རང་ཞིང་གི་སྨན་བཅོས་འགན་སྲུང་ཁྲོད་ཞུགས་ཡོད་པ་དག་གིས་ཞིང་ཆེན་གཞན་ནས་ཐད་ཀར་དུ་སྨན་བཅོས་འགན་སྲུང་བྱང་བུ་བེད་སྤྱོད་བྱས་ཆོག་པ་ལེགས་འགྲུབ་བྱུང་བ།
2017.09.25 ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ཀློག་གྲངས། 25

ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན་ནས་བཟུང་རང་ཞིང་གི་སྤྱི་ཚོགས་འགན་སྲུང་བྱང་བུ་ཞིང་ཆེན་གཞན་པ་ནས་ཐད་ཀར་བེད་སྤྱོད་བྱས་ཆོག་པ་ལེགས་འགྲུབ་བྱུང་བ་རེད།

ཟླ་བརྒྱད་པའི་ཚེས་གཅིག་ཉིན་ནས་བཟུང་། ཟི་ལིང་གྲོང་ཁྱེར་གྱི་རིམ་པ་སོ་སོའི་སྤྱི་ཚོགས་འགན་སྲུང་ལས་དོན་སྡེ་ཁག་གིས་གཞི་རྩའི་སྨན་བཅོས་འགན་སྲུང་བྱང་བུ་ཞིང་ཆེན་གཞན་པ་ནས་ཐད་ཀར་བེད་སྤྱོད་བྱས་ཆོག་པའི་ཞབས་ཞུ་དངོས་སུ་སྒྲུབ་མགོ་ཚུགས་པ་དང་། འདིས་ཟི་ལིང་གྲོང་ཁྱེར་གྱི་རིམ་པ་སོ་སོའི་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་སྒྲུབ་པའི་སྨན་བཅོས་འགན་སྲུང་ཁྲོད་ཞུགས་མཁན་རྣམས་ཀྱིས་ཞིང་ཆེན་གཞན་པ་ནས་སྨན་བཅོས་དང་སྨན་ཁང་དུ་བསྡད་ཆོག་པ་མཚོན་པར་མ་ཟད།ཐད་ཀར་སྨན་བཅོས་འགན་སྲུང་བྱང་བུ་བཀོད་ནས་རྩིས་བརྒྱབ་ཆོག་པ་རེད།

མིག་སྔར།ཟི་ལིང་གྲོང་ཁྱེར་གྱིས་ཞིང་ཆེན་གཞན་པ་ནས་སྨན་བཅོས་འགན་སྲུང་བྱང་བུ་ཐད་ཀར་བེད་སྤྱོད་བྱས་ཆོག་པའི་ས་གནས་ནི་པེ་ཅིང་གྲོང་ཁྱེར་དང་། ཐེན་ཅིན་གྲོང་ཁྱེར། ཧྲན་ཏུང་ཞིང་ཆེན། ཅང་སུའུ་ཞིང་ཆེན། སི་ཁྲོན་ཞིང་ཆེན། ཧི་ནན་ཞིང་ཆེན། ཧི་པེ་ཞིང་ཆེན། ཡུན་ནན་ཞིང་ཆེན། ཀན་སུའུ་ཞིང་ཆེན་བཅས་ས་ཁུལ་བཅུ་འདུས་ལ། གོང་གི་ས་ཁུལ་བཅུ་ནས་ལས་འཁྱུར་ངལ་གསོ་བྱས་ཏེ་ས་གནས་གཞན་པ་ནས་འདུས་སྡོད་བྱེད་པའི་ཇུས་གཞི་བཟོས་ཡོད་པ་དང་། དུས་ཡུན་རིང་བོར་ས་གནས་གཞན་པ་ནས་བྱ་བ་སྒྲུབ་པའི་ཇུས་གཞི་བཟོས་ཡོད་པ། ཟི་ལིང་གྲོང་ཁྱེར་ནས་སྒྲུབ་ཟིན་པའི་སྨན་བཅོས་འགན་སྲུང་བྱང་བུ་ཚད་བཀག་མེད་པར་བཀོལ་ཆོག་པའི་ཇུས་གཞི་བཟོས་པའི་མི་སྣ་བཅས་ཀྱིས་ས་དེ་གའི་སྨན་ཁང་དག་ནས་སྨན་བཅོས་དང་རྩིས་བརྒྱབ་ཆོག་པ་རེད

མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གཉིས་པ། མཚོ་སྔོན་ཞིང་ཆེན་རྒྱ་དྲམ་དམར་པོ་སྨན་ཁང་། མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་སྨན་ཁང་། མཚོ་སྔོན་ཞིང་ཆེན་ཀླད་སྙིང་ཁྲག་རྩའི་སྨན་ཁང་། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གསུམ་པ། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་བ། མཚོ་སྔོན་ཞིང་ཆེན་མ་བུ་བྱིས་པའི་སྨན་ཁང་། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོ་བཅས་སྨན་ཁང་དགུ་ནས་ཞིང་ཆེན་གཞན་ནས་བེད་སྤྱོད་བྱས་ཆོག་པའི་ལས་དོན་སྒྲུབ་ཆོག་པ་རེད།

ཉེ་བའི་ལོ་འགའི་རིང་། ཟི་ལིང་གྲོང་ཁྱེར་གྱི་གཞི་རྩའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུ་ཆ་སྙོམས་ཅན་གྱི་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་སོང་ཞིང་། གཞི་རྩའི་སྨན་བཅོས་འགན་སྲུང་ལམ་ལུགས་མུ་མཐུད་དུ་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་ཞང་གྲོང་སྡོད་དམངས་ཀྱིས་འཕྲོད་བསྟེན་ཞབས་ཞུ་ལོངས་སྤྱོད་བྱེད་པའི་ནུས་པ་ཇེ་མཐོར་སོང་བ་དང་། ཞང་གྲོང་འཕྲོད་བསྟེན་ཞབས་ཞུ་འོས་འཚམ་གྱིས་བེད་སྤྱོད་བྱས་ནས་སྨན་བཅོས་ལས་ཁུངས་ཀྱི་མི་ཆོས་རིང་ལུགས་ཀྱི་ཞབས་ཞུ་འདུ་ཤེས་མངོན་གསལ་གྱིས་ཇེ་མཐོར་སོང་ཞིང་། ཞབས་ཞུ་ནུས་པ་མཐོར་འདེགས་བྱུང་ཡོད་པ་རེད།

རྩོམ་སྒྲིག་པ། འབྲུག་མོ།