ཆིང་ཧྭ་སློབ་ཆེན་དང་མཚོ་སྔོན་སློབ་ཆེན་གཉིས་ཀྱི་ཐུམ་འབུའི་ནད་འགོག་བཅོས་འགག་གཏོར་འཆར་འགོད་ལས་གཞི་པེ་ཅིན་ནས་དངོས་སུ་སྤེལ་མགོ་བརྩམས་པ།
2018.10.29 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 44

ཟླ་བཅུ་པའི་ཚེས་བཅུ་གསུམ་ཉིན། ཆིང་ཧྭ་སློབ་ཆེན་དང་མཚོ་སྔོན་སློབ་ཆེན་གཉིས་ཀྱི་ཐུམ་འབུའི་ནད་འགོག་བཅོས་འགག་གཏོར་འཆར་འགོད་ལས་གཞི་པེ་ཅིན་ནས་དངོས་སུ་སྤེལ་མགོ་བརྩམས། པེ་ཅིན་ཆིང་ཧྭ་ཁྲང་ཀེང་སྨན་ཁང་གིས་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་དང་མཉམ་འབྲེལ་བྱས་ཏེ་ཐུམ་འབུའི་ནད་གསར་དུ་འགོས་མཁན་ཇེ་ཉུང་དུ་གཏོང་བ་དང་། ད་ཡོད་ནད་པར་སྨན་བཅོས་བྱེད་པ། དམངས་ཡོངས་ཀྱིས་མཉམ་དུ་འགོག་སྲུང་བྱེད་པ་བཅས་ལ་ཤུགས་བཏོན་ཏེ། མཇུག་མཐར་ཐུམ་འབུའི་ནད་རྩ་མེད་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱ་རྒྱུ་རེད།

ཆིང་ཧྭ་སློབ་ཆེན་དང་མཚོ་སྔོན་སློབ་ཆེན་གཉིས་ཀྱི་ཐུམ་འབུའི་ནད་འགོག་བཅོས་འགག་གཏོར་འཆར་འགོད་ལས་གཞི་ལག་བསྟར་བྱེད་སྐབས། པེ་ཅིན་ཆིང་ཧྭ་ཁྲང་ཀེང་སྨན་ཁང་གིས་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་དང་མཉམ་འབྲེལ་བྱས་ཏེ“མགོ་ཁུངས་ནས་ཚོད་འཛིན་བྱེད་པ—ཚན་རྩལ་ཁྱབ་གདལ་དང་དྲིལ་སྒྲོག་བྱེད་པ—རྨང་གཞིའི་ཞིབ་འཇུག—སྨན་རྫས་གསར་སྤེལ—ནད་ཐོག་སྨན་བཅོས”ཀྱི་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་ཐབས་ཇུས་དང་བྱེད་སྟངས་ཞིབ་འཇུག་བྱེད་པར་ཤུགས་འདོན་པའི་མཚུངས་སུ། འབད་པ་ཆེན་པོས་གནད་ཁེལ་བདེ་ཐང་དབུལ་སྐྱོར་གྱི་འཐབ་ཇུས་འབོད་སྐུལ་དང་ལེན་བྱས་ཏེ། ཐུམ་འབུའི་ནད་འབྱུང་ཚད་མཐོ་བའི་དབུལ་ཕོངས་ས་ཁུལ་གྱི་སྨན་བཅོས་སྡེ་ཁག་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་རེད། རྒྱང་བསྟེན་སྨན་བཅོས་དང་། བློ་རིག་སྨན་བཅོས་སོགས་སྔོན་ཐོན་ལག་རྩལ་དང་སྨན་བཅོས་རུ་ཁག་གི་ཚོགས་པ་རྩ་འཛུགས་བྱས་ནས་གནས་ས་གཏན་ཁེལ་གྱི་རོགས་སྐྱོར་གཉིས་ཟུང་འབྲེལ་བྱེད་པའི་ཐབས་ཇུས་སྤྱད་དེ། ཁྱོན་ཡོངས་ནས་ཐུམ་འབུའི་ནད་འབྱུང་ཚད་མཐོ་བའི་ས་ཁུལ་གྱི་སྔོན་འགོག་དང་སྨན་བཅོས་ནུས་པ་མཐོར་འདེགས་གཏོང་རྒྱུ་རེད།

མཚམས་སྦྱོར་བྱས་པ་ལྟར་ན། ཉིས་སྟོང་བཅུ་དྲུག་ལོའི་ཟླ་བདུན་པར། མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་དེ་ཆིང་ཧྭ་ཁྲང་ཀེང་སྨན་ཁང་རྒྱལ་སྤྱིའི་མཆིན་མཁྲིས་ཡོན་སྨན་ཁང་གི་ཞིང་ཆེན་རིམ་པའི་མནའ་འབྲེལ་སྨན་ཁང་གི་གྲས་སུ་ཞུགས། ཉིས་སྟོང་བཅུ་དྲུག་ལོའི་ཟླ་བརྒྱད་པར། ཡོན་ཧྲི་ཏུང་ཅ་ཧུང་གི་རུ་ཁག་དང་མཚོ་སྔོན་སློབ་ཆེན་གཉིས་ཀྱིས་མཉམ་ལས་བྱས་པ་དང་། ཆིང་ཧྭ་སློབ་ཆེན་གནད་ཁེལ་གསོ་རིག་ཞིབ་འཇུག་གླིང་གི་ཐུམ་འབུའི་ནད་ཞིབ་འཇུག་ལྟེ་གནས་བཙུགས་ཏེ། ཐུམ་འབུའི་ནད་འགོག་བཅོས་ཀྱི་རྨང་གཞིའི་ཞིབ་འཇུག་དང་། འཇོན་མི་གསོ་སྐྱོང་གི་ཆེད་དུ“ཆིང་ཧྭའི་སྟེགས་བུ”འདོན་སྤྲོད་དང་། “ཆིང་ཧྭའི་བློ་གྲོས”སྐྱེས་འབུལ་བྱས། །

རྩོམ་སྒྲིག་པ། འབྲུག་མོ།