
ཟླ9བའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་གྱིས་བདེ་ཐང་དབུལ་སྐྱོར་བྱ་བའི་ཡུལ་དངོས་ལྟ་སྦྱོང་ཁྱབ་སྤེལ་ཚོགས་འདུ་བསྡུས་པ་རེད། ད་ལྟའི་བར་ཞིང་ཆེན་ཡོངས་ཀྱི་ མཁར་གྲོང་སྡོད་དམངས་ཀྱི་སྲིད་ཇུས་ཁྱབ་ཁོངས་ནང་སྨན་ཁང་དུ་ཞག་སྡོད་བྱས་པའི་འགྲོ་གྲོན་རྩིས་ཞུའི་བསྡུར་ཚད་བརྒྱ་ཆའི་དོན་བརྒྱུད་ལ་སླེབས་པ་དང་། དབུལ་ཕོངས་མི་གྲངས་ཀྱི་སྲིད་ཇུས་ཁྱབ་ཁོངས་ཁྲོད་སྨན་ཁང་དུ་སྡོད་པའི་འགྲོ་གྲོན་རྩིས་ཞུའི་བསྡུར་ཚད་བརྒྱ་ཆའི90ལ་ཉེ་བ་དང་། ཆེས་དཀའ་ཁག་ཆེ་བའི་ ཁྱིམ་ཚང་དང་ལྔ་སྐྱོང་ཁྱིམ་ཚང་གི་སྨན་རིན་འགྲོ་གྲོན་རྩིས་ཞུ་བརྒྱ་ཆའི་བརྒྱ་ལ་སླེབས་སུ་བཅུག་ནས་རིམ་པ་ཁག་གི་སྨན་བཅོས་ལས་ཁུངས་ཀྱིས་ཁྱོན་བསྡོམས་འགྲོ་གྲོན་སྒོར་ས་ཡ་བདུན་དང་འབུམ་གཉིས་ཇེ་ཉུང་དུ་བཏང་ཞིང་། ཞིང་ཆེན་ཡོངས་སུ་ནད་ཀྱི་དབང་གིས་དབུལ་ཕོངས་སུ་གྱུར་བ་དང་། ཡང་བསྐྱར་དབུལ་ཕོངས་སུ་གྱུར་བའི་སྣང་ཚུལ་ཇེ་དམའ་རུ་སོང་སྟེ། དབུལ་ཕོངས་མི་གྲངས་ལ་ཚོད་འཛིན་ངེས་ཅན་བྱས་ཡོད།
གཅིག་གྱུར་གྱི་ཆ་འཕྲིན་སྟེགས་བུ་བསྐྲུན་པ་བརྒྱུད་དེ། གྲོང་ཁྱེར་དང་གྲོང་གསེབ་སྡོད་མིའི་གཞི་རྩའི་སྨན་བཅོས་འགན་སྲུང་གཉེར་སྒྲུབ་ལས་ཁུངས་དང་ནད་གཞི་ལྕི་མོའི་རིགས་ཀྱི་འགན་སྲུང་སྒྲུབ་འགན་ལས་ཁུངས། སྨན་བཅོས་ལས་ཁུངས་བར་གྱི་གཞི་རྩའི་ཆ་འཕྲིན་མཉམ་སྤྱོད་བཅས་ཀྱིས་ཕན་ཚུན་འབྲེལ་མཐུད་བྱས་ཏེ། འབྲེལ་ཡོད་སྨན་བཅོས་འགན་སྲུང་དང་རོགས་སྐྱོབ་སྲིད་ཇུས་སོགས་གཅིག་གྱུར་གྱིས་ལག་བསྟར་དངོས་འབེབས་བྱས་པ་རེད།
ཡུན་རིང་ལ་ནད་ཕོགས་པའི་དབུལ་ཕོངས་མི་གྲངས་ལ་བདེ་ཐང་དང་དབུལ་སྐྱོར་གྱི་ཆིངས་ཡིག་གཉིས་ལག་བསྟར་བྱས་པ་དང་། ཁྱིམ་ཚང་གཅིག་ལ་སྨན་པ་གཅིག་རེ་ཡོད་པའི་ཆིངས་བཞག་ཞབས་ཞུ་འགན་སྲུང་དང་། དོན་དངོས་ཀྱི་སྟེང་ནས་མང་ཚོགས་ཀྱིས་སྲིད་ཇུས་གནས་ཚུལ་མི་ཤེས་པ་དང་། སྨན་པར་བསྟེན་པའི་རྩིས་ཞུའི་གོ་རིམ་ཐབས་ལམ་སོགས་གསལ་བོ་མིན་པའི་གནད་དོན་ཐག་གཅོད་བྱས་པ་རེད།
ཁྱིམ་ཚང་སྨན་པའི་ཆིངས་བཞག་ཞབས་ཞུ་དང་ཟུང་འབྲེལ་བྱས་ཏེ། དལ་བའི་རང་བཞིན་གྱི་ནད་ཕོག་ཡོད་པའི་དབུལ་ཕོངས་མི་འབོར་གྱི་ཆིངས་བཞག་ཞབས་ཞུ་སྔོན་ལ་ལག་བསྟར་བྱས་པ་དང་། ལོ་འདིའི་ནང་དལ་བའི་རང་བཞིན་གྱི་ནད་པར་སྨན་བཅོས་བྱེད་ཚད་ཡོངས་ལ་ཁེབས་པར་བྱས་ཏེ། བདེ་ཐང་དོ་དམ་གྱི་ཚད་གཞི་བརྒྱ་ཆའི་བརྒྱ་ལ་སླེབས་པར་བྱས་ནས། ཆ་རྐྱེན་དང་མཐུན་པའི་ནད་པར་ལུས་པོར་བརྟག་དཔྱད་ཐེངས་ཤིག་སྤེལ་རྒྱུ་ཡིན་པ་རེད།
ནད་གཞི་ལྕི་མོའི་ནད་པའི་འགན་སྲུང་ལམ་ལུགས་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། གཞི་རྩའི་སྨན་བཅོས་འགན་སྲུང་དང་ནད་གཞི་ལྕི་མོའི་རྩིས་ཞུ་ཐེངས་གཉིས་པ། དམངས་སྲིད་སྨན་བཅོས་རོགས་སྐྱོར་དང་ཚོང་ལས་འགན་སྲུང་ཁ་གསབ་སོགས་གསལ་བོར་བཟོས་ཏེ། རོང་འབྲོག་ཁུལ་གྱི་དབུལ་ཕོངས་མི་གྲངས་སྨན་ཁང་དུ་སྡོད་པའི་སྨན་བཅོས་འགྲོ་གྲོན་སྲིད་ཇུས་ནང་ཚུན་དང་ཡང་ན་ལུགས་མཐུན་འགྲོ་གྲོན་རང་ཉིད་ཀྱིས་སྤྲོད་དགོས་པའི་བསྡུར་ཚད་བརྒྱ་ཆའི་བཅུ་ཡིས་ཇེ་དམར་བཏང་།
བདེ་ཐང་དབུལ་སྐྱོར་ལས་དོན་ནི་ད་ལོའི་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཁྲོད་ཀྱི་ལས་དོན་གལ་ཆེན་ཞིག་ཡིན་པ་རེད། ད་ལོར་རང་ཞིང་གིས་གཙོ་བོ་དབུལ་ཕོངས་མང་ཚོགས་ཀྱིས་ནད་ལ་སྟོན་ཐུབ་པ་དང་སྟོན་སླ་བ། སྟོན་བདེ་བ། ནད་ཡམས་ཕོག་ཚད་ཇེ་དམའ་རུ་གཏོང་བ་བཅས་ལ་འགན་སྲུང་དང་དམ་འཛིན་བྱས་ཏེ། དབུལ་སྐྱོར་བདེ་ཐང་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་པ་རེད།
རྩོམ་སྒྲིག་པ། འབྲུག་མོ།