མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྲོག་ཆགས་རིམས་འགོག་ལག་རྩལ་ཐད་ཀྱི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་ནས་བསྡུས།
2018.04.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

མིག་སྔར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྲོག་ཆགས་རིམས་འགོག་ལག་རྩལ་ཐད་ཀྱི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་ནས་བསྡུས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་རྫོང་ཞེ་དྲུག་ནས་ཡོང་བའི་ཞིང་ཕྱུགས་ཅུའུ་ཡི་འགོ་ཁྲིད་གཙོ་བོ་དང་། ཞིང་ཆེན་རིམ་པ་དང་རྫོང་རིམ་པའི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་སོགས་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་ལས་སྒོའི་རྐང་འཛིན་མི་སྣ་བཅས་བསྡོམས་པས་མི་བརྒྱ་དང་ཉི་ཤུ་གསོ་སྦྱོང་ལ་ཞུགས།

རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་བཅོ་བརྒྱད་ལོར་མཚོ་སྔོན་ཞིང་ཆེན་གྱི་སྲོག་ཆགས་རིམས་འགོག་བྱ་བས་སྲོག་ཆགས་ཀྱི་རིམས་ནད་གཙང་སེལ་བྱེད་པར་སྐུལ་འདེད་གཏོང་བ་དང་སྲོག་ཆགས་ཀྱི་འཕྲོད་བསྟེན་ལྟ་སྐུལ་ཁྲིམས་འཛིན་ཚད་ལྡན་ལོའི་བྱ་འགུལ་སྤེལ་བ། སྲོག་ཆགས་ཀྱི་རིམས་ནད་ཞིབ་བཤེར་བྱ་བ་བཟང་བོར་བསྒྲུབ་པ། གསོ་སྤེལ་སྐྱེལ་འདྲེན་དུས་རིམ་གྱི་ལྟ་སྐུལ་དོ་དམ་གཟབ་ནན་གྱིས་སྤེལ་བ། སྲོག་ཆགས་ཀྱི་ནད་བརྟག་སྨན་བཅོས་ཁང་དང་ཕྱུགས་སྨན་ཚོད་ལྟ་ཁང་གི་ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་གཏོང་བ། ནད་ཀྱིས་ཤི་བའི་སྒོ་ཕྱུགས་དང་ཁྱིམ་བྱ་སོགས་ཀྱིས་གནོད་པ་མེད་པར་ཐག་གཅོད་བྱེད་པའི་ནང་རྐྱེན་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ། ཕྱུགས་སྨན་སྡེ་ཁག་གི་ནུས་པ་གཙོ་བོ་མཐོར་འདེགས་གཏོང་བ། ཕྱུགས་སྨན་ཁྱབ་ཁོངས་ཀྱི་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཕྱུགས་སྨན་འཕྲོད་བསྟེན་ཐད་ཀྱི་དྲིལ་སྒྲོག་ཤུགས་ཚད་ཆེ་རུ་གཏོང་བ་སོགས་རིགས་བཅོ་ལྔའི་བྱ་བ་གཙོ་བོར་དམིགས་ཏེ་གཟབ་ནན་གྱིས་སྤེལ་རྒྱུ་རེད།

རྩོམ་སྒྲིག་པ། འབྲུག་མོ།