ཞིང་ཆེན་ཡོངས་ནས་ཐུམ་འབུའི་ནད་གཙོ་བྱས་པའི་ནད་རིགས་ཚབས་ཆེན་གྱི་སྐོར་དང་ས་གནས་རང་བཞིན་གྱི་ནད་རིགས་འགོག་བཅོས་ཐད་ཀྱི་ཡུལ་དངོས་སྐུལ་སྤེལ་ཚོགས་འདུ་འཚོགས་པ།
2018.09.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 52

ཟླ་དགུ་བའི་ཚེས་བཅུ་དགུའི་ཉིན། ཞིང་ཆེན་སྲིད་གཞུང་གིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་ནས་ཞིང་ཆེན་ཡོངས་ཀྱི་ཐུམ་འབུའི་ནད་གཙོ་བྱས་པའི་ནད་རིགས་ཚབས་ཆེན་གྱི་སྐོར་དང་ས་གནས་རང་བཞིན་གྱི་ནད་རིགས་འགོག་བཅོས་ལས་དོན་ཐད་ཀྱི་ཡུལ་དངོས་སྐུལ་འདེད་ཚོགས་འདུ་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཧྲིན་ཀྲང་གཞོན་པ་ཝང་ཡུས་པའོ་ཡིས་ཚོགས་ཐོག་ཏུ་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་དང་། རྒྱལ་ཡོངས་ཀྱི་ས་གནས་རང་བཞིན་གྱི་ནད་རིགས་ཆེད་དོན་འགོག་བཅོས་ལས་དོན་གྱི་སྐུལ་འདེད་ཚོགས་འདུའི་དགོངས་དོན་དང་། ཧྲུའུ་ཅི་ཝང་ཅན་ཅུན་དང་། ཧྲིན་ཀྲང་ལིག་ཉིང་གིས་ལས་ཀར་བཏོན་པའི་བླང་བྱ་དོན་འཁྱོལ་ནན་ཏན་བཅས་བྱས་ཏེ།  ཡུལ་དངོས་ཀྱི་ལྟ་སྦྱོང་སྤེལ་རེས་སྒྲིག་འཛུགས་བྱས་ཐོག ས་གནས་ཀྱི་ནད་རིགས་འགོག་བཅོས་ཀྱི་ཆེད་དོན་ཐད་ཀྱི་ལོ་གསུམ་གྱི་འགག་སྒྲོལ་བྱ་སྤྱོད་བཀོད་སྒྲིག་བྱས་པ་དང་།  ཞིང་ཆེན་གྱི་རོང་འབྲོག་ཁུལ་གྱི་འགོ་ནད་ཚབས་ཆེན་བྱུང་བ་དང་། ཐུམ་འབུའི་ནད་འགོག་བཅོས་བྱེད་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་གཏོགས་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་དང་། གྲོང་ཁྱེར( ཁུལ) དང་། རྫོང་གི་སྲིད་གཞུང་།  ཞིང་ཆེན་དང་། གྲོང་ཁྱེར( ཁུལ) དང་། རྫོང་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ།  ཞིང་འབྲོག་སྡེ་ཚན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས་ཡོད།

ཝང་ཡུས་པའོ་ཡིས་བསྟན་དོན། ས་གནས་ཀྱི་རིམས་ནད་འགོག་བཅོས་ནི་སྤྱི་གཞུང་འཕྲོད་བསྟེན་གྱི་གནད་དོན་གལ་ཆེན་ཡིན་ལ། དེ་ཡང་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཐོབ་པའི་ཁ་ཚ་དགོས་གཏུག་གི་ལས་འགན་ཅིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་བདེ་ཐང་ཡོང་བ་ལྟེ་བར་འཛིན་པའི་བསམ་བློ་ལག་བསྟར་མཐའ་འཁྱོངས་བྱེད་པ་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ལེགས་གཏོང་གི་འགོག་བཅོས་ཐབས་ཇུས་ལ་ལག་བསྟར་བྱེད་རྒྱུར་དམིགས་ཏེ།  རྒྱུད་ཁོངས་རྒྱུན་མཐུད་ཀྱི་སྔོན་འགོག་དང་། སྨན་བཅོས་དང་ནད་གསོ་བཅོས་བྱེད་པའི་མ་ལག་བསྐྲུན་ནས། ཚད་ཆེས་ཆེ་བའི་སྒོ་ནས་ས་གནས་རང་བཞིན་གྱི་ནད་རིགས་ཀྱིས་མི་དམངས་ལ་གནོད་པ་ཐེབས་པར་ཚོད་འཛིན་དང་གཙང་སེལ་བྱ་དགོས་ཞེས་བསྟན།

ཝང་ཡུས་པའོ་ཡིས་བསྟན་དོན། ཁོངས་གཏོགས་སྲིད་གཞུང་གི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱ་དགོས། འགོག་བཅོས་ཟུང་འབྲེལ་དང་།  མཉམ་འགོག་མཉམ་སྡོམ།  མང་ཚོགས་ཚང་མས་སྔོན་འགོག་ཚོད་འཛིན་གྱི་སྒྲིག་སྲོལ་འཛུགས་པ་འཐུས་ཚང་དུ་གཏོང་བ་དང་། ཐུམ་འབུའི་ནད་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། ཨེ་ཙི་ནད་དང་། འདུས་འདྲིལ་གཅོང་ནད་སོགས་ཚབས་ཆེའི་ནད་ཡམས་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས། གཅོང་ནད་དང་ལས་རིགས་ཀྱི་ནད་སྔོན་འགོག་དང་བཀག་སྡོམ་དོ་དམ་ཆུ་ཚད་ཇེ་མཐོར་གཏང་བ་དང་། བསམ་པའི་འཕྲོད་བསྟེན་སེམས་ཁམས་བདེ་ཐང་ཞབས་ཞུར་རྒྱ་སྐྱེད་དགོས།  འགོག་སྨན་རྒྱག་པའི་བདེ་འཇགས་སྲུང་ཡོལ་བརྟན་པོ་འདིང་ཐུབ་པ་དང་། བྱི་ནད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། པུ་ལུ་ཧྲི་འབུ་ཕྲའི་ནད་དང་། ཏེན་རྒྱུ་མི་འདང་བའི་ནད་སོགས་ཡུལ་དངོས་ཀྱི་ནད་རིགས་འགོག་བཅོས་བྱེད་ནུས་ཆེ་རུ་གཏང་དགོས་ཞེས་བསྟན།

རྩོམ་སྒྲིག་པ། འབྲུག་མོ།