(བཅོ་བརྒྱད)སྨན་ལུམས་ཀྱི་བཅོས་ཐབས། དེ་ནི་སྲོལ་རྒྱུན་གྱི་རིམས་ནད་ཕྱི་བཅོས་བྱེད་ཐབས་ཤིག་ཡིན་ལ། ལུས་ཡོངས་དང་ཡང་ན་རྐང་ལག་སྨན་གདུས་པའི་སྨན་ཆུའི་ནང་སྦངས་རྗེས། ཚ་ཐབ་སྟེང་ཉལ་ནས་རྔུལ་ཆུ་བཞུར་དུ་བཅུག་ན་པགས་དབྲག་གི་ཁ་ཕྱེ་ནས་གྲང་རླུང་སེལ་བ་དང་། རྩ་དཀར་གསོ་བ་བཅས་ནད་བཅོས་ཀྱི་ནུས་པ་ཐོན་གྱིན་ཡོད། རྐང་ལག་རེངས་འཁུམས། རྨ་གསར་རྙིང་། པགས་ནད་ཀྱི་རིགས་ལ་ཕན་པར་མ་ཟད། དྲེག་ནད་ཀྱི་སྐོར་ལ་ཕན་འབྲས་ཆེན་པོ་ཐོན་གྱིན་ཡོད།
(བཅུ་དགུ) སྣ་བདུག་གི་བཅོས་ཐབས། དེ་ནི་སྨན་རྫས་མེར་བསྲེགས་ནས་དུ་བ་བདུག་པའི་སྨན་བཅོས་བྱེད་ཐབས་གལ་ཆེན་ཞིག་ཡིན། རྒྱུ་རྐྱེན་འདྲ་མིན་ལ་བརྟེན་ནས་བྱུང་བའི་ཚོར་ཤེས་ཉམས་པའི་ནད་པར་མྱུར་སྐྱོབ་བྱེད་ཐབས་གལ་ཆེན་ཞིག་ཡིན།
(ཉི་ཤུ) མེ་ཁབ་ཀྱི་བཅོས་ཐབས། དེ་ནི་སྐམ་ཁབ་མེར་བསྲེགས་ནས་གསང་མིག་ཐོག་གཙག་པའི་ནད་རིགས་འགོག་བཅོས་བྱེད་ཐབས་ཤིག་ཡིན། རྩ་གསོ་གྲང་སེལ་གྱི་ནུས་པ་ལྡན་པར་མ་ཟད། རྩ་ཁ་འབྱེད་པ་དང་ལུས་ཞན་ཟུག་བསྐྱེད་སོགས་ཀྱི་ནད་རྟགས་ཅན་ལ་སྨན་བཅོས་བྱེད་པར་ཕན།
(ཉེར་གཅིག) ལུག་གི་མ་མགལ་རུས་པས་འབྲད་བཅོས་བྱེད་ཐབས། སྲོལ་རྒྱུན་གྱི་སྐེ་ཚིགས་ན་བའི་ནད་རིགས་སྨན་བཅོས་བྱེད་ཐབས་ཤིག་ཡིན་ལ། སྲུབ་འབྲད་བྱས་པ་བརྒྱུད་ལུས་པོའི་ཤ་གནད་འཕུར་མཉེད་བྱས་ནས་ཁྲག་འཁོར་རྒྱུག་བྱེད་དུ་འཇུག་ཐུབ་པས། ཤ་གནད་ན་བ་སོགས་ལ་ཕན་པར་མ་ཟད། ད་དུང་ཁྲག་རྩ་རྒྱ་བསྐྱེད་ནས་རྙིང་ཚབ་གསར་བརྗེ་དང་ནད་རིགས་ཇེ་ཉུང་དུ་གཏོང་བ་སོགས་ལ་ཕན། ། རྫོགས་སོ།
རྩོམ་སྒྲིག་པ། འབྲུག་མོ།