མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་གིས་སྨན་བཅོས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ་དམངས་ཚིས་ལེགས་བཅོས་བྱས་པ།
2017.11.07 ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ཀློག་གྲངས། 20

 ཉེ་བའི་ལོ་འདི་འགར། མགོ་ལོག་བོད་རིག་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གིས་འཕྲོད་བསྟེན་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་མུ་མཐུད་དུ་འཐུས་ཚང་དུ་བཏང་སྟེ། ཤུགས་ཆེན་པོས་བདེ་ཐང་ཐད་ཀྱི་གནད་འཁེལ་དབུལ་སྐྱོར་བྱས་ཏེ་སྨན་བཅོས་ཞབས་ཞུའི་ཆུ་ཚད་དང་སྤུས་ཚད་ཧུར་བརྩོན་གྱིས་ཇེ་མཐོར་བཏང་། སྤྱི་གཞུང་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་དང་ནད་རིགས་སྔོན་འགོག་ཚོད་འཛིན། གཞུང་གཉེར་སྨན་ཁང་བཅོས་བསྒྱུར་སོགས་ཀྱི་བྱ་བའི་གྲུབ་འབྲས་མངོན་གསལ་གྱིས་ཇེ་ལེགས་སུ་སོང་སྟེ་དམངས་ཡོངས་ཀྱི་བདེ་ཐང་དང་བདེ་སྐྱིད་ཀྱི་ཚད་གཞི་རྒྱུན་མཐུད་སྒོས་ཇེ་མཐོར་སོང་།

གཅིག་སྒྲིལ་རྫོང་གིས་ལོ་ལྔའི་རིང་མ་དངུལ་སྒོར་འབུམ་བདུན་དང་ཁྲི་བརྒྱད་བསྡུས་ཏེ་སྡེ་བ་བཅུ་གསུམ་གྱི་འཕྲོད་བསྟེན་ཁང་གི་ལས་གཞི་འཛུགས་སྐྲུན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས། རྫོང་ཡོངས་ནས་སྡེ་བ་རིམ་པའི་འཕྲོད་བསྟེན་ཁང་ཉེར་གཉིས་བཙུགས་ཡོད་ལ་རྫོང་དང་ཞང་། སྡེ་བའི་རིམ་པ་གསུམ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲ་རྒྱའི་འཛུགས་སྐྲུན་དང་སྒྲིག་ཆས་བཀོད་སྒྲིག ཆེད་ལས་ལག་རྩལ་མི་སྣའི་ཁ་གསབ་བཅས་ལེགས་འགྲུབ་བྱུང་བར་མ་ཟད་ཧུར་བརྩོན་གྱིས་མ་དངུལ་བརྩོན་ལེན་བྱས་ནས། ཚོན་ལྡན་ཁྲག་དབུགས་དབྱེ་ཞིབ་དཔྱད་ཆས་དང་རང་འགུལ་ཕོ་བཀྲུ་འཕྲུལ་ཆས་སོགས་སྔོན་ཐོན་སྨན་བཅོས་སྒྲིག་ཆས་ཉོས་ནས་ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་གཞུང་སྒྲུབ་ཁོར་ཡུག་ཤུགས་ཆེན་པོས་ལེགས་བཅོས་བྱས་ཏེ་མཁར་གྲོང་གི་སྨན་བཅོས་འཕྲོད་བསྟེན་ཆ་རྐྱེན་མངོན་གསལ་གྱིས་ལེགས་བཅོས་བྱུང་།

རྩོམ་སྒྲིག་པ། འབྲུག་མོ།