པོས་བསྟེན་མི་རུང་བར་ཆུ་དྲོད་འཇམ་དེ་ཏུའུ་གྲངས་བཞི་བཅུ་མན་ནམ་ཡང་ན་ཆུ་ཁོལ་འཁྱགས་པས་བསྟེན་ན་བཟང་།
གོང་གི་སྨན་སྣ་དེ་དག་གི་ཕན་ནུས་ལ་ཤུགས་རྐྱེན་མི་ཐེབས་པའི་ཆེད་དུ། ཚང་མས་སྨན་འཐུང་སྐབས་ཆུ་ཁོལ་དྲོད་འཇམ་གྱིས་བསྟེན་ན་བཟང་།
ལོ་ཙཱ་བ། འབྲུག་མོ།