མི་སྒེར་གྱི་འཚོ་བ་རོལ་སྟངས་དང་བདེ་ཐང་གི་སྐོར།
2018.11.06 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 68

དང་པོ། ཟས་ཇི་ལྟར་སྤྱད་ན་བདེ་ཐང་ལ་ཕན།

མིའི་རིགས་ཀྱི་འཚོ་བ་ཉིན་རེ་བཞིན་ཇེ་རྒྱས་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། མི་རྣམས་ཀྱི་བྱ་བའི་གནོན་ཤུགས་དང་འཚོ་བའི་གནོན་ཤུགས་ཀྱང་དེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་ལ། བཟའ་བཏུང་གི་གོམས་གཤིས་ཀྱིས་མི་མང་པོར་ནད་རིགས་སྣ་ཚོགས་བྱུང་དང་འབྱུང་བཞིན་ཡོད། ཡིན་ཡང་མི་མང་པོ་ཞིག་གིས་བདེ་ཐང་ལ་དོ་སྣང་གིས་རང་འགུལ་སྒོས་བཟའ་བཏུང་གི་གོམས་གཤིས་ངན་པ་དག་ལེགས་བསྒྱུར་བྱེད་བཞིན་ཡོད།

ལུགས་མཐུན་སྒོས་ཉིན་རེར་ཟས་ཐུན་གསུམ་བསྟེན་པ། ཉིན་རེར་ཟས་ཐུན་གསུམ་བསྟེན་པའི་ཟས་རིགས་ཁྲོད་སྤྲི་དཀར་རྫས་འཇུ་བྱེད་དང་བསྡུ་ལེན་ཚད80%ཡིན། གལ་ཏེ་ཉིན་རེར་ཟས་ཐུན་གཉིས་རེ་བསྟེན་པ་ཡིན་ན། ཟས་ཐུན་རེར་ཉིན་གཅིག་གི་ཟ་མའི་ཚད་ཀྱི་ཕྱེད་ཀ་སྟེ། སྤྲི་དཀར་རྫས་ཀྱི་འཇུ་བྱེད་དང་བསྡུ་ལེན་ཚད75%སླེབས་པས། རང་རྒྱལ་གྱི་མི་རྣམས་ཀྱི་འཚོ་བའི་གོམས་གཤིས་ལྟར་ན། ཉིན་རེར་ལུགས་མཐུན་སྒོས་ཟས་ཐུན་གསུམ་རེ་བསྟེན་བཞིན་ཡོད།

ཟས་ཐུན་རེའི་བར་ལ་དུས་ཚོད་ངེས་ཅན་ཡོད་དགོས། ཟས་ཐུན་རེའི་བར་དུས་ཡུན་རིང་དྲགས་ན་བཀྲེས་ལྟོགས་ཆེན་པོ་བྱུང་ནས་མིའི་ངལ་རྩོལ་དང་བྱ་བའི་ལས་ཆོད་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད་པ་དང་། གལ་ཏེ་དུས་ཡུན་ཐུང་དྲགས་ན་ཐེངས་སྔོན་མར་ཟོས་པའི་ཟ་མ་ཕོ་བའི་ནང་འཇུ་ཐུབ་ཀྱིན་མེད་པས། འཇུ་བྱེད་མ་ལག་གིས་ངལ་གསོ་ཐུབ་ཀྱིན་མེད་ལ་འཇུ་བྱེད་ནུས་པ་ཡང་རིམ་བཞིན་ཇེ་དམའ་རུ་སོང་ནས་ཡི་ག་དང་འཇུ་བྱེད་ལ་ཤན་ཤུགས་ཐེབས་ཀྱིན་ཡོད། སྤྱིར་བཏང་དུ་ཟས་རིགས་འདྲེས་མའི་སྐོར་ཕོ་བའི་ནང་དུ་འཇུ་བའི་དུས་ཡུན་ནི་དུས་ཚོད་བཞི་ནས་ལྔའི་བར་ཡིན་པས། ཟས་ཐེངས་རེའི་བར་དུས་ཚོད་བཞི་ནས་དྲུག་ཡོད་དགོས།

ཟས་རིགས་སྡེབ་སྦྱོར་ལུགས་མཐུན་ཡིན་དགོས། ཉིན་གཅིག་གི་ཟས་ཐུན་གསུམ་པོར་ཟས་རིགས་གང་དག་བསྟེན་པ་དང་། ཟས་རིགས་སྡེབ་སྦྱོར་ཇི་ལྟར་བྱེད་པ། གཡོས་སྦྱོར་ཇི་ལྟར་བྱེད་པ་བཅས་ལུགས་དང་མཐུན་དགོས་པར་མ་ཟད་མི་རེའི་ལུས་ཁམས་དང་བསྟུན་དགོས། སྤྱིར་བཏང་དུ་ཉིན་རེའི་ཟས་ཐུན་གསུམ་པོའི་གཙོ་ཟས་དང་ཞོར་ཟས་སྡེབ་སྒྲིག་ལེགས་པོ་བྱ་དགོས། ཉིན་གཅིག་གི་ཟས་ཐུན་གསུམ་པོ་ཚན་རིག་དང་མཐུན་པར་བགོ་བ་ནི་མི་རེ་རེའི་ལུས་ཁམས་ཀྱི་གནས་བབ་དང་བྱ་བའི་དགོས་མཁོར་བསྟུན་དགོས།

ཉ་ཤ་མང་དུ་བསྟེན་ན་བདེ་ཐང་ལ་ཕན། ཉ་ཤའི་ནང་དུ་འདུས་པའི་ཚིལ་སྐྱུར་གྱིས་སྙིང་དང་ཀླད་པ། མིག་བཅས་ཀྱི་བདེ་ཐང་ལ་ཕན་པ་ཡོད་པར་མ་ཟད། དེ་མིན། ཉ་ཤའི་ནང་འདུས་པའི་བཅུད་ནི་ནད་རིགས་སྔོན་འགོག་ལའང་ཤིན་ཏུ་ཕན།

མཚོ་སྐྱེས་སྔོ་རིགས་འོས་འཚམ་གྱིས་བསྟེན་ན་ལེགས། མཚོ་སྐྱེས་སྔོ་རིགས་ཀྱི་ནང་དུ་ཏེན་དང་ཏི། ཀལ་སོགས་ཀྱི་རྒྱུ་ཆ་མང་པོར་འདུས་པས་ན། རིམས་ནད་སྔོན་འགོག་དང་སྙིང་ཁམས་བདེ་ཐང་ལ་ངེས་པར་མཁོ་བའི་ཟས་རིགས་ཡིན།

སིལ་ཏོག་དང་སྔོ་ཚོད་གསར་པ་ཟོས་ན་ལེགས། སིལ་ཏོག་དང་སྔོ་ཚོད་ཀྱི་ནང་དུ་འཚོ་རྒྱུ་དང་དབྱང་འགྱུར་འགོག་རྫས་སོགས་དངོས་པོ་སྣ་མང་འདུས་པར་མ་ཟད། སིལ་ཏོག་གི་ནང་དུ་ན་དང་ཚིལ། ནུས་ཚད་བཅས་ལྟོས་བཅས་ཀྱིས་ཅུང་དམའ་བ་རེད། །

རྩོམ་སྒྲིག་པ། འབྲུག་མོ།