སྤྱི་ཚོགས་ཡོངས་སུ་སྨན་པར་གུས་བཀུར་དང་འཕྲོད་བསྟེན་ལ་མཐོང་ཆེན་གྱི་སྣང་ཚུལ་བཟང་པོ་ཆགས་པར་སྐུལ་འདེད་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་མྱུར་དུ་འཛུགས་དགོས།
2017.08.28 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 35

རྒྱལ་ཡོངས་ཀྱི་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཁོངས་གཏོགས་ཀྱི་གཟེངས་བསྟོད་ཚོགས་ཆེན་དེ་ཟླ་བརྒྱད་པའི་ཚེས་བཅུ་བདུན་ཉིན་པེ་ཅིན་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེང་གིས་ཉེ་ཆར་འཕྲོད་བསྟེན་འཆར་ལྡན་བ་ུསྐྱེ་བྱ་བར་མཛུབ་སྟོན་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཏང་དང་རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་འཕེལ་རྒྱས་སུ་གཏོང་བ་དང་མི་དམངས་ཀྱི་བདེ་ཐང་དང་བདེ་སྐྱིད་ཀྱི་སྟོན་གྲངས་ཇེ་མཐོར་གཏོང་བར་མཐོང་ཆེན་མཛད། རྒྱལ་ཡོངས་ཀྱི་འཕྲོད་བསྟེན་འཆར་སྐྱེ་ཁོངས་གཏོགས་ཀྱིས་ནན་ཏན་སྒོས་ཏང་ཀྲུང་དབྱང་གི་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་པའི་འཕྲོད་བསྟེན་དང་གཞི་རྩའི་སྨན་བཅོས་ཞབས་ཞུ་བྱ་བ་སྣ་ཚོགས་ལ་ཧུར་ཐག་གིས་སྐུལ་འདེད་བྱས་ཏེ། མི་དམངས་ཀྱི་བདེ་ཐང་འགན་སྲུང་བྱེད་པའི་ཆེད་དུ་བྱས་རྗེས་གལ་ཆེན་བཞག་ཡོད།

ཞི་ཅིན་ཕེང་གིས་བསྟན་དོན། རྒྱ་ཆེའི་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་བྱ་བ་སྒྲུབ་མཁན་གྱིས་བྱ་བའི་དམིགས་འབེན་བརྩི་སྲུང་དང་དཀའ་སྤྱད་འབད་བརྩོན་བྱས་ནས། བྱ་སྤྱོད་དངོས་ཀྱི་སྟེང་ནསཚེ་སྲོག་ལ་གཅེས་འཛིན་དང་སྨན་བཅོས་མྱུར་སྐྱོབ། གཞན་དོན་སྒྲུབ་ཕོད་པ།ཀུན་ལ་བྱམས་ཀྱིས་སྐྱོང་བཅེས་པའི་བླ་ན་མེད་པའི་སྙིང་སྟོབས་དར་སྤེལ་བྱས། ཁོང་གིས་བློ་མཐུན་ཚོས་མུ་མཐུད་དུ་ལྷག་བསམ་རྣམ་དག་སྒོས་མི་དམངས་ལ་ཞབས་འདེགས་ཞུས་ཏེ། སྨན་བཅོས་ལག་རྩལ་དང་སྨན་པའི་ཀུན་སྤྱོད་དར་སྤེལ་བཏང་ནས། མི་དམངས་མང་ཚོགས་ལ་འཕྲོད་བསྟེན་དང་བདེ་ཐང་གི་ཞབས་ཞུ་སྔར་ལས་ལེགས་པོ་འདོན་སྤྲོད་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྒྱ་ཆེའི་འཕྲོད་བསྟེན་འཆར་སྐྱེ་བྱ་བ་སྒྲུབ་མཁན་ལ་སེམས་ཁུར་དང་ཐུགས་ཁུར་གནང་དགོས་ཤིང་། དངོས་གནས་བྱེད་ཐབས་སྤྱད་དེ་ཁོ་ཚོའི་བྱ་བ་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཡོང་བར་རོགས་རམ་བྱེད་དགོས་ལ། སྤྱི་ཚོགས་ཡོངས་སུ་སྨན་པ་ལ་གུས་བཀུར་དང་འཕྲོད་བསྟེན་ལ་མཐོང་ཆེན་གྱི་སྣང་ཚུལ་བཟང་པོ་ཆགས་པར་སྐུལ་འདེད་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་མྱུར་དུ་འཛུགས་དགོས་པ་དང་།རང་རྒྱལ་གྱི་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་གི་རྣམ་པ་གསར་པ་ཧུར་ཐག་གིས་བསྐྲུན་དགོས་པའི་བླང་བྱ་བཏོན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་སྟེ་ནན་གྱིས་བསྟན་དོན། འཕྲོད་བསྟེན་འཆར་ལྡ་བུ་སྐྱེ་ལས་དོན་གྱི་བཅོས་བསྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་དེ། མི་དམངས་མང་ཚོགས་ཀྱི་ལུས་སེམས་བདེ་ཐང་ལ་འབྲེལ་བ་ཡོད་ཅིང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ཡང་འབྲེལ་བ་ཡོད། ཉེ་བའི་ལོ་འགའི་རིང་ལ། འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཁོངས་གཏོགས་ཀྱིས་སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ཅི་ཐུབ་བྱས་ནས། བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ཏན་ཏིག་གིས་སྐུལ་འདེད་བྱས་པས། ཕྱོགས་སོ་སོའི་བྱ་བ་ཐམས་ཅད་ལ་མངོན་གསལ་གྱི་གྲུབ་འབྲས་ཐོབ། འདིར་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་ལས་བྱེད་མི་སྣར་སྤྲོ་སེམས་འཁོལ་བས་རྟེན་འབྲེལ་ཞུ། འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཁོངས་གཏོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། མི་དམངས་གཙོ་བོ་ཡིན་པའི་འཕེལ་རྒྱས་བསམ་བློ་ནན་ཏན་གྱིས་དངོས་འབེབས་བྱས་ཏེ། རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་གྱི་དགོངས་དོན་ལྟར། མུ་མཐུད་དུ་སྨན་བཅོས་བཅོས་བསྒྱུར་གྱི་མཁྲེགས་གཏོར་འཐབ་འཛིང་ལེགས་པོ་བྱེད་པ་དང་། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས་ཤིང་། རྒྱུན་ཆད་མེད་པར་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་དགོས། རེ་བ་ཡིན་ན་རྒྱ་ཆེའི་འཕྲོད་བསྟེན་འཆར་སྐྱེ་བྱ་བ་སྒྲུབ་མཁན་གྱིས་སྨན་པའི་བྱམས་སེམས་ཀྱི་སྲོལ་བཟང་དག་རྒྱུན་འཛིན་བྱས་ནས། ལས་གནས་ལ་དགའ་ཞིང་ལས་ཀར་བརྩི་མཐོང་གིས་ལག་རྩལ་ཐད་ལ་འབད་བརྩོན་གནང་དགོས་ཤིང་། མི་དམངས་མང་ཚོགས་ཀྱི་དགོས་མཁོར་དམིགས་ནས། དེ་ལས་བཟང་བའི་སྨན་བཅོས་བདེ་ཐང་ཞབས་ཞུ་འདོན་སྤྲོད་བྱེད་དགོས་པ་དང་། རང་རེའི་རྒྱལ་ཁབ་སྔ་མོ་ནས་བདེ་ཐང་སྟོབས་ལྡན་གྱི་རྒྱལ་ཁབ་ཅིག་ཏུ་བསྒྱུར་བར་བྱས་རྗེས་གསར་པ་འཇོག་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་གིས་ཚོགས་ཐོག་ཏུ་ཞི་ཅིན་ཕེང་གི་མཛུབ་སྟོན་གལ་ཆེན་དང་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་བརྒྱུད་སྒྲོག་བྱས་པར་མ་ཟད་གཏམ་བཤད། ཚོགས་ཐོག་ཏུ། པེ་ཆིའུ་ཨེན་གྱི་དགའ་རྟགསཐོབ་མཁན་བཅུ་དགུ་དང་། རྒྱལ་ཡོངས་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང་ཉིས་བརྒྱ་དང་ང་གཅིག རྒྱལ་ཡོངས་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཁོངས་གཏོགས་ཀྱི་སྔོན་ཐོན་ལས་བྱེད་མི་སྣ་དྲུག་བརྒྱ་དང་གོ་བརྒྱད།  རྒྱལ་ཡོངས་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཁོངས་གཏོགས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་ང་བརྒྱད་བཅས་ལ་གཟེངས་བསྟོད་བྱས། ། 

རྩོམ་སྒྲིག་པ། འབྲུག་མོ།