མི་ལུས་ཀྱི་དབང་པོ་ཞལ་འདེབས་སུ་འབུལ་བ་དེ་ནི་ཆེས་བླ་ན་མེད་པའི་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་ཤིག་ཡིན་ལ། དེ་ཡང་གསོ་བ་རིག་པའི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་བྱུང་བ་དང་བསྟུན་ནས་མི་ལུས་ཀྱི་དབང་པོ་བརྗེ་རེས་བྱེད་པའི་ལག་རྩལ་དེ་ཡང་ཉིན་རེ་ལས་ཉིན་རེར་འཐུས་ཚང་ཅན་དུ་འགྲོ་བཞིན་ཡོད་པས་མི་ལུས་ཀྱི་དོན་ལྔ་སྣོད་དྲུག་ནང་གི་གཅིག་ལ་ཉམས་རྒུད་བྱུང་བའི་ནད་པ་དག་སྨན་བཅོས་ཀྱི་རེ་བ་ལས་ཡོངས་སུ་ཐར་ཡོད། ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན་གསར་འགོད་པས་ཞིང་ཆེན་རྒྱ་གྲམ་དམར་པོ་ལྷན་ཚོགས་དང་ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་གི་མཛུབ་སྟོན་ལྟར། མཚོ་སྔོན་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་གིས་གཙོ་སྒྲུབ་གནང་བའི་མིའི་དབང་པོ་ཞལ་འདེབས་སུ་གནང་བའི་བྱ་བའི་བསམ་བློ་བརྗེ་རེས་ཀྱི་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གིས་མི་ལུས་ཀྱི་དབང་པོ་ཞལ་འདེབས་སུ་གནང་བའི་བྱ་བར་ཧུར་ཐག་སྒོས་སྐུལ་འདེད་བྱས་ཏེ་ཁོར་ཡུག་གི་མཁའ་དབུགས་ལེགས་པོ་ཤིག་གསར་འཛུགས་བྱེད་རྒྱུར་ཧུར་བརྩོན་བྱེད་རྒྱུ་ཡིན་པ་རེད།
རྒྱུས་ལོན་བྱུང་པ་ལྟར་ན། ས་ཁོངས་དང་སྲོལ་རྒྱུན་འདུ་ཤེས་ཀྱི་ཤུགས་རྐྱེན་གྱི་དབང་གིས་རང་ཞིང་གི་མང་ཚོགས་མང་པོ་ཞིག་མི་ལུས་ཀྱི་དབང་པོ་ཞལ་འདེབས་སུ་འབུལ་བ་དེར་ཆ་རྒྱུས་མེད་པ་དང་། མཚོ་སྔོན་གྱིས་མི་ལུས་ཀྱི་དབང་པོ་ཞལ་འདེབས་སུ་འབུལ་བའི་ཁ་གྲངས་དེ་ཡང་སྟོང་ཆ་ཡིན་པས་མཚོ་སྔོན་རང་ས་གནས་ཀྱི་དོན་དངོས་དང་མཐུན་པའི་མི་ལུས་ཀྱི་དབང་པོ་ཞལ་འདེབས་སུ་འབུལ་བ་གསར་འཛུགས་བྱེད་རྒྱུ་དེ་ནི་ཧ་ཅང་གཙོ་བོ་ཞིག་ཡིན། ཞིང་ཆེན་རྒྱ་གྲམ་དམར་པོ་ལྷན་ཚོགས་དང་ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་སོགས་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག་མཚོ་སྔོན་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་གིས་ཧུར་ཐག་སྒོས་འཚོལ་བཤེར་ཚོད་ལྟའི་བྱ་བའི་སྨན་ཁང་གི་བྱ་བ་ལེགས་པོར་སྒྲུབ་པ་དང་ཞལ་འདེབས་འབུལ་མཁན་དག་གིས་སྤྱི་ཚོགས་ཀྱི་དྲིལ་སྒྲོག་ནུས་ཤུགས་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་བྱས་ཏེ་སྤྱི་ཚོགས་སྟེང་མིའི་དབང་པོ་ཞལ་འདེབས་སུ་འབུལ་བའི་དོན་སྙིང་ཡོངས་ཁྱབ་སྒོས་ཤེས་སུ་བཅུག་པར་མ་ཟད། བྱ་བ་དེར་རྒྱུས་ལོན་དང་རྒྱབ་སྐྱོར་བྱས་པ་རེད།
བསམ་བློ་བརྗེ་རེས་བྱེད་པའི་གྲོས་ཚོགས་སྟེང་རྒྱལ་སྤྱིའི་དབང་པོ་ཞལ་འདེབས་མཁན་དང་བརྗེ་རེས་ཐོ་འགོད་ལྟེ་གནས། ཀྲུང་ཧྭ་གསོ་རིག་ལྷན་ཚོགས་ཀྱི་པེ་ཅིན་གྲོང་ཁྱེར་དབང་པོ་བརྗེ་རེས་ཡན་ལག་ལྷན་ཚོགས། པེ་ཅིན་ཆིང་ཧྭ་ཁྲང་ཀུན་སྨན་ཁང་། ཁུང་མེན་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོ་སོགས་རྒྱལ་ནང་གི་དབང་པོ་བརྗེ་རེས་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དང་ཤེས་ཡོན་པ་དག་གིས་ཚོད་ལྟའི་རང་བཞིན་གྱི་བྱ་བའི་ཉམས་མྱོང་དང་མྱོང་ཚོར་ཐད་ལ་བསམ་བློ་བརྗེ་རེས་བྱས་པ་མ་ཟད། འབྲེལ་ཡོད་གནད་དོན་ལ་དཔྱད་སྡུར་སྒོས་རང་ཞིང་གི་དབང་པོ་ཞལ་འདེབས་དང་དབང་པོ་བརྗེ་རེས་ཀྱི་བྱ་བ་དེ་སྔར་ལས་གོམ་གང་མདུན་སྤོས་སྒོས་སྤེལ་བར་སྐུལ་འདེད་བྱས་ཤིང་། རང་ཞིང་གི་དབང་པོ་བརྗེ་རེས་ཁྱབ་ཁོངས་ཀྱི་ལག་རྩལ་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། རང་ཞིང་གིས་མིའི་དབང་པོ་ཞལ་འདེབས་སུ་འབུལ་བའི་བྱ་བ་དེ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་བཏང་ནས་ཐུན་མོང་གིས་ངོས་འཛིན་བྱེད་པར་སྐུལ་འདེད་བྱས་ཡོད།
རྩོམ་སྒྲིག་པ། འབྲུག་མོ།