བོད་སོག་གསོ་རིག་ལས་ཁམས་གསོ་བདེ་སྲུང་དང་སྲོལ་རྒྱུན་བཅོས་ཐབས་སྐོ ར། མུ་འགོད།
2018.03.13 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 30

ཕྱི་བཅོས་ནད་འགོག་ཐད་ལ་རྒྱུན་སྤྱོད་སྲན་ཕྱེ་ཡིས་ལུས་ཡོངས་འཕུར་ན་ནད་རིགས་སྔོན་འགོག་བྱེད་ཐུབ་ལ། རྒྱུན་པར་ལུས་རྩལ་སྦྱོང་བ་དང་སྨན་ལུམས་ལ་བསྡད་ན་རིམས་ནད་འགོག་པ་དང་ལུས་ཟུངས་གསོ་ཐུབ།

སོས་ཀ་ནི་བོད་རྩིས་ཀྱི་ཟླ་བཞི་བ་དང་ལྔ་བ་ལ་ཟེར། དུས་སྐབས་དེར་ཉི་འོད་རིམ་བཞིན་ཇེ་དྲག་ཏུ་སོང་སྟེ་མིའི་ལུས་པོའི་སྟེང་གི་དྲོད་ཚད་ཕྱིར་ཤོར་ནས་ལུས་སྟོབས་རིམ་བཞིན་ཇེ་ཞན་དུ་འགྲོ་བ་རེད།
བཟའ་བཏུང་གི་སྐོར་ནས་ཞུ་སླ་བ་དང་འཇམ་པོ། གྲང་མོའི་རིགས་ཟ་བ་ལས། ཚྭ་བ་དང་ཁ་ཚ། སྐྱུར་སོགས་བསྟེན་མི་རུང་། དགུན་དུས་སྔོ་ཚོད་རིགས་ཅུང་ཉུང་བས་མིའི་ལུས་ལ་འཚོ་བཅུད་ཀྱིས་མི་འདང་བ་དང་། སོས་ཀའི་དུས་སུ་སྔོ་ཚོད་གསར་བའི་རིགས་ལས་ཚིལ་ཞག་མཐོ་བའི་ཟས་རིགས་བསྟེན་མི་རུང་།

ལྭ་བ་སྲབ་མོའི་རིགས་གྱོན་ན་རན་པ་དང་འགུལ་སྐྱོད་མང་ཙམ་བྱེད་པ། རྒྱུན་པར་སྦྱོང་བརྡར་བྱས་ནས་དྭངས་བསིལ་དང་དྲི་བསུང་ལྡན་པའི་ཁོར་ཡུག་ཏུ་སྡོད་པ་ལས་ཉི་མར་ལྡེ་ཡུན་རིང་མི་རུང་།

ཕྱི་བཅོས་རིམས་འགོག་བྱེད་པར་འཕུར་མཉེས་དང་སྦྱོང་བརྡར་བྱེད་དགོས། དེ་ལྟར་བྱས་ན་ལུས་པོའི་ངལ་དུབ་སེལ་བ་དང་། ལུས་པོ་བདེ་མོ་ཡིན་པ། ཤ་གྲིམ་ཇེ་ལེགས་དང་ཚེ་ཐག་ཇེ་རིང་དུ་གཏོང་ཐུབ། རྒྱུན་པར་ལུས་པོ་བཀྲུ་བ་དང་མཁལ་མ་གསོ་བ་དང་། ལུས་པོ་བདེ་ཐང་ཡོང་བ་དང་ཡག་ལས་བཅས་བྱེད་ཐུབ་པར་མ་ཟད། ལུས་སྟེང་གི་དྲི་ངན་གཙང་སེལ་དང་ཚེ་ཐག་རིང་བར་ཕན།

དབྱར་ཁ་ནི་བོད་རྩིས་ཀྱི་ཟླ་དྲུག་པ་དང་བདུན་པར་གོ སྐབས་དེར་ཆར་ཆུ་མོད་པ་དང་མཁའ་དབུགས་ལ་བརླན་བཤེར་ལྡན་པ་རེད། གནས་ཚུལ་དེའི་འོག་ཕོ་བའི་མེ་དྲོད་ལ་གནོད་པ་ཐེབས་བཞིན་ཡོད་པས། དྲོད་ཆེ་བའི་ཟས་རིགས་བསྟེན་ན་གྲང་རླུང་ལ་གཡོལ་བའི་དམིགས་ཡུལ་མངོན་འགྱུར་བྱེད་ཐུབ།

བཟའ་བཏུང་གི་སྐོར་ནས་ཁ་ཚ་དང་བསྐ་བ། ཁ་བ་སོགས་དང་དེ་མིན་སྣུམ་ཅན་གྱི་ཟས་རིགས་ཟོས་ནས་ལོ་ཏོག་སྐམ་པོའི་རིགས་ཀྱིས་བསྙལ་བའི་ཆང་རིགས་འཐུང་ན་ཕན་པ་ཡོད།

སྐམ་ཤས་ཆེ་བའི་ཁང་པའི་ནང་བསྡད་དེ་ལུས་པོ་སྦྱོང་བརྡར་རྒྱུན་འཁྱོངས་བྱེད་དགོས། འབོལ་གོས་དང་བསིལ་དྲོད་རིགས་ཀྱི་ལྭ་བ་གྱོན་པར་འཚམ། སྡོང་བོའི་འོག་ཁམས་བསིལ་གཏོང་བ་དང་། ཉིན་གོང་གཉིད་པར་གོམས་ན་ལུས་པོ་བདེ་ཐང་ཡོང་བར་ཕན། 

ཕྱི་བཅོས་རིམས་འགོག་བྱེད་པར་ལུས་པོ་བཀྲུ་བ་དང་། ཆུར་བརྐྱལ་བ་སོགས་ལ་འབད་ན་མཁལ་མ་གསོ་བ་དང་། ལུས་པོ་སྦྱོང་བརྡར། དྲི་ངན་སེལ་ཞིང་ཚེ་ཐག་རིང་བ་སོགས་ཀྱི་བྱེད་ནུས་ཐོན་བཞིན་ཡོད།།

རྩོམ་སྒྲིག་པ། འབྲུག་མོ།