ཉེ་ལམ། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གིས་ཟི་ལིང་གྲོང་ཁྱེར་དུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ད་ལོའི་ཟླ་བཅུ་པའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་བཞི་ཉིན་བར། ཧུའུ་ཀྲུའུ་རྫོང་གི་དབུལ་སྐྱོར་ཐོན་ལས་གླིང་གིས་སྤེལ་བའི་སྐབས་དང་པོའི་ཀྲུང་བོད་སྨན་རྫས་འགྲེམས་སྟོན་ཕྱིར་འཚོང་གི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
ངོ་སྤྲོད་བྱས་པ་ལྟར་ན། སྐབས་འདིའི་འགྲེམས་སྟོན་ཕྱིར་འཚོང་གྲོས་ཚོགས་ནི་ཧུའུ་ཀྲུའུ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་། ཧུའུ་ཀྲུའུ་རྫོང་གིས་སྤེལ་བའི་ཀྲུང་བོད་སྨན་རྫས་འགྲེམས་སྟོན་ཕྱིར་འཚོང་གྲོས་ཚོགས་ཐོག་མའང་རེད། འགྲེམས་སྟོན་ཕྱིར་འཚོང་གྲོས་ཚོགས་དེས“མཐོ་སྒང་གི་སྐྱེ་ཁམས་ཀྲུང་བོད་སྨན་རྫས་གསར་སྐྲུན་གྱིས་གནད་ཕིགས་དབུལ་སྐྱོར་གྱི་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་བྱེད་པ” བརྗོད་དོན་དུ་བཟུང་ནས། སྔར་ལས་ལྷག་པའི་སྒོ་ནས་ཧུའུ་ཀྲུའུ་ཡི་ཀྲུང་བོད་སྨན་རྫས་ཀྱི་མཚན་སྙན་དང་ཧུའུ་ཀྲུའུ་ཡི་ཀྲུང་བོད་སྨན་རྫས་ཀྱི་ཤུགས་རྐྱེན་ཆེས་ཆེར་བཏང་སྟེ། ཕྱོགས་སོ་སོར་འབྲེལ་འདྲིས་དང་མཉམ་འབྲེལ་སྒོས། ཧུའུ་ཀྲུའུ་ཡི་ཀྲུང་བོད་སྨན་རྫས་ཐོན་ལས་ཀྱི་འཕེལ་རྒྱས་ཆེས་ཆེར་འགྲོ་བར་སྐུལ་འདེད་བྱས་པ་མ་ཟད། གནད་ཕིགས་དབུལ་སྐྱོར་དང་ཞིང་སྡེ་དར་སྤེལ་ལ་ཡང་རམ་འདེགས་བྱས་ཡོད།
ལོ་འདི་དག་གི་རིང་ལ། ཧུའུ་ཀྲུའུ་རྫོང་གིས་ཞིང་ཆེན་ཡོངས་ཀྱི་དེང་རབས་ཞིང་ལས་དཔེར་མཚོན་རྫོང་གི་གཏན་ཁེལ་གསར་སྐྲུན་བྱེད་པ་གཞིར་བཟུང་སྟེ། ཞིང་ལས་མཁོ་སྤྲོད་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བྱས་ནས། ཀྲུང་བོད་སྨན་རྫས་ཀྱི་ཐོན་ལས་གསར་སྤེལ་དེ་ཐོན་ལས་སྒྲིག་གཞིའི་སྙོམས་སྒྲིག་ནས་ཞིང་ལས་ཀྱི་རྒྱུ་སྤུས་མཐོན་པའི་འཕེལ་རྒྱས་ལ་སྐུལ་འདེད། ཞིང་བ་མང་ཚོགས་དབུལ་ཐར་ཕྱུག་འགྱུར་གྱི་རྣམ་པ་གསར་པའི་ཐོན་ལས་སུ་སོང་ནས་གསབ་སྦྱོང་བྱེད་པ། ཀྲུང་བོད་སྨན་རྫས་ཐོན་ལས་འཕེལ་རྒྱས་ཀྱི་གནས་བབ་ལ་སྣེ་ཁྲིད་ནས། ཐོན་སྐྱེད་ཆ་རྐྱེན་ཀྱི་གོ་དོན་ཟབ་མོ་གཞིར་འཛིན་པ་དང་། འདེབས་འཛུགས་ཀྱི་རྒྱ་ཁྱོན་ཆེས་ཐོག་མར་གཞི་ཁྱོན་ཅན་དང་ཚན་རིག་ཞིབ་འཇུག་ཅན་གྱི་ཕྱོགས་སུ་མུ་མཐུད་དུ་འཕེལ་རྒྱས་གཏོང་བ། ཐོན་ལས་འཕེལ་རྒྱས་ཀྱི་གནས་བབ་དང་ཁྱད་ཆོས་ཆེན་པོ་བཞི་འཕེལ་རྒྱས་སུ་གཏོང་དགོས་ཞེས་ཧུའུ་ཀྲུའུ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་རྒྱུན་ཨུའི་རྫོང་དཔོན་གཞོན་པ་ལིག་ཡོན་ཅིན་གྱིས་ཡུལ་དངོས་སྒྲོག་སྤེལ་གྱི་ངོ་སྤྲོད་སྐབས་སུ་བཤད་པ་རེད།
ཧུའུ་ཀྲུའུ་རྫོང་གི་ས་བབ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས། སྐྱེ་ལྡན་ཀྲུང་བོད་སྨན་རྫས་ཀྱི་ཐོན་སྐྱེད་ཐད་ལ་སྐྱེ་ཁམས་ཀྱི་བར་སྟོང་མི་འདྲ་བ་ཞིག་མཁོ་སྤྲོད་བྱས་ཡོད། དེ་ཡང་འབྲེལ་ཡོད་ལས་ཁུངས་དང་ཆེད་མཁས་མི་སྣའི་རྟོག་ཞིབ་ལས་ཤེས་གསལ་ལྟར་ན། ཧུའུ་ཀྲུའུ་རྫོང་གི་མངའ་ཁོངས་སུ་ཁྱོན་བསྡོམས་རིགས་ཆེན་པོ་བཞི་ལྷག་གི་ཀྲུང་བོད་སྨན་རྫས་མི་འདྲ་བ་བདུན་བརྒྱ་དང་སོ་ལྔ་ཙམ་ཡོད། ཉིས་སྟོང་བཅུ་བདུན་ལོའི་ཧུའུ་ཀྲུའུ་རྫོང་གི་ཀྲུང་བོད་སྨན་རྫས་ཀྱི་འདེབས་འཛུགས་རྒྱ་ཁྱོན་ནི་མུའུ་ཁྲི་བཞི་དང་སྟོང་དྲུག་ཙམ་ཡིན་ལ། ཐོན་ཚད་ནི་ཏུན་ཁྲི་གསུམ་དང་སྤྱིའི་ཐོན་ཚད་ཀྱི་རིན་ཐང་ནི་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་བཅས་ཡིན། ཉིས་སྟོང་བཅོ་བརྒྱད་ལོའི་ཀྲུང་ལུགས་སྨན་རྫས་འདེབས་འཛུགས་ཀྱི་རྒྱ་ཁྱོན་ནི་མུའུ་ཁྲི་བརྒྱད་ལ་སླེབས་ཤིང་། སྔོན་དཔག་གི་ཐོན་སྐྱེད་ཚད་གཞི་ནི་ཏུན་ཁྲི་ལྔ་དང་སྟོང་གཉིས་གྱི་ཡན་ལ་སླེབས་ཡོད།
ཐོན་ལས་འཕེལ་རྒྱས་ཀྱི་གནས་བབ་སྐོར་གླེང་སྐབས་ལིག་ཡོན་ཅིན་གྱིས་གསར་འགོད་པར་བཤད་རྒྱུར། ཧུའུ་ཀྲུའུ་རྫོང་གི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་ལ། མངའ་ཁོངས་སུ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་ཁུངས་མང་པོ་ཡོད། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས“ཞིང་ལས་དང་ཡུལ་སྐོར་ཟུང་འབྲེལ། ཞིང་ལས་ཀྱིས་ཡུལ་སྐོར་ལ་སྐུལ་འདེད་བྱེད་པ། ཡུལ་སྐོར་ལ་བརྟེན་ནས་ཞིང་ལས་དར་སྤེལ” གཏོང་བ་བཅས་ཀྱི་བྱ་བའི་བསམ་གཞིག་ལྟར། ཀྲུང་བོད་སྨན་རྫས་ཀྱི་ཐོན་ལས་དེ་དམངས་སྲོལ་ཞིབ་བཤེར་ཁྲོད་མཉམ་འདྲེས་བྱས་ནས་ཁམས་གསོའི་བདེ་སྲུང་དང་། ཁྱད་ལྡན་ཡུལ་སྐོར་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ཁྲོད་དུ་ཧུར་ཐག་སྒོས་སྐྱོན་བྲལ་ཐོན་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་གསར་སྐྲུན་བྱས་ཏེ། ཟས་རིགས་ཀྱི་སྨན་བཅོས་བདེ་སྲུང་དང་འཕུར་མཉེད། སྐམ་ཁབ་ཀྱི་སྨན་བཅོས། འགུལ་སྐྱོད་བདེ་ཐང་སོགས་ཀྱི་ཐོན་ལས་ལས་གཞི་སྐོར་ཞིག་ལ་མཉམ་བསྲེས་བྱས་ཏེ། ལས་གཉེར་བྱ་བའི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་བཏང་།
འགྲེམས་སྟོན་མཛད་སྒོའི་ཉིན་མོར། ད་དུང་དབུལ་སྐྱོར་ཐོན་ལས་གླིང་དུ་ལྟ་སྐོར་བྱས་ཏེ་ཡུལ་དངོས་སུ་འདེབས་འཛུགས་རྟེན་གཞི་ལ་རྟོག་ཞིབ་དང་ཀྲུང་བོད་སྨན་རྫས་ཀྱི་སྐུལ་འདེད་ངོ་སྤྲོད། ཐོན་ལས་འགྲེམས་སྟོན། ཉོ་འཚོང་ལས་གཞིའི་གན་རྒྱ་འཇོག་པ་སོགས་ཀྱི་བྱེད་སྒོ་རབས་དང་རིམ་པ་སྤེལ།
རྩོམ་སྒྲིག་པ། འབྲུག་མོ།