རང་ཞིང་གིས་ཟས་རིགས་སྨན་རྫས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱེད་པའི་ཆེད་དོན་བྱེད་སྒོ་སྤེལ་བ།
2017.09.04 ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ཀློག་གྲངས། 22

རང་ཞིང་གི་ཟས་རིགས་སྨན་རྫས་བདེ་འཇགས་ལ་ཁག་ཐེག་དང་ཟས་རིགས་སྨན་རྫས་ལ་བདེ་འཇགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཆེད། ཉེ་ལམ། ཞིང་ཆེན་སྲིད་གཞུང་ཟས་རིགས་བདེ་འཇགས་གཞུང་སྒྲུབ་ཁང་དང་ཞིང་ཆེན་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་གཉིས་ཀྱིས་ཆེད་དོན་ལས་འགུལ་གྱི་འཆར་འགོད་གཏན་འབེབས་བྱས་ཏེ་པར་བསྐྲུན་འགྲེམས་སྤེལ་བྱས་ཤིང་། ཟླ་དགུ་བའི་ཚེས་གཅིག་ཉིན་ནས་བཟུང་རང་ཞིང་གི་ཞིང་ཆེན་ཡོངས་སུ་དུས་ཡུན་ཟླ་གཉིས་རིང་གི་ཟས་རིགས་དང་སྨན་རྫས་བདེ་འཇགས་ཐད་ཀྱི་ཆེད་དོན་དག་ཐེར་བྱེད་སྒོ་སྤེལ་རྒྱུ་རེད།

ཟས་རིགས་སྨན་རྫས་སྡེ་ཁག་གིས་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བ་བསུ་ཆེད། ཟས་རིགས་སྨན་རྫས་ལ་འགན་སྲུང་ཐོབ་པའི་ཆེད་དོན་བྱེད་སྒོ་སྤེལ་བ་བརྒྱུད་ཟས་རིགས་སྨན་རྫས་བདེ་འཇགས་ལག་བསྟར་བྱས་ཏེ་ཏང་སྲིད་འགན་ཁུར་མཉམ་གནས་དང་ཁོངས་གཏོགས་ས་ཁོངས་ལ་དོ་དམ་བྱེད་པ། ལྟ་སྐུལ་དོ་དམ་ལམ་ལུགས་ཀྱི་སྒྲིག་གཞི་འཐུས་ཚང་ཅན་དུ་གཏོང་བ། རིགས་སོ་སོའི་ལྟ་སྐུལ་བྱ་བའི་འགན་ཁུར་ལག་བསྟར་བྱེད་པར་ཤུགས་སྣོན་པ། ཟས་རིགས་སྨན་རྫས་ཐད་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་ནག་ཉེས་ཅན་ལ་རྡུང་རྡེག་ནན་མོ་གཏོང་བ་བཅས་བྱས་ནས་ཟས་རིགས་སྨན་རྫས་ཀྱི་བདེ་འཇགས་ཐད་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་རྒྱུ་རེད།

མང་ཚོགས་ཀྱིས་ཞུ་གཏུག་བྱས་པའི་ཟས་རིགས་ཁྲོད་ཁྲིམས་མཐུན་མིན་པའི་སྦྱོར་རྟ་བསྲེས་མཁན་གཙོ་བོར་བཟུང་སྟེ་སྦྱོར་རྟ་གང་འདོད་དུ་སྤྱོད་མཁན་དང་ ཞིང་སྨན་བརྒྱབ་ཡོད་པའི་སྔོ་ཚོད་དང་སིལ་ཏོག་གི་རིགས། སྨན་རྫས་རྫུན་མ་གསར་བཟོ་དང་ཉོ་འཚོང་བྱེད་མཁན། ཟས་རིགས་ཀྱི་བདེ་སྲུང་ཐད་ལ་ལྐོག་གཡོ་དང་དྲིལ་བསྒྲགས་རྫུན་མ་བྱེད་པའི་གནད་དོན་གཙོར་བཟུང་ནས་ཆེད་དོན་དག་ཐེར་གཏིང་ཟབ་དུ་སྤེལ་བ། མང་ཚོགས་ཀྱི་ཉིན་རྒྱུན་འཚོ་བའི་ཡོ་བྱད་དང་འབྲེལ་བའི་བཟའ་འབྲུ་དང་འབྲུ་སྣུམ། ཤ་དང་སྒོ་ང་། འོ་མ། ཤིང་ཏོག་དང་སྔོ་ཚོད། མཚོ་ཐོན་དངོས་རྫས་དང་མཚོ་ཟས་སྣ་ཚོགས། ས་གནས་ཀྱི་ཁྱད་ལྡན་ཟས་རིགས་ཐོན་རྫས་སོགས་དམིགས་སུ་བཟུང་ནས་ཞིབ་བཤེར་ལྟ་སྐུལ་བྱེད་པ། ཟས་རིགས་ཐོན་སྐྱེད་ལས་སྣོན་དང་སྨན་རྫས་ཐོན་སྐྱེད་ཀྱི་ཚོང་གཉེར་དང་བེད་སྤྱོད་སོགས་ཀྱི་གོ་རིམ་ཁྲོད་གནས་པའི་གནད་དོན་དང་ཉེན་ཁ་སྣ་ཚོགས་ལ་མུ་མཐུད་དུ་ཤུགས་བསྣན་ནས་ཟས་རིགས་སྡེབ་འཚོང་ཁྲོམ་ར་དང་སྒོ་རྩིས་ཁང་། ཟ་ཁང་། སློབ་གྲྭའི་གསོལ་ཁང་དང་སློབ་རའི་ཉེ་འཁོར་གྱི་ཚོང་ཁང་ཆེ་ཆུང་འདྲ་མིན་སྣ་ཚོགས་ལ་དག་ཐེར་ཆེན་པོ་བྱེད་པ། ཁྱོན་ཡོངས་ནས་ལྟ་སྐུལ་དོ་དམ་འགན་འཁྲི་དྲ་རྒྱ་ཅན་དང་དེང་རབས་ཞིབ་བཤེར་ཚད་ལྡན་ཅན། ལྟ་སྐུལ་ཞིབ་བཤེར་རྗེས་ཤུལ་ཅན་བཅས་ཀྱི་དོ་དམ་ལ་སྐུལ་འདེད་བྱས་ནས་རྩད་ཞིབ་བྱེད་པ་དང་ཞིབ་བཤེར་བྱེད་པ། མཇུག་འབྲས་ཕྱིར་བསྒྲགས་བྱེད་པ་སོགས་ཀྱིས་རང་ཞིང་གི་རིགས་སོ་སོའི་མང་ཚོགས་ལ་ཟས་རིགས་སྨན་རྫས་བདེ་འཇགས་ཡིན་པའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པར་འགན་སྲུང་དང་ཁག་ཐེག་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། འབྲུག་མོ།