བོད་སོག་གསོ་རིག་ལས་ཁམས་གསོ་བདེ་སྲུང་དང་སྲོལ་རྒྱུན་བཅོས་ཐབས་སྐོར། མུ་འགོད།
2018.04.16 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 66

(དགུ) རླངས་བཅོས་བྱེད་ཐབས། འདི་ནི་སྨན་རྫས་བསྐོལ་ནས་ཚད་ངེས་ཅན་ཞིག་ལ་ཐོན་རྗེས་རླངས་པའམ་ཆུ་ནང་དུ་འཛུལ་ནས་ཚ་ཟུག་བསླངས་ན་ནད་འགོག་སྨན་བཅོས་བྱེད་ཐུབ་པའི་ཕྱི་བཅོས་བྱེད་ཐབས་ཤིག་ལ་ཟེར། ཆམ་ནད་དང་གཟའ་གྲིབ། རྫི་ཤ་ལུག་པ། བཤང་བ་སྐམ་པ་སོགས་རིམས་ནད་འགོག་བཅོས་ལ་ཕན།

(བཅུ) གཏར་གའི་སྨན་བཅོས་བྱེད་ཐབས། འདི་ནི་སྲོལ་རྒྱུན་གྱི་སྨན་བཅོས་བྱེད་ཐབས་ཤིག་ཡིན་ལ། ལུས་སྟེང་གི་གནས་ངེས་ཅན་དུ་སྐྱི་མོའི་འོག་གི་རྩ་ལམ་གཤགས་པའམ་དེ་ལ་གཙགས་ནས་ཁྲག་ལེན་པའི་གཤག་བཅོས་བྱེད་ཐབས་ཤིག་ལ་ཟེར། རྩ་ལམ་བརྒྱུད་ནས་ཁྲག་ལེན་གྱིན་ཡོད་པས་གསོ་བཅོས་དང་རིམས་ནད་སྔོན་འགོག་བྱ་ཐུབ།

(བཅུ་གཅིག) གསང་མིག་གནོན་པའི་སྨན་བཅོས་བྱེད་ཐབས། ལག་པས་ལུས་སྟེང་གི་གསང་མིག་གནོན་སྐབས་ནད་པའི་ལུས་པོ་འགུལ་ནས་ན་ཟུག་སྐྱེད་སྟངས་ལ་རང་གི་ཚོད་འཛིན་བྱེད་པའི་འཕུར་མཉེ་བྱེད་ཐབས་ཤིག་ལ་ཟེར།

(བཅུ་གཉིས) སོག་རིགས་གསོ་བ་རིག་པའི་གཞུང་ལས་རྭ་ཅོས་མེ་བུམ་རྒྱག་པའི་སྨན་བཅོས་བྱེད་ཐབས། གསོ་ཐབས་འདིས་ཚ་སེལ་དུག་འཇོམས་དང་། ཁྲག་བསིལ་ཁྲག་འཇོག སེམས་བདེ་བག་ཕེབས། ཆུ་ཁམས་གསོ་བ། མེ་སྦྱོང་། ཁྲག་ཤེད་མར་ཆག་པ་སོགས་རླུང་རྒྱུག་པར་སྨན་གྱི་ནུས་པ་ཐོན་པ་དང་། རླུང་དང་རླན་སེལ་བ། མི་གཙང་བ་སེལ་བ། རླུང་རྒྱུག་ཁྲག་གསོ། སྐྲངས་ཞི་ཟུག་འཇོམས། དུག་སེལ་སོགས་མིའི་ལུས་སྟེང་གི་གདགས་སྲིབ་སྙོམ་སྒྲིག་བྱེད་པ་དང་། ནད་རིགས་སྨན་བཅོས་ཀྱི་ཕན་ནུས་ལྡན།

( བཅུ་གསུམ) སང་རས་ཀྱིས་བཏུམ་པའི་སྨན་བཅོས་བྱེད་ཐབས། སྨན་རྫས་སང་རས་སུ་བླུགས་ནས་ན་བའི་གནས་དང་གསང་མིག་བཏུམ་པ་ནི་ནད་རིགས་གསོ་བཅོས་བྱེད་པའི་ཕྱི་བཅོས་བྱེད་ཐབས་རིགས་ཤིག་ཡིན། བཏུམ་ཐབས་ལ་དབྱེ་ན་ཚ་བ་དང་གྲང་བའི་རིགས་གཉིས་ཡོད་དེ། ཟས་རིགས་མི་འཇུ་བ་དང་ཁྲག་འགག་པ། ཚ་རྒྱས་ནད་སོགས་གསོ་བཅོས་བྱེད་པར་ཕན།

(བཅུ་བཞི) མགོ་ལ་ཚ་བསྲོ་རྒྱག་པའི་སྨན་བཅོས་བྱེད་ཐབས། འདི་ནི་ཁྱད་དུ་འཕགས་པའི་མེ་བཙའ་གསོ་ཐབས་ཀྱི་ཆ་ཤས་ཤིག་ཡིན། གཙོ་བོ་སྐེ་ཚིགས་དང་སྐེད་པ། རུས་འཛེར། སྐེད་ཚིགས་འབུར་བ། སོག་པ། མཁལ་གཅོང་། དྲེག་གྲུམ་རང་བཞིན་གྱི་རུས་ཚིགས་ན་བ་དང་། ཀླད་ཁྲག་སོགས་རྒྱུན་མཐོང་ནད་གསོ་བཅོས་བྱེད་པར་ཕན།

(བཅོ་ལྔ) ཁྲག་གཏར་སྨན་བཅོས་བྱེད་ཐབས། འདི་ནི་ཁྲག་ནད་དང་ཚ་རྒྱས་རང་བཞིན་གྱི་ནད། རྨ་དུག གློ་གཅོང་སོགས་གསོ་བཅོས་བྱེད་པར་ཕན།

(བཅུ་དྲུག) སོག་རིགས་གསོ་བ་རིག་པའི་གཞུང་ལས་རྟའི་འོ་སྐྱུར་གྱི་སྨན་བཅོས་བྱེད་ཐབས། འདི་ནི་རྟ་ཡི་འོ་མ་རུལ་ནས་ལས་སྣོན་བྱས་པའི་འཐུང་ཆུའི་རིགས་ཤིགས་ཡིན། ཕོ་རྒྱུའི་ནད་དང་གློ་གཅོང་གི་ནད། དབང་རྩ་ཉམས་པ། རྒན་པ་ཚོའི་སྐེད་པ་ན་བ། ཁྲག་ཤེད་མཐོ་བ། ཁྲག་ཚིལ་མཐོ་བ། གཞང་འབྲུམ། བཤང་བ་སྐམ་པ། དེ་མིན་སྙིང་ནད་སོགས་ལ་གསོ་བཅོས་ཀྱི་བྱེད་ནུས་ཐོན་གྱིན་ཡོད།

(བཅུ་བདུན)བྱེ་མའི་སྨན་བཅོས་བྱེད་ཐབས། འདིའི་བསྡུས་མིང་ལ་བྱེ་ལུམས་ཟེར་ཞིང་། ལྷད་མ་འདྲེས་པའི་སྨན་བཅོས་བྱེད་ཐབས་རིགས་ཤིག་ཡིན་ལ་ལོ་ངོ་སྟོང་ལ་ཉེ་བའི་ལོ་རྒྱུས་ཡོད། རླུང་རླན་དང་པགས་ནད་སོགས་གསོ་བཅོས་བྱེད་པར་ཕན་པ་དང་། ལུས་པོའི་ཚོ་བྱིང་བ་དང་གཟུགས་གཞི་བདེ་ཐང་སོགས་ནད་རིགས་སྔོན་འགོག་བྱེད་པར་ཕན། (མུ་འགོད།)

རྩོམ་སྒྲིག་པ། འབྲུག་མོ།