རང་ཞིང་གི་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཁོང་གཏོགས་ཀྱིས་ལོ་གསུམ་གྱི་ནང་ཁྱོན་ཡོངས་ནས་དུ་བ་བཀག་སྡོམ་བྱེད་པ་མངོན་འགྱུར་བྱེད་རྒྱུ་རེད།
2017.06.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

2017ལོ་ནས་མགོ་བརྩམས་ཏེ2019ལོའི་ལོ་མཇུག་བར་དུ་རང་ཞིང་གི་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཁོངས་གཏོགས་ཀྱིས་ལོ་གསུམ་གྱི་དུས་ཡུན་ནང་ཁྱོན་ཡོངས་ནས་དུ་བ་བཀག་སྡོམ་བྱེད་པ་མངོན་འགྱུར་བྱེད་རྒྱུ་རེད།

འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་སྲིད་འཛིན་དྲིལ་སྒྲོག་ཁྲུའུ་ཡི་འགན་ཁུར་མི་སྣས་བཤད་རྒྱུར། 2014ལོར་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱིས་བསྡོམས་པས་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ལས་ཁུངས85ཡིསདུ་བ་མེད་པའི་ འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ལས་ཁུངས་དཔྱད་བརྗོད་ཚད་གཞིལྟར། ལྐོག་བཤེར་དཔྱད་འདེམས་བྱས་ཏེ། མཇུག་འབྲས་ཀྱི་ཕྱོགས་བསྡུས་དཔྱད་བརྗོད་ཐོབ་སྐར58.07%ཡིན་ལ།དེའི་ཁྲོད་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གི་ཐོབ་སྐར60.48%དང་།གཞུང་གཉེར་འཕྲོད་བསྟེན་ལས་ཁུངས་དང་སྨན་བཅོས་ལས་ཁུངས་ཀྱི་ཐོབ་སྐར68.42%དང53.59%རེད། ལྟོས་བཅོས་ཀྱིས་དུ་བར་ཚོད་འཛིན་བྱེད་པའི་བྱ་བར་གྲུབ་འབྲས་ཅུང་བླངས་ནའང་། ཁྱོན་ཡོངས་ནས་དུ་བར་བཀག་སྡོམ་བྱེད་པའི་དམིགས་འབེན་སུ་ད་དུང་ཐོན་མེད་པ་རེད། དེ་བས་ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་གིསམཚོ་སྔོན་ཞིང་ཆེན་གྱི་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཁོང་གཏོགས་ཀྱིས་དུ་བ་མེད་པའི་ལས་ཁུངསམགྱོགས་མྱུར་གྱིས་མངོན་འགྱུར་བྱེད་པའི་བྱ་བའི་ཇུས་གཞིཔར་སྐྲུན་འགྲེམས་སྤེལ་བྱས།

  《ཇུས་གཞིལས་བསྟན་དོན། ད་ལོའི་ལོ་མཇུག་དུ་ཞིང་ཆེན་དང་གྲོང་ཁྱེར། ཁུལ། རྫོང་བཅས་སོ་སོ་ནས་རིམ་པ་མི་འདྲ་བའི་དུ་བ་སྔོན་འགོག་གི་བྱ་བའི་དྲ་རྒྱ་བཙུགས་ནས་དུ་བ་མེད་པའི་ལས་ཁུངས་ཁྱོན་ཡོངས་ནས་མངོན་འགྱུར་བྱ་རྒྱུ་དང་། 2018ལོའི་ལོ་མཇུག་ལ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་སྲིད་འཛིན་སྡེ་ཁག་དང་གཞུང་གཉེར་འཕྲོད་བསྟེན་ཞབས་ཞུའི་ལས་ཁུངས་སོགས་ཀྱིས་ཆ་སྙོམས་སྒོས་ཁྱོན་ཡོངས་ནས་དུ་བ་བཀག་སྡོམ་བྱེད་པ་མངོན་འགྱུར་བྱེད་རྒྱུ་རེད། 2019ལོའི་ལོ་མཇུག་བར་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཁོངས་གཏོགས་སུ་ཁྱོན་ཡོངས་ནས་དུ་བ་བཀག་སྡོམ་བྱེད་པ་མངོན་འགྱུར་བྱེད་རྒྱུ་རེད། 

རྩོམ་སྒྲིག་པ། འབྲུག་མོ།