ཟླ་བཞི་པའི་ཚེས་བཅུ་དགུའི་ཉིན་ལ་ཞིང་ཆེན་དམངས་སྲིད་ཐིན་དང་། ཞིང་ཆེན་ནོར་སྲིད་ཐིན་གཉིས་ཀྱིས་་མཉམ་འབྲེལ་སྒོས《 དྭ་ཕྲུག་དང་ཨེ་ཙི་འགོས་ནད་ཕོག་པའི་བྱིས་པའི་གཞི་རྩའི་འཚོ་བའི་གྲོན་དངུལ་འགན་སྲུང་གི་ཚད་གཞི་ཇེ་མཐོར་གཏང་རྒྱུའི་སྐོར་གྱི་བརྡ་ཐོ》འགྲེམས་སྤེལ་བྱས་པ་དང་། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་དྭ་ཕྲུག་དང་ཨེ་ཙི་འགོས་ནད་ཕོག་པའི་བྱིས་པའི་གཞི་རྩའི་འཚོ་བའི་གྲོན་དངུལ་གྱི་ཚད་གཞི་ཇེ་མཐོར་གཏང་རྒྱུ་གཏན་འབེབས་བྱས་ཡོད།
དེའི་ནང་གཅིག་སྡུད་སྒོས་གཉོར་སྐྱོང་བྱེད་པའི་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་ཚད་གཞི་དེ་ད་ལྟ་ལག་བསྟར་བྱེད་བཞིན་པའི་རྨང་གཞིའི་ཐོག་ཟླ་རེར་མི་རེར་ཆ་སྙོམས་ཀྱི་སྒོར་བརྒྱ་རེ་སྣོན་རྒྱུ་དང་། ཟླ་རེར་སྒོར་སྟོང་གཅིག་དང་བརྒྱ་ཡོད་ལ་འཕར་ཚད་བརྒྱ་ཆའི་བཅུ་ཡིན། ཁ་ཐོར་དུ་སྡོད་པའི་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་ཚད་གཞི་དེ་ད་ལྟ་ལག་བསྟར་བྱེད་བཞིན་པའི་རྨང་གཞིའི་ཐོག་ཟླ་རེར་མི་རེར་ཆ་སྙོམས་ཀྱི་སྒོར་བརྒྱ་རེ་སྣོན་རྒྱུ་དང་། ཟླ་རེར་སྒོར་བདུན་བརྒྱ་ཡོད་ལ་འཕར་ཚད་བརྒྱ་ཆའི་བཅུ་དྲུག་དང་གྲངས་ཆུང་དྲུག་ཡིན། ཨེ་ཙི་འགོས་ནད་ཕོག་པའི་བྱིས་པའི་གཞི་རྩའི་འཚོ་བའི་ཚད་གཞི་དེའང་ད་ལྟ་ལག་བསྟར་བྱེད་བཞིན་པའི་རྨང་གཞིའི་ཐོག་ཟླ་རེར་མི་རེར་ཆ་སྙོམས་ཀྱི་སྒོར་བརྒྱ་རེ་སྣོན་རྒྱུ་དང་། ཟླ་རེར་སྒོར་སྒོར་སྟོང་གཅིག་དང་བརྒྱ་ཡོད་ལ འཕར་ཚད་བརྒྱ་ཆའི་བཅུ་ཡིན། ཀྲུང་དབྱང་ནོར་སྲིད་ཀྱིས་ཨེ་ཙི་འགོས་ནད་ཕོག་པའི་བྱིས་པ་དང་དྭ་ཕྲུག་རེར་ཟླ་རེར་སྒོར་བཞི་བརྒྱ་རེ་ཁ་གསབ་བྱས་པ་དང་། ལྷག་མའི་མ་དངུལ་དེ་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་བརྒྱ་ཆའི་བརྒྱད་ཅུ་ཡི་སྤྲོད་འགན་འཁུར་པ་དང་། གྲོང་ཁྱེར(ཁུལ) དང་རྫོང་རིམ་པའི་ནོར་སྲིད་ཀྱིས་བརྒྱ་ཆའི་ཉི་ཤུ་ཡི་སྤྲོད་འགན་འཁུར་དགོས།
འདི་ནི་རང་ཞིང་གིས་ཉིས་སྟོང་བཅུ་གཅིག་ལོར་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་སྲིད་ཇུས་བཙུགས་པ་ནས་ད་བར་དུ་འཚོ་བའི་ཚད་གཞི་ཇེ་མཐོར་བཏང་བ་ཐོག་མ་ཡིན། ཚད་གཞི་ཇེ་མཐོར་བཏང་རྗེས་ཨེ་ཙི་འགོས་ནད་ཕོག་པའི་བྱིས་པ་དང་དྭ་ཕྲུག་ལ་གཉོར་སྐྱོང་མཁོ་བའི་ཟས་རིན་དང་། གྱོན་ཆས། ཉལ་ཆས། རྒྱུན་གཏན་མཁོ་ཆས་ཀྱི་གྲོན་དངུལ། སློབ་གསོའི་འགྲོ་གྲོན། གཞི་རྩའི་སྨན་བཅོས་གྲོན་དངུལ་དང་ལུས་གསོའི་གྲོན་དངུལ་བཅས་ལ་ཕན་ནུས་ལྡན་པའི་འགན་སྲུང་ཐོབ་སྲིད་པས། རང་ཞིང་གིས་བྱིས་པའི་ཕན་བདེའི་བྱ་གཞག་དེ་ཕན་བདེའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་།
རྒྱུས་ལོན་བྱུང་བ་ལྟར། ད་སྔ་རང་རེའི་ཞིང་ཆེན་གྱི་གཅིག་སྡུད་སྒོས་དྭ་ཕྲུག་གཉོར་སྐྱོང་བྱེད་པའི་གཞི་རྩའི་འཚོ་བའི་གྲོན་དངུལ་དེ་ནུབ་བྱང་གི་ཞིང་ཆེན་ཁྲོད་ཚད་གཞི་ཆེས་མཐོ་ཤོས་ཡིན་ལ། ཁ་ཐོར་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་གྲོན་དངུལ་གྱི་ཚད་གཞི་དེ་ཨང་གཉིས་པ་རེད།
རྩོམ་སྒྲིག་པ། འབྲུག་མོ།