ཞིང་ཆེན་ཡོངས་ཀྱི་རིམས་འགོག་སྨན་ཁབ་དང་སྨན་རྫས་བདེ་འཇགས་དོ་དམ་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་བསྡུས་པ།
2018.08.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31


ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན། ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་རིམས་འགོག་སྨན་ཁབ་དང་སྨན་རྫས་བདེ་འཇགས་དོ་དམ་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་བསྡུས་པ་དང་། ཚོགས་འདུས་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་ཇི་བཞིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཙོ་བོར་འགོ་ཁྲིད་པའི་ལས་ཀའི་བླང་བྱ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་།  རང་རེའི་ཞིང་ཆེན་གྱི་རིམས་འགོག་སྨན་ཁབ་དང་སྨན་རྫས་བདེ་འཇགས་དོ་དམ་གྱི་གནས་ཚུལ་ཁྱབ་བསྒྲགས་བྱས་པར་མ་ཟད། ད་དུང་རྗེས་ཕྱོགས་ཀྱི་ལས་ཀ་བཀོད་སྒྲིག་བྱས་ཤིང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཚོགས་འདུར་ཕེབས་ནས་གཏམ་བཤད་གནང་བ་རེད།

གྲོས་ཚོགས་ནས་བསྟན་དོན། རིམས་འགོག་སྨན་ཁབ་དང་སྨན་རྫས་ནི་ནད་འགོག་སྲོག་སྐྱོབ་ཀྱི་དམིགས་བསལ་ཚོང་ཟོག་ཡིན་པས།  མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་འབྲེལ་བ་ཡོད་པ་དང་། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་དང་རྒྱལ་ཁབ་བདེ་འཇགས་ཡོང་བར་འབྲེལ་བ་ཡོད།  ང་ཚོས་བློ་ཐག་རྦད་ཆོད་སྒོསཀྲུང་དབྱང་གི་ཐག་གཅོད་ལ་བརྩི་སྲུང་དང་།   བསམ་བློ་དང་ཆབ་སྲིད་ཀྱི་འགོག་སྲུང་སྲུང་ཡོལ་སྲ་བརྟན་དུ་བཏང་སྟེ།  བྱ་སྤྱོད་ཀྱི་ཐོག་ནས་སེམས་ཐག་གཙང་བཅད་ཀྱིས་ལག་བསྟར་དོན་འཁྱོལ་དང་སྤྱི་པའི་བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་བྱེད་དགོས་ལ། ས་གནས་ཁག་དང་སྡེ་ཁག་ཁག་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཀོད་སྒྲིག་དང་བླང་བྱ་ལྟར། ནུས་ཤུགས་ཡོད་རྒུས་འགོག་ཁབ་རྒྱག་མཁན་གྱི་དོ་དམ་ཞབས་ཞུ་བྱས་ནས་མུ་མཐུད་དུ་འགོག་ཁབ་རྒྱག་པ་དང་གསབ་རྒྱག་བྱ་རྒྱུ་དང་། ཚད་ལྡན་འགོག་སྨན་གྱི་འདོན་སྤྲོད་དང་ཉེན་ཁ་གྲལ་བཤེར་དང་བཅོས་སྐྱོང་སོགས་ཀྱི་ལས་དོན་ཁག་ལ་འགན་སྲུང་བྱས་ནས།  ཁྱོན་ཡོངས་དང་ཞིབ་ཚགས་ངང་རང་ས་ཁུལ་དང་རང་གི་ཁྱབ་ཁོངས་ནང་གི་རིམས་འགོག་སྨན་ཁབ་དང་སྨན་རྫས་ཀྱི་བདེ་འཇགས་ཐད་ཀྱི་ཉེན་ཁ་སེལ་ཏེ། གདེང་ཚོད་དང་བྱེད་ཐབས་ཡོད་པའི་སྒོ་ནས་ནན་འགོག་ནན་སྲུང་བྱ་དགོས་ཞེས་བསྟན་པ་རེད།

གྲོས་ཚོགས་ནས་བསྟན་དོན། འགན་འཁྲི་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་ནན་མོ་བྱས་ཏེ། སྒྲིག་ཁྲིམས་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་། དོན་དངོས་སུ་ཁེ་ལས་ཀྱི་འགན་འཁྲི་གཙོ་བོར་ཤུགས་སྣོན་བྱེད་པ། ཁྲིམས་ལྟར་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ལག་བསྟར་བཟང་པོ་བཅས་བྱས་ནས། “ འདུ་ཤེས་བཞི་” བརྟན་པོར་འཛུགས་པ་དང་། “ ནན་ཤོས་བཞི” དོན་འཁྱོལ་བྱེད་པ། ཆུ་མ་ཡོང་གི་རག་འཛིང་བརྟན་པོ་བཅས་རྒྱག་པའི་བླང་བྱ་དང་། བརྟན་པོ་མིན་པའི་མཇུག་འབྲས་ནུས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་རིམས་འགོག་སྨན་ཁབ་རྒྱག་པ་དང་བཀོལ་སྤྱོད་དང་སྨན་སྤྱོད་ཉེན་མེད་ནུས་ལྡན་ཡོང་བར་འགན་སྲུང་བྱས་ནས།  “ སྤུས་ལེགས་གཅིག་དང་མཐོ་བ་གཉིས” ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་ཆེད་དང་བདེ་ཐང་ལྡན་པའི་མཚོ་སྔོན་ལ་འཇོག་འོས་པའི་བྱས་རྗེས་འཇོག་དགོས་ཞེས་བསྟན་ཡོད།

རྩོམ་སྒྲིག་པ། འབྲུག་མོ།