མཚོ་སྔོན་ཞིང་ཆེན་གྱིས་སྡོད་དམངས་ལ་བདེ་ཐང་བྱང་བུ་སྐོར་དང་པོ་བྱིན་པ།
2018.01.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན། ཞིང་ཆེན་ཡོངས་ཀྱི་སྡོད་དམངས་ཀྱི་བདེ་ཐང་བྱང་བུའི་ལས་གཞི་དང་སྡོད་དམངས་ཀྱི་བདེ་ཐང་བྱང་བུ་སྤྲོད་པའི་འཛད་སྒོ་དེ་ཞིང་ཆེན་མི་དམངས་སྨན་ཁང་ནས་སྤེལ། རྗེས་ཕྱོགས་སུ་མང་ཚོགས་རྣམས་ཀྱིས་སྨན་བཅོས་ཨང་ཐོ་འགོད་པ་དང་། སྨན་པར་སྟོན་པ། ལུས་ཕུང་ལ་ཞིབ་བཤེར་བྱེད་པ། གྲོན་དངུལ་སྤྲོད་པ། སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་པ་ལ་སོགས་པའི་ཞབས་ཞུའི་བརྒྱུད་རིམ་ཧྲིལ་པོར་སྨན་བཅོས་བྱང་བུ་གཅིག་བཀོལ་སྤྱོད་བྱེད་རྒྱུ་རེད། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཚོད་ལྟ་བྱེད་ས་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དང་། མཚོ་སྔོན་སློབ་ཆེན་ཁོང་གཏོགས་སྨན་ཁང་། མཚོ་སྔོན་ཞིང་ཆེན་གྱི་མ་བུ་བདེ་སྲུང་སྨན་ཁང་། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པ་བཅས་སུ་ཚོད་ལྟ་བྱས་ཏེ་གནས་གཅིག་གི་ཁྱོན་ཡོངས་ཁྲིད་པ་བརྒྱུད་དེ་སྡོད་དམངས་ཀྱི་བདེ་ཐང་བྱང་བུ་རིམ་བཞིན་ཁྱབ་གདལ་དུ་བཏང་བ་རེད།

སྡོད་དམངས་ཀྱི་བདེ་ཐང་བྱང་བུའི་བྱེད་ལས་གཙོ་བོ་ནི་སྡོད་དམངས་ཀྱི་ཐོབ་ཐང་དབྱེ་འབྱེད་ངོས་འཛིན་བྱེད་པ་ཡིན་ལ། མཁར་གྲོང་སྡོད་དམངས་ཀྱིས་བྱང་བུ་འཁྱེར་ནས་རིམ་པ་ཁག་གི་སྨན་བཅོས་ལས་ཁུངས་ནས་དུས་ཆད་འདེབས་པ་དང་། ཨང་ཐོ་བཀོད་པ། སྨན་པར་སྟོན་པ། སྨན་ལེན་པ་སོགས་ཀྱི་ལས་སྒོ་སྒྲུབ་ཆོག་པ་དང་། སྨན་བཅོས་ཞབས་ཞུའི་བྱང་བུའི་གཅིག་སྤྱོད་མངོན་འགྱུར་བྱས་པ་དང་། སྡོད་དམངས་ཀྱི་བདེ་ཐང་ཡིག་ཚགས་དང་། གློག་རྡུལ་ནད་ཐོ་དང་ནད་བརྟག་སྨན་བཅོས་ཀྱི་ཆ་འཕྲིན་གཙོ་བོ་བཅས་གསོག་འཇོག་བྱས་ནས་མཁར་གྲོང་སྡོད་དམངས་ཀྱི་བདེ་ཐང་དོ་དམ་མངོན་འགྱུར་བྱུང་སྟེ། ས་ཁོངས་ལས་བརྒལ་བ་དང་ཡུལ་གཞན་དུ་སྨན་བཅོས་བྱེད་སྐབས་གྲངས་གཞི་བརྗེ་རེས་མཉམ་སྤྱོད་བྱས་ཏེ། མཁར་གྲོང་སྡོང་དམངས་ཀྱི་བདེ་ཐང་ཆ་འཕྲིན་དེ་རིམ་པ་ཁག་གི་སྨན་བཅོས་ལས་ཁུངས་ཀྱི་ཕན་ཚུན་སྦྲེལ་མཐུད་དང་མཉམ་སྤྱོད་བྱས་ཏེ། མང་ཚོགས་ཀྱི་སྨན་བཅོས་བྱེད་པར་སྟབས་བདེ་བསྐྲུན་ཡོད། བྱང་བུ་མང་པོ་གཅིག་བསྡུས་བྱས་ནས་སྨན་ཁང་གི་སྨན་བཅོས་བྱང་བུ་དང་། རིམས་ནད་སྔོན་འགོག་གི་འགོག་སྨན་རྒྱག་པའི་ལག་ཁྱེར། མ་བུ་བདེ་སྲུང་བྱང་བུ་བཅས་ལ་སྡེབ་སྒྲིག་བྱས་ཏེ། ཁྱིམ་ཚང་སྨན་པའི་གྲོས་མཐུན་ཞབས་ཞུ་དང་བདེ་ཐང་གི་དབུལ་སྐྱོར་ཆ་འཕྲིན་དོ་དམ་ལ་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་སྟེ། མང་ཚོགས་ལ་སྟབས་བདེའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་སོགས་ལོངས་སྤྱོད་བྱེད་དུ་བཅུག་ཏེ་གློག་རྡུལ་གྱི་བདེ་ཐང་བྱང་བུ་དེ་དངུལ་ཁང་གི་བྱང་བུའི་སྟེང་སྦྲེལ་ནས་ནད་པར་འགྲོ་སོང་རྩིས་རྒྱག་ཐད་སྟབས་བདེ་བསྐྲུན་ཡོད།

སྨན་བཅོས་བྱང་བུ་གཅིག་སྤྱོད་བྱ་རྒྱུ་མངོན་འགྱུར་བྱུང་རྗེས་དང་། ནད་པས་བདེ་ཐང་བྱང་བུའིAPP དང་། སྐད་འཕྲིན་ལག་ཐོག་སྨན་ཁང་གི་ཐབས་ལམ་མང་པོའི་ཐོག་ནས་ཨང་ཐོ་འགོད་པར་དུས་ཆད་འདེབས་ཆོག་པ་མ་ཟད་ད་དུང་སྨན་པར་སྟོན་ན་ཨང་གྲངས་ལེན་མི་དགོས། སྨན་པས་མགྱོགས་མྱུར་སྒོས་བདེ་ཐང་རྩ་གཉིས་ཨང་རྟགས་བཤེར་འབེབས་བརྒྱུད་ནས་ནད་པའི་བདེ་ཐང་གི་གློག་རྡུལ་ཡིག་ཚགས་ལ་ལྟ་ཐུབ། ནད་པས་སྨན་ཁང་གིAPPདང་། འཕྲིན་ཕྲན་སྤྱི་རྟགས། རང་འདེམས་མཐའ་སྣེ་སོགས་ཐབས་ལམ་མི་འདྲ་ས་ནས་གྲོན་དངུལ་སྤྲོད་ཐུབ་པ་མ་ཟད་དུས་མཚུངས་སུ་གློག་རྡུལ་དངུལ་སྤྲོད་འཛིན་ཤོག་གིས་སྣེ་སྟོན་བྱས་པ་ལྟར་ཐད་ཀར་གཏན་འཁེལ་བྱས་པའི་སྒེའུ་ཁུང་དུ་སོང་སྟེ་སྨན་ལེན་ཆོག་པ་དང་། སྐད་འཕྲིན་སྟེང་དུ་བརྟག་དཔྱད་བྱས་པའི་མཇུག་འབྲས་དྲིས་ཆོག་པ་དང་། ནད་པས་བདེ་ཐང་གི་རྩ་གཉིས་ཨང་རྟགས་ལ་བརྟེན་ནས་ཐད་ཀར་སྨན་ཁང་སྡོད་པའི་འགྲོ་ལུགས་གཉེར་ཆོག་པ་མ་ཟད་ད་དུང་དྲ་རྒྱའི་སྒོ་བསྟེན་སྨན་ཁང་བརྒྱུད་ནས་སྨན་བཅོས་སྐོར་གྱི་གནད་དོན་མང་པོར་བློ་འདྲི་བྱས་ཆོག།

རྩོམ་སྒྲིག་པ། འབྲུག་མོ།