ཟླ་ལྔ་བའི་ཚེས་དྲུག་ཉིན་ནས་ཚེསདགུའི་ཉིན་བར། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གིས་ཆེད་ལས་མཁས་པའི་ཚོགས་པ་བཙུགས་ཏེ་བོད་རང་སྐྱོང་ལྗོངས་སུ་བསྐྱོད་ནས། བོད་ལྗོངས་མི་དམངས་སྨན་ཁང་དང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་། བོད་ལྗོངས་ཧྥའུ་ཁང་སྨན་ཁང་བཅས་དང་མཉམ་དུ་མཐོ་སྒང་གསོ་རིག་གི་ནད་ཐོག་སྨན་བཅོས་དང་། ཚན་རིག་ཞིབ་འཇུག སློབ་ཁྲིད་བཅས་ཀྱི་སྟེང་འབྲེལ་འདྲིས་ཟབ་མོ་བྱས་ཏེ་མཉམ་ལས་བྱེད་སྟངས་མི་འདྲ་བ་བཙུགས་ཤིང་། མཐོ་སྒང་གསོ་རིག་གི་འཕེལ་རྒྱལ་ལ་ཐུན་མོང་གིས་སྐུལ་འདེད་དང་། མཚོ་བོད་མཐོ་སྒང་གི་མི་དམངས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་། བོད་ལྗོངས་ཧྥའུ་ཁང་སྨན་ཁང་བཅས་ཀྱིས་མཉམ་ལས་གན་རྒྱ་བཞག་པ་དང་། མཐོ་སྒང་གི་གསོ་རིག་ཞིབ་འཇུག་ཐད་གྲོས་བསྡུར་གཏིང་ཟབ་གནང་བ་རེད། མཚོ་བོད་ས་ཁུལ་གཉིས་སུ་འཕྲད་པའི་བདེ་ཐང་གི་གནད་དོན་གཅིག་མཐུན་ཡིན་པ་དང་། གནས་པའི་ཚན་རིག་གི་གནད་དོན་ཡང་གཅིག་མཐུན་ཡིན་པས། ཕྱོགས་གཉིས་ཀྱི་སྨན་བཅོས་ལས་ཁུངས་ཀྱིས་ལག་རྡང་སྦྲེལ་ནས་གཞི་རྒྱུའི་ལས་གཞི་དང་ནད་ཐོག་དངོས་སྒྱུར། དེ་བཞིན་ནད་ཐོག་ནད་རིགས་སྐོར་གྱི་གནད་དོན་གལ་ཆེན་ཐག་གཅོད་བྱེད་པར་འབད་བརྩོན་བྱ་རྒྱུ་རེད།
མཉམ་ལས་བྱེད་སྟངས་གསར་པ་བརྒྱུད་དེ། ཕྱོགས་གཉིས་ཀྱི་སྨན་བཅོས་ལས་ཁུངས་ཀྱིས་མཚོ་བོད་མཐོ་སྒང་གི་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དམིགས་ཡུལ་དུ་བཟུང་སྟེ། བོད་ལྗོངས་ས་ཁུལ་དུ་ཆེད་ལས་ལག་རྩལ་པ་ཁག་གཅིག་གསོ་སྐྱོང་བྱས་པ་དང་། འོས་འཚམ་རང་བཞིན་གྱི་ཆེད་ལས་ལག་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱས་པ་མ་ཟད། དམིགས་སའི་རང་བཞིན་གྱི་གསོ་རིག་ཚན་རིག་གི་ཞིབ་འཇུག་སྤེལ་བ་རེད།
རྩོམ་སྒྲིག་པ། འབྲུག་མོ།