མཚོ་ཤར་གྲོང་ཁྱེར་སྲིད་གཞུང་གཞུང་སྒྲུབ་ཁང་གིས་ཟས་རིགས་དང་སྨན་རྫས་བདེ་འཇགས་ཐབས་ལམ་སོགས་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལྟར། མཚོ་ཤར་གྲོང་ཁྱེར་གྱི་ཟས་རིགས་དང་སྨན་རྫས་བདེ་འཇགས་འགན་སྲུང་ལམ་ལུགས་བཏོན་པ་དང་། དེས་ཟས་རིགས་དང་སྨན་རྫས་བདེ་འཇགས་ཀྱི་བཅོས་སྐྱོང་ནུས་པ་དང་འགན་སྲུང་ཆུ་ཚད་ཇེ་མཐོར་བཏང་བར་མ་ཟད། ནུས་ཡོད་སྒོས་འགོག་བཅོས་དང་དུས་ཐོག་ཏུ་ཟས་རིགས་དང་སྨན་རྫས་བདེ་འཇགས་ཀྱི་ཉེན་ཁ་སེལ་བ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཟས་རིགས་དང་སྨན་རྫས་བདེ་འཇགས་འགན་སྲུང་ལམ་ལུགས་ནི་རྫོང་ཁག་དང་ས་ཁུལ་སོ་སོ། ཞང་དང་གྲོང་རྡལ་གྱི་མི་དམངས་སྲིད་གཞུང་ཁོངས་གཏོགས་ཀྱི་དོ་དམ་འགན་སྲུང་ས་ཁོངས་ནས་ཚོགས་སྤྱི་རང་བཞིན་དང་། མ་ལག་རང་བཞིན་གྱི་ཟས་རིགས་དང་སྨན་རྫས་བདེ་འཇགས་དོན་རྐྱེན་བྱུང་སར་བཏོན་པ་དང་། གོང་རིམ་སྲིད་གཞུང་གི་ཟས་རིགས་དང་སྨན་རྫས་བདེ་འཇགས་ལས་དོན་གྱི་ལོ་རེའི་དཔྱད་ཞིབ་མཇུག་བསྡུས་མེད་པའི་རྫོང་དང་ས་ཁུལ། ཞང་དང་གྲོང་རྡལ་གྱི་མི་དམངས་སྲིད་གཞུང་གི་འགན་ཁུར་པ་གཙོ་བོ་དག་ལ་གོང་རིམ་སྲིད་གཞུང་གིས་ཁ་བརྡ་སློབ་གསོ་གཏོང་རྒྱུ་ཡིན་པ་དང་། ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་དུས་ཐོག་ཏུ་ཟས་རིགས་དང་སྨན་རྫས་བདེ་འཇགས་ཀྱི་ཉེན་ཁ་དང་རྐྱེན་ངན་ཐག་གཅོད་བྱས་མེད་པར་གོང་རིམ་སྡེ་ཁག་གིས་ཟས་རིགས་དང་སྨན་རྫས་བདེ་འཇགས་ལས་དོན་འཕེལ་རྒྱས་དལ་བ་དང་། ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་ཀྱི་འགན་ཁུར་མི་སྣ་གཙོ་བོས་དམིགས་འབེན་འགན་ཁུར་ཡོངས་འགྲུབ་བྱེད་པར་ཤུགས་རྐྱེན་ཐེབས་པས་མི་དམངས་སྲིད་གཞུང་གིས་ཁ་བརྡ་སློབ་གསོ་བཏང་བའི་རྗེས་སུ། ཡིག་ཐོག་གི་བརྡ་སྦྱོར་རྣམ་པས་མགོ་ཁྲིད་གཙོ་བོ་དག་ལ་མཚོ་ཤར་གྲོང་ཁྱེར་གྱི་ཟས་རིགས་དང་སྨན་རྫས་བདེ་འཇགས་འགན་སྲུང་ལམ་ལུགས་སྒྲོག་འགྲེལ་བྱེད་རྒྱུ་ཡིན་པ་དང་། རྫོང་ཁག་སོ་སོ་དང་ས་ཁུལ་སོ་སོ། ཞང་དང་གྲོང་རྡལ་སྲིད་གཞུང་གིས་འགན་ཁུར་ཁ་བརྡ་གླེང་མོལ་བྱས་པའི་གནས་ཚུལ་དང་བཅོས་སྐྱོང་གནས་ཚུལ་དེ་ཟས་རིགས་དང་སྨན་རྫས་བདེ་འཇགས་ལས་དོན་གྱི་ལོ་རེའི་ཞིབ་དཔྱད་ཁྲོད་བཞག་ནས་དཔྱད་ཞིབ་བྱེད་རྒྱུ་ཡིན་ལ། འགན་ཁུར་ཁ་བརྡ་སློབ་གསོ་བྱ་ཡུལ་གྱི་སློབ་གསོའི་བླང་བྱ་དང་ལག་བསྟར་བླང་བྱའི་བྱེད་ཐབས་མི་འདང་ས་དང་། དོན་འཁྱོལ་མིན་པར་འགན་འཁྲི་རྩད་གཅོད་བྱེད་པའི་ལམ་ལུགས་འཛུགས་རྒྱུ་རེད།
རྩོམ་སྒྲིག་པ། འབྲུག་མོ།