བྲོ་རྫས་བེ་ཅིན(味精)གྱི་བསྟེན་ཐབས།
2017.09.06 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 57

 གུའུ་ཨེམ་སྐྱུར(谷氨酸)ནི་ཆེས་རྒྱུན་མཐོང་གི་ཨེམ་རྨང་སྐྱུར(氨基酸)ཞེས་པ་དེ་ཡིན་ལ། གུའུ་ཨེམ་སྐྱུར་ནཱའི(谷氨酸钠)བསྡུས་མིང་ལ་བེ་ཅིན(味精)ཟེར། མིའི་ལུས་སྟེང་དུ་གུའུ་ཨེམ་སྐྱུར(谷氨酸)མཁོ་ལ། དེ་ཡང་བཟའ་བཅའི་ཁྲོད་ནས་བསྡུ་ལེན་བྱེད་ཆོག 2017ལོའི་ཟླ་བདུན་པར། ཨོ་གླིང་མནའ་འབྲེལ་ཟས་རིགས་བདེ་འཇགས་ཅུའུ་ཡིས་གསར་དུ་སྤེལ་བའི་དཔྱད་འཇོག་སྙན་ཞུ་ཞིག་ལས། གུའུ་ཨེམ་སྐྱུར(谷氨酸)དང་ གུའུ་ཨེམ་སྐྱུར་ཚྭའི(谷氨酸盐)བདེ་འཇགས་ཀྱི་བསྟེན་ཐབས་ལེགས་སྒྲིག་བྱས་ནས་ལུས་ཀྱི་ལྗིད་ཚད་སྤྱི་རྒྱ་རེར་ཧའོ་ཁེ30ཙམ་བསྟེན་དགོས་པར་བསྟན་པ་དང་། དུས་མཚུངས་སུ་ཁོ་ཚོས་ད་དུང་ཨོ་གླིང་མནའ་འབྲེལ་དོ་དམ་སྡེ་ཁག་གིས་བཟའ་བཅའི་ཁྲོད་ཀྱི་སྦྱོར་རྟར་ཚོད་འཛིན་ལེགས་པོ་བྱེད་དགོས་པའི་རེ་བ་བཏོན།

      བྲོ་རྫས་བེ་ཅིན(味精)གྱི་བྱུང་འཕེལ།

  དུས་རབས་བཅུ་དགུ་བའི་དུས་མགོར། འཇར་པན་གྱི་མིས་མཚོ་ཐོན་ཟས་རིགས་ཧའེ་ཏའེ(海带)ལས་གུའུ་ཨེམ་སྐྱུར(谷氨酸)བླངས་ནས བྲོ་རྫསབྱེད་པའི་ངེས་ཤེས་ཐོག་མར་རྙེད་པ་དེ་ནི་མིའི་རིགས་ཀྱི་བཟའ་བཅའི་ལོ་རྒྱུས་ཁྲོད་ཀྱི་མཆོང་སྐྱོད་ཆེན་པོ་ཞིག་རེད། དུས་རབས་བཅུ་དགུ་བའི་ལོ་རབས་ཉི་ཤུ་བར། ཀྲུང་གོའི་རྫས་འགྱུར་རིག་པ་བ་བུའུ་ཡུན་ཁྲུའུ(吴蕴初)ཡིས་ཆུས་ཞུ་ཐབས་ལ་བརྟེན་ནས་གུའུ་ཨེམ་སྐྱུར(谷氨酸)ལས་པའི་ལག་རྩལ་གསར་གཏོད་བྱས། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་རྗེས་སུ། འཇར་པན་གྱི་སྐྱེས་དངོས་ཕྲ་རབ་རིག་པ་བས། ནར་སྲིན་ཐུང་བའི་སྐྱུར་བསྙལ་མངར་ཆ་བཀོལ་ནས་གུའུ་ཨེམ་སྐྱུར(谷氨酸)ལེན་པའི་བཟོ་རྩལ་གསར་བ་གསར་གཏོད་བྱས། བཟོ་རྩལ་དེ་རྒྱུན་ཆད་མེད་པར་ལེགས་བཅོས་བྱས་ནས་ད་ལྟའི་བར་དུ་བཀོལ་སྤྱོད་བྱས་པ་རེད། བྲོ་རྫས་བེ་ཅིན(味精)དེ་ཁ་ལ་ཞིམ་ཞིང་རིན་གོང་དམའ་བས། ཟས་རིགས་ལས་སྣོན་ལས་རིགས་དང་བཟའ་བཅའི་གཡོ་སྐོལ་ལས་རིགས་ཁྲོད་ལོ་ངོ་བཅུ་ཕྲག་ཙམ་གྱི་རིང་ལ་མི་ཉམས་དར་ཁྱབ་བྱུང་བ་རེད།  

  མི་དར་མ་ཞིག་གིས་ཧ་ལམ་ཉིན་རེར་ཟས་རིགས་སྤྲི་དཀར་ཀྱི་ཁྲོད་ནས་གུའུ་ཨེམ་སྐྱུར(谷氨酸)ཁེ 13 ཙམ་ལུས་སྟེང་དུ་བསྡུ་ལེན་བྱེད་བཞིན་ཡོད་ཅིང་། བྲོ་རྫས་བེ་ཅིན(味精)ཀྱི་ལས་ཧ་ལམ་ཁེ 0.5 ཙམ་བསྡུ་ལེན་བྱེད་བཞིན་ཡོད། གནས་ཚུལ་འདི་ལ་གཞིགས་ནས་བཤད་ན། བྲོ་རྫས་བེ་ཅིན(味精)དེ་ཟས་རིགས་ཀྱི་སྦྱོར་རྟ་ཞིག་ ཡིན་པའི་ཆ་ནས་དེའང་དེ་འདྲའི་བདེ་འཇགས་མིན་པ་ཞིག་གཏན་ནས་མིན། ད་ལྟའི་བར་དུ། བྲོ་རྫས་བེ་ཅིན(味精)གྱི་མྱུར་བའི་རང་བཞིན་གྱི་དུག་གཤིས་དང་མི་མངོན་པའི་དུག་གཤིས། དལ་བའི་རང་བཞིན་གྱི་དུག་གཤིས། སྐྱེ་འཕེལ་འཚར་སྐྱེས་ཀྱི་དུག་གཤིས་སམ་རྒྱུད་འདེད་རང་བཞིན་གྱི་དུག་གཤིས་ལ་ཞིབ་འཇུག་བྱས་པ་བགྲང་གིས་མི་ལང་མོད། ཡིན་ནའང་མངོན་གསལ་ལྡན་པའི་དུག་རྒྱུའི་ཞོར་སྐྱོན་ཞིག་རྙེད་མ་བྱུང་།  

  ཨ་མེ་རི་ཁའི་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུFDAཡིས་དུས་རབས་ཉི་ཤུ་བའི་དུས་དཀྱིལ་དུ་བྲོ་རྫས་བེ་ཅིན(味精)ནི་བདེ་འཇགས་ཟས་རིགས་ཀྱི་མིང་ཐོའི་ཁྲོད་བཞག་ཡོད་པ་རེད། རྗེས་སུ་ཡང་བསྐྱར་དཔྱད་ཞིབ་བྱས་པའི་མཇུག་འབྲས་ལས་བྲོ་རྫས་བེ་ཅིན(味精)དེ་རྒྱུན་ལྡན་ལྟར་སྤྱད་ན་ཧ་ཅང་བདེ་འཇགས་རེད་ཟེར།  ཚན་རིག་གིས་བདེན་དཔང་བྱས་པ་ལྟར་ན། ལས་སྣོན་བྱས་པའི་གུའུ་ཨེམ་སྐྱུར་ནཱ(谷氨酸钠)དང་ལྷད་མེད་གུའུ་ཨེམ་སྐྱུར་ནཱ(谷氨酸钠)གཉིས་ལ་བརྗེ་ཚབ་དང་སྐྱེས་ལུགས་ཀྱི་སྟེང་ནས་ཁྱད་པར་ཅི་ཡང་མེད་ཟེར། དེ་བས་ཨ་མེ་རི་ཁའི་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་ལྷད་མེད་ཀྱི་གུའུ་ཨེམ་སྐྱུར་ནཱའི(谷氨酸钠)འདུས་ཚད་མཐོ་བའི་ཟས་རིགས་སྟེ། དཔེར་ན་ཀྲོ་མ་ཀྲུའི་སྐྱོ་གདུར(番茄酱)ལ་ བྲོ་རྫས་བེ་ཅིན(味精)ནམ་ཡང་ན་བྲོ་རྫས་བེ་ཅིན(味精)གྱི་སྦྱོར་རྟ་མེད་པའི་མཚོན་རྟགས་དེ་འགོད་མི་ཆོག་པ་གཏན་འཁེལ་བྱས་ཡོད།

  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཁོངས་སུ་གཏོགས་པའི་ཟས་རིགས་སྦྱོར་རྟའི་མཉམ་འབྲེལ་ཆེད་མཁས་པའི་ཨུ་ཡོན་ལྷན་ཚོགས་ཀྱིས་སོ་སོར1970ལོ་དང་1973ལོར་གུའུ་ཨེམ་སྐྱུར(谷氨酸)དང་དེའི་ཚྭའི་སྐོར་གྱི་བདེ་འཇགས་རང་བཞིན་ལ་དཔྱད་ཞིབ་བྱས་ནས། ལུས་ཀྱི་ལྗིད་ཚད་སྤྱི་རྒྱ་རེར་ཧའོ་ཁེ120ཙམ་བསྟེན་ན་བདེ་འཇགས་ཡིན་པར་ར་སྤྲོད་བྱས་ཡོད། 1987ལོར་ཡང་བསྐྱར་དཔྱད་ཞིབ་བྱས་པ་ལས། བདེ་འཇགས་ཀྱི་བསྟེན་ཚད་ལ་ཚོད་འཛིན་བྱེད་མི་དགོས་པར་གང་འདོད་དུ་བསྟེན་ཆོག་པ་དང་། 2004ལོར། དཔྱད་ཞིབ་བྱས་པ་ལས་ཀྱང་གུའུ་ཨེམ་སྐྱུར(谷氨酸)གྱི་བདེ་འཇགས་རང་བཞིན་ཕྱོགས་སུ་དེ་སྔོན་གྱི་ལྟ་ཚུལ་རྒྱུན་འཁྱོངས་བྱས་ཡོད་པ་རེད།

བྲོ་རྫས་བེ་ཅིན(味精)དེ་འཛམ་གླིང་ཡོངས་སུ་རྒྱ་ཆེར་སྤྱོད་བཞིན་པའི་ཆེས་བདེ་འཇགས་ཡིན་པར་འདོད་པའི་ཟས་རིགས་སྦྱོར་རྟའི་ཁྲོད་ཀྱི་གཅིག་རེད། དེའི་ཁྲོད་དུ་ཡ་གླིང་ཤར་མ་ནི་ བེ་ཅིན(味精)ཐོན་ཚད་ཆེས་མཐོ་ཞིང་འཛད་སྤྱོད་བྱེད་ཚད་ཆེས་མང་བའི་ས་ཁུལ་རེད། འཛམ་གླིང་ཡོངས་སུ་ བེ་ཅིན(味精)གྱི་སྤྱིའི་ཐོན་ཚད་ཧ་ལམ་ཏུན་ཁྲི་ཉིས་བརྒྱ་ཙམ་ཡིན་ཞིང་། དེའི་ཁྲོད་ཀྱི་ཕྱེད་ཀ་ཀྲུང་གོ་ནས་ཐོན་པ་རེད། ཨོ་གླིང་དུ་བཟའ་བཅའི་ཁྲོད་ཀྱི་སྦྱོར་རྟ་བེ་ཅིན(味精)གྱི་བསྟེན་ཚད་དེ་སྤྱིར་བཏང་དུ་ཟས་རིགས་སྤྱི་རྒྱ་རེའི་ནང་དུ་ཁེ་བཅུ་ཡིན་པ་དང་། བྲོ་རྫས་ཀྱི་འདེབས་ཚད་ལ་ཚོད་འཛིན་བྱེད་ཀྱིན་མེད། ཨ་མེ་རི་ཀ་དང་ཀྲུང་གོ་རུ་བེ་ཅིན(味精)གྱི་བསྟེན་ཚད་ལ་ཚོད་འཛིན་མེད་ཅིང་། གུའུ་ཨེམ་སྐྱུར(谷氨酸)དེ་ད་དུང་བྲོ་བ་ཞིམ་བྱེད་ཀྱི་རྫས་སུ་བཀོལ་སྤྱོད་བྱེད་བཞིན་ཡོད། ཨོ་ཏ་ལིས་ཡ་དང་ཞིན་ཞི་ལན། འཇར་པན་སོགས་རྒྱལ་ཁབ་དང་ཀྲུང་གོའི་ཞང་གང་དང་ཨོ་མིན། ཐེ་ཝན་བཅས་ས་ཆར་ཡང་བེ་ཅིན་བཀོལ་སྤྱོད་བྱེད་ཚད་ལ་ཚོད་འཛིན་མེད་པ་རེད།

  ཨོ་གླིང་མནའ་འབྲེལ་གྱིས་ཡང་བསྐྱར་བྲོ་རྫས་བེ་ཅིན(味精)གྱི་བསྟེན་ཚད་གསར་བ་གཏན་འཁེལ་བྱས།

ལོ་ངོ་སུམ་ཅུ་ལྷག་གི་རིང་ལ། བེ་ཅིན་གྱི་འདེ་འཇགས་ཀྱི་ཐད་ལ་ཚང་མར་དོགས་་གཞི་ཡོད་མོད། ཡིན་ནའང་ཉེ་ཆར་ཨོ་གླིང་མནའ་འབྲེལ་གྱིས་ལྟ་ཚུལ་གསར་བ་བཏོན་པར་བར་དུ་དེ་ལ་ངོ་བོའི་སྟེང་ནས་ཚོད་འཛིན་ཅི་ཡང་ཐེབས་མེད། ཞིབ་འཇུག་རྣམ་གྲངས་ཞིག་ལས་བྱི་བར་ཚོད་ལྟ་བྱས་པའི་ངོས་ཐོག་ནས། གུའུ་ཨེམ་སྐྱུར་ནཱའི(谷氨酸钠)ཚད་གཞི་དེ་ལྗིད་ཚད་སྤྱི་རྒྱ་རེར་ཁེ་གསུམ་དང་གྲངས་ཆུང་གཉིས་ཡིན་པ་ཤེས། ཞིབ་འཇུག་རྣམ་གྲངས་འདིའི་མཇུག་འབྲས་ལྟར། ཨོ་གླིང་མནའ་འབྲེལ་ཟས་རིགས་བདེ་འཇགས་ཅུའུ་ཡི་ཆེད་མཁས་པའི་ཚན་ཆུང་གིསབྲོ་རྫས་བེ་ཅིན(味精)གྱིབདེ་འཇགས་ཀྱི་ཚད་གཞིར་ཞིབ་འཇུག་གཏིང་ཟབ་ཏུ་བྱས་པ་བརྒྱུད་ནས་གུའུ་ཨེམ་སྐྱུར(谷氨酸)དང་དེའི་ཚྭའི་སྐོར་ལ་ལུས་ཀྱི་ལྗིད་ཚད་སྤྱི་རྒྱ་རེར་ཧའོ་ཁེ་སུམ་ཅུ་ཡིན་པའི་བདེ་འཇགས་ཀྱི་བསྟེན་ཚད་གསར་བ་གཏན་འཁེལ་བྱས། དེ་ཡང་དཔེར་ན་ལུས་ཀྱི་ལྗིད་ཚད་སྤྱི་རྒྱ60ཡིན་པའི་མི་དར་མའི་ཉིན་རེའི་བསྟེན་ཚད་ནི་ཁེ་གཅིག་དང་གྲངས་ཆུང་བརྒྱད་ཡིན་པ་ལྟ་བུ་རེད། ཨོ་གླིང་མནའ་འབྲེལ་ཟས་རིགས་བདེ་འཇགས་ཅུའུ་ཡིས་མིག་སྔར་མི་ལ་ལས་བྲོ་རྫས་བེ་ཅིན(味精)གྱི་བསྟེན་ཚད་མངོན་གསལ་གྱིས་མང་ཞིང་།  ལྷག་པར་དུ་ན་གཞོན་དང་བྱིས་པས་བསྟེན་ཚད་ཅུང་བ་བསྟན།  

ཨོ་གླིང་མནའ་འབྲེལ་ཟས་རིགས་བདེ་འཇགས་ཅུའུ་ཡིས་བྲོ་རྫས་བེ་ཅིན(味精)གྱི་བསྟེན་ཚད་ལ་བཅོས་བསྒྱུར་བྱེད་ཐུབ་མིན་དེ་ད་དུང་གསལ་བོ་ཞིག་མི་ཤེས་མོད། ཡིན་ནའང་དོགས་གཞི་དེས་བཟའ་བཅའི་ལས་རིགས་ཁྲོད་དུ་གླེང་ཕྱོགས་གསར་བ་ཞིག་སློང་སྲིད། ལྷག་པར་དུ་བེ་ཅིན(味精)བཀོལ་ཚད་ཆེས་མང་བའི་ཟས་རིགས་སྟེ། དཔེར་ན། ལས་སྣོན་བྱས་པའི་ཤ་རྒྱུའི(火腿肠)རིགས་དང་ཅང་ཡིའུ(酱油)དང་སྟབས་བདེ་ཐུག་པ་དང་ཞོར་ཟས་ཁ་ཚ(辣条)སོགས་ལྟ་བུ།

བྲོ་རྫས་བེ་ཅིན(味精)གྱིས་དབུགས་འཚང་གི་ནད་སློང་སྲིད་པར་ཁུང་ལུངས་ཅི་ཡང་མེད། 

བྲོ་རྫས་བེ་ཅིན(味精)གྱིས་དབུགས་འཚང་གི་ནད་སློང་སྲིདཔའི་བཤད་ཚུལ་དེ་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་ནང་བྱུང་བ་རེད། འོན་ཀྱང་མིག་སྔའི་བར་དུ་དེ་ལ་ཡིད་ཆེས་ཆོག་པའི་ཚན་རིག་གི་བདེན་དཔང་ཞིག་རྙེད་མེད་པར་མ་ཟད། ཚན་རིག་པ་མང་པོས་བྲོ་རྫས་བེ་ཅིན(味精)གྱིས་དབུགས་འཚང་གི་ནད་སློང་མི་སྲིད་པར་འདོད་ཀྱིན་ཡོད།

དེ་ལས་གཞན་བེ་ཅིན(味精)དེ་ཆེས་ཚ་བོར་བཟོས་རྗེས་རྫས་འགྱུར་གྱི་ངོ་བོ་གཞན་དུ་གྱུར་ནས་ཕོ་རུ་ཀུད་ཨེམ་སྐྱུར(焦谷氨酸)ཞེས་པའི་དངོས་རྫས་ཞིག་ཏུ་འགྱུར་སྲིད་ཅིང་། ཚ་བོར་བཟོ་ཚད་ཇི་ལྟར་མཐོ་བ་དང་བཟོ་ཡུན་ཇི་ལྟར་རིང་ན། གུའུ་ཨེམ་སྐྱུར(谷氨酸)དེ་ཕོ་རུ་ཀུད་ཨེམ་སྐྱུར(焦谷氨酸)རུ་འགྱུར་ཚད་དེ་ལྟར་ཆེ། བེ་ཅིན་ཐོན་སྐྱེད་བྱེད་པའི་བརྒྱུད་རིམ་ཁྲོད་དུའང་ཕོ་རུ་ཀུད་ཨེམ་སྐྱུར(焦谷氨酸)རུ་འགྱུར་བའི་གནས་ཚུལ་ཡོད་པ་རེད།  དྲ་ངོས་སུ་ཕོ་རུ་ཀུད་ཨེམ་སྐྱུར(焦谷氨酸)གྱིས་འབྲས་ནད་སློང་སྲིད་ཟེར་མོད། ཚན་རིག་གིས་ཞིབ་འཇུག་ལས་དེ་ལྟར་མིན་པར། ད་དུང་དེ་ལས་ལྡོག་སྟེ་དྲན་ཤེས་ཇེ་བརྟན་དུ་གཏོང་ཐུབ་པར་བདེན་དཔང་བྱས་ཡོད། དོན་དངོས་སུ། ཕོ་རུ་ཀུད་ཨེམ་སྐྱུར(焦谷氨酸)ནི་ཨེམ་རྨང་སྐྱུར(氨基酸)དང་སྤྲི་དཀར་མང་པོ་འདྲེས་སྦྱོར་བྱེད་པའི་བརྒྱུད་རིམ་ཁྲོད་བྱུང་བའི་ཐོན་དངོས་ཤིག་ཡིན་ལ། དེ་ནི་སྲོག་ཆགས་དང་རྩི་ཤིང་གི་ཁྲོད་དུ་ཡོངས་ཁྱབ་ཏུ་གནས་ཡོད་དེ། དཔེར་ན་མིའི་ཀླད་པ་དང་རྒྱུངས་པའི་ནང་དུ་ཕོ་རུ་ཀུད་ཨེམ་སྐྱུར(焦谷氨酸)ཡོད་པ་ལྟ་བུ་རེད།

བྲོ་རྫས་བེ་ཅིན(味精) བསྟེན་ཚད་མང་ན་ཁྲག་ཤེད་ཇེ་མཐོར་འགྲོ་སྲིད།

 བྲོ་རྫས་བེ་ཅིན་གྱི་ཕྱོགས་སུ་དོགས་གནད་ད་དུང་མང་པོ་ཡོད་མོད། ཡིན་ནའང་མང་ཆེ་བ་སྟེས་དབང་གིས་གནས་ཚུལ་འོག་བྱུང་བ་རེད། དཔེར་ན། བེ་ཅིན་གྱིས་ཟྭ་འབྲུམ་སློང་སྲིད་ཟེར་བ་ལྟ་བུ། ཨོ་གླིང་མནའ་འབྲེལ་གྱི་ཆེད་མཁས་ཚན་ཆུང་གིས་བསྟས་ན་གལ་ཏེ་བེ་ཅིན་གྱིས་ཟྭ་འབྲུམ་སློང་སྲིད་པའི་དབང་དུ་བཏང་ནའང་དེ་ནི་ཆེས་ཉུང་ཉུང་ཙམ་རེད། ནད་ཐོ་འགའ་རེའི་ནང་དུ་བེ་ཅིན་དེ་སྣའི་གཉན་ཚད་ཀྱི་ནད་རྟགས་དང་འབྲེལ་བ་ཡོད་ཚུལ་བཤད་ཡོད་ཀྱང་། དེ་ལའང་ཡང་དག་པའི་བདེན་དཔང་ཞིག་མེད་པ་རེད། བེ་ཅིན་ཟ་ཚད་མང་མི་རུང་ཞེས་ཚང་མས་བཤད་ཀྱིན་ཡོད་མོད། དོན་དངོས་སུ་ཚད་ཇི་ལྟ་བུ་ཞིག་ནི་ཟ་ཚད་མང་བ་ཡིན་ནམ་ཞེ་ན། ཞིབ་འཇུག་ལས་ཤེས་པ་ལྟར་ན། ཞོགས་པར་ལྟོ་སྟོང་དུ་བེ་ཅིན་ཁེ་བཅུ་ཙམ་ཟོས་ན་ ཤན་གླིང་རྒྱུའི་ཟགས་ཐོན་ཇེ་མང་དུ་གཏོང་ཐུབ་པ་ཡིན། ཡང་ཞིབ་འཇུག་འགའ་རེ་ལས་བསྟན་པ་ལྟར་ན། བེ་ཅིན་གྱིས་ཀླད་པའི་དབང་རྩར་གནོད་པ་བསྐྱལ་སྲིད་ཟེར་མོད། དེའང་ཟ་ཐེངས་གཅིག་གིས་བེ་ཅིན་རྒྱ་མ་ཕྱེད་ཀ་ཙམ་ཟོས་ན་ད་གཟོད་ཀླད་པའི་དབང་རྩར་གནོད་བསྐྱལ་བ་ཡིན་ལ། བདེ་ཐང་གི་མིས་དེ་ལྟར་བྱེད་མི་སྲིད། དེ་ལས་གཞན་སྲོག་ཆགས་ལ་ཚོད་ལྟ་བྱས་ནས་ཤེས་པ་ལྟར་ན། བེ་ཅིན་ཟ་ཚད་མང་ན་ལུས་ཚོ་བསོག་པར་འདོད་མོད། འོན་ཀྱང་དུས་ཡུན་རིང་བོར་མིའི་རིགས་ལ་ཞིབ་འཇུག་བྱས་པའི་རྣམ་གྲངས་མང་པོ་ལས་དེ་ལྟ་བུའི་སྣང་ཚུལ་ལ་བདེན་དཔང་བྱེད་མ་ཐུབ། ཡིན་ནའང་བེ་ཅིན་གྱི་ནང་དུ་ནཱ 钠)འདུས་ཚད་མཐོ་བས། དེ་བསྟེན་ཚད་མང་ན་ཁྲག་ཤེད་ལ་ཤུགས་རྐྱེན་ཐེབས་སྲིད་པ་ནི་བཤད་མ་དགོས་པ་ཞིག་རེད།།  

གོང་གི་ཤེས་བྱ་འདི«མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང»གིས་འདོན་སྤྲོད་བྱས་པ་ལྟར་འབྲུག་མོས་བསྒྱུར་བ་ཡིན།