ཉེ་ལམ། མཚོ་སྔོན་ཞིང་ཆེན་ཆབ་སྲིད་གཞུང་ལས་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གཅོང་ནད་སྔོན་འགོག་ཀྱི་དུས་ཡུན་རིང་མོའི་འཆར་བཀོད་པར་དུ་བསྐྲུན་ནས་འགྲེམ་སྤེལ་བྱས་ཏེ། ཕྱོགས་ཡོངས་ནས་མཚོ་སྔོན་ཞིང་ཆེན་གྱི་གཅོང་ནད་སྔོན་འགོག་བྱ་བར་བཀོད་སྒྲིག་བྱས།
འཆར་བཀོད་ལས་བསྟན་དོན། གནས་བབ་གསར་བའི་འོག་གི་ཏང་གི་འཕྲོད་བསྟེན་དང་བདེ་ཐང་བྱ་བ་རྒྱུན་འཁྱོངས་དང་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱེད་པ་ནི་གཙོ་ལམ། མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོར་འདེགས་ནི་ལྟེ་བ། སྨན་རྫས་འཕྲོད་བསྟེན་ལམ་ལུགས་བཅོས་བསྒྱུར་ནི་སྒུལ་ཤུགས། གཅོང་ནད་ཉེན་ཚབས་ཚོད་འཛིན་ནི་རྒྱུ་རྐྱེན། བདེ་ཐང་ཁོར་ཡུག་འཛུགས་སྐྲུན་ནི་གཙོ་གནད། བདེ་ཐང་ཡར་སྐུལ་དང་བདེ་ཐང་དོ་དམ་ནི་བྱེད་ཐབས་བཅས་སུ་བཟུང་ནས། མི་དམངས་ཡོངས་ཀྱི་བདེ་ཐང་འདུ་ཤེས་དང་བྱ་སྤྱོད་ནུས་པ་མཐོར་འདེགས་སུ་བཏང་སྟེ། ནད་བཅོས་ནི་དཀྱིལ་སྙིང་ཡིན་པ་ནས་བདེ་ཐང་ནི་དཀྱིལ་སྙིང་ཅན་དུ་འགྱུར་བ་མངོན་འགྱུར་དང་ནུས་ཤུགས་ཡོང་རྒུས་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།
ད་དུང་འཆར་བཀོད་ལས་ནན་གྱིས་བསྟན་དོན། སྲིད་གཞུང་གིས་སྣེ་ཁྲིད་ལེགས་པོ་མཛད་དེ། སྡེ་ཁག་བར་མཉམ་སྒྲུབ། སྤྱི་ཚོགས་ལ་སྐུལ་སློང་། མི་དམངས་ཡོངས་གཅོང་ནད་ཕྱོགས་བསྡུས་སྔོན་འགོག་ལ་ཞུགས་སུ་བཅུག་ནས། རང་ཉིད་ནི་དཀྱིལ་སྙིང་དང་ཕན་ཚུན་རོགས་རེམ། སྤྱི་ཚོགས་ལ་རྒྱབ་སྐྱོར། སྲིད་གཞུང་གིས་སྣེ་ཁྲིད་པའི་བདེ་ཐང་དོ་དམ་མ་དཔེ་འཛུགས་སྐྲུན་བྱེད་དགོས། སྔ་མོ་ནས་གཅོང་ནད་ཀྱི་ནད་གཞི་བརྟག་དཔྱད་དང་ནད་རྟགས་ངོས་འཛིན་བྱས་ཏེ། ནད་ཡམས་གསོ་བཅོས་ནས་བདེ་ཐང་དོ་དམ་ལ་འཕོ་འགྱུར་གཏོང་དགོས། ད་དུང་གནས་གཞི་མི་མཐུན་པ་དང་མི་ཚོགས་མི་མཐུན་པའི་གཅོང་ནད་ཀྱི་དར་ཁྱབ་ཁྱད་རྟགས་དང་སྔོན་འགོག་དགོས་མཁོ་ལ་གཞིགས་ནས། དམིགས་སའི་རང་བཞིན་ལྡན་པའི་སྔོན་འགོག་ཀྱི་དམིགས་འབེན་དང་ཐབས་ཇུས་གཏན་འབེབས་བྱེད་དགོས།
དེ་དང་ལྷན་དུ། འཆར་བཀོད་ལས་གཅོང་ནད་ཚབས་ཆེན་བྱུང་ནས་སྔ་མོར་འཆི་བའི་ཤི་ཚད་ཉུང་དུ་གཏོང་བ་ལྟེ་བའི་དམིགས་འབེན་དུ་བཟུང་ནས། སྤྱི་ལོ་ཉིས་སྟོང་ཉི་ཤུ་ནས་ཉིས་སྟོང་ཉེར་ལྔའི་ནང་། ལོ་སུམ་ཅུ་ནས་བདུན་ཅུ་བར་གྱི་མི་ཚོགས་ལ་འབྲས་སྐྲན། གཅིན་པ་མངར་འགྱུར་གྱི་ནད་ བྱུང་ནས་སྔ་མོ་ནས་འཆི་བའི་ཤི་ཚད་སོ་སོ་ནས་བརྒྱ་ཆའི་བཅུ་ནས་བཅོ་ལྔ་མར་ཕབ་དུ་འཇུག་དགོས་ལ། གཅོང་ནད་སྔོན་འགོག་བྱ་བའི་གནད་འགག་དུམ་ཚན་དང་བསྟུན་ཏེ། སྔོན་འགོག་འཇབ་ཇུས་དང་བྱེད་ཕྱོགས་ཉི་ཤུ་བཏོན།
འཆར་བཀོད་ལས་གཅོང་ནད་སྔོན་འགོག་དེ་བདེ་ཐང་གི་མཚོ་སྔོན་འཛུགས་སྐྲུན་དང་སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་གཏིང་ཟབ་སྒོས་བསྒྱུར་བཅོས་བྱེད་པའི་ནང་དོན་གཙོ་བོ་བཞག་ནས།ཉིན་རེའི་གལ་ཆེན་གྱི་གྲོས་དོན་གྲས་སུ་འཇོག་པ་དང་དཔྱད་འཇོག་བྱེད་ཐབས་བཀོལ་ནས་སྒྲིག་འཛུགས་བྱ་བར་ཤུགས་སྣོན་རྒྱག་པ།ས་ཁུལ་དང་ཚན་ཁག་རེ་རེས་ལས་བགོས་འགན་ནུས་ལྟར་འཆར་བཀོད་ཀྱི་ལས་འགན་གཙོ་བོ་དོན་འཁྱོལ་ཡོང་བར་བྱས་ཏེ་གཅོང་ནད་སྔོན་འགོག་བྱ་བའི་སྟོབས་ཤུགས་གཅིག་སྒྲིལ་ཅན་དུ་གྲུབ་པར་བྱེད་པ།དྲང་ཕྱོགས་དྲིལ་སྒྲོག་དང་གླེང་ཕྱོགས་ལ་ལྟ་རྟོག ཚན་རིག་གིས་སྣེ་ཁྲིད་དང་དཔེ་མཚོན་ཅན་གྱི་གནས་ཚུལ་སྤེལ་བར་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་གཅོང་ནད་སྔོན་འགོག་ཐད་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་མཁའ་དབུགས་བཟང་པོ་ཞིག་གྲུབ་པར་བྱེད་དགོས་པའི་རེ་བ་བཏོན་ཡོད།
འཆར་བཀོད་ལས་གཅོང་ནད་སྔོན་འགོག་དེ་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་དང་སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་གཏིང་ཟབ་སྒོས་བསྒྱུར་བཅོས་བྱེད་པའི་ནང་དོན་གཙོ་བོར་བཞག་ནས། ཉིན་རེའི་གལ་ཆེན་གྱི་གྲོས་དོན་གྲས་སུ་འཇོག་པ་དང་དཔྱད་འཇོག་བྱེད་ཐབས་བཀོལ་ནས་སྒྲིག་འཛུགས་བྱ་བར་ཤུགས་སྣོན་རྒྱག་པ། ས་ཁུལ་དང་ཚན་ཁག་རེ་རེས་ལས་བགོས་འགན་ནུས་ལྟར་འཆར་བཀོད་ཀྱི་ལས་འགན་གཙོ་བོ་དོན་འཁྱོལ་ཡོང་བར་བྱས་ཏེ་གཅོང་ནད་སྔོན་འགོག་བྱ་བའི་སྟོབས་ཤུགས་གཅིག་སྒྲིལ་ཅན་དུ་གྲུབ་པར་བྱེད་པ། དྲང་ཕྱོགས་དྲིལ་སྒྲོག་དང་གླེང་ཕྱོགས་ལ་ལྟ་རྟོག ཚན་རིག་གིས་སྣ་འདྲེན་དང་དཔེ་མཚོན་ཅན་གྱི་གནས་ཚུལ་སྤེལ་བར་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་གཅོང་ནད་སྔོན་འགོག་ཐད་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་མཁའ་དབུགས་བཟང་པོ་ཞིག་གྲུབ་པར་བྱེད་དགོས་པའི་རེ་བ་བཏོན་ཡོད།
རྩོམ་སྒྲིག་པ། འབྲུག་མོ།