རང་ཞིང་གི་ནད་ཐོག་ཐུམ་འབུའི་ནད་ཀྱི་རིག་ཚན་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་བོད་ཁུལ་གྱི་ཐུམ་འབུའི་ནད་ཀྱི་ནད་ཐོག་བརྟག་བཅོས་ཆུ་ཚད་ཇེ་མཐོར་གཏོང་ཆེད། ཉེ་ལམ་མཚོ་སྔོན་སློབ་ཆེན་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་། ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཚན་རྩལ་ཐིན་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་དང་ཞིང་ཆེན་ཐུམ་འབུའི་ནད་ཀྱི་གཙོ་གནད་ཚོད་ལྟ་ཁང་སོགས་ལས་ཁུངས་ཀྱིས་འགན་སྒྲུབ་བྱས་པའི་ཆུ་བུར་ཅན་གྱི་ཐུམ་འབུའི་ནད་ཀྱི་བགྲོ་གླེང་ཟི་ལིང་དུ་འཚོགས།
ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐུམ་འབུའི་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བྱ་བར་མཐོང་ཆེན་ཚད་མཐོན་པོ་བྱས་པ་དང་། ཕྱོགས་སོ་སོ་ནས་མཉམ་དུ་ཧུར་བརྩོན་བྱས་པས་ཞིང་ཆེན་ཡོངས་ཀྱི་ཐུམ་འབུའི་ནད་ཀྱི་བརྟག་བཅོས་དང་རྨང་གཞིའི་ཞིབ་འཇུག་ཐད་གྲུབ་འབྲས་མངོན་གསལ་ཐོབ།
སྐབས་འདིའི་བགྲོ་གླེང་སྟེང་དུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འགྲོ་བ་མིའི་ཐུམ་འབུའི་ནད་འགོག་བཅོས་ལྟེ་གནས་དང་ཀྲུང་གོ་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས། པེ་ཅིན་ཆིང་ཧྭ་ཁྲང་ཀེང་སྨན་ཁང་སོགས་རྒྱལ་ཁབ་ཕྱི་ནང་གི་མིང་དུ་གྲགས་པའི་གསོ་རིག་ཆེད་མཁས་པ་རྣམས་གདན་དྲངས་ནས། ཆུ་བུར་ཅན་གྱི་ཐུམ་འབུའི་ནད་ཀྱི་ཤུགས་རྐྱེན་དང་ནད་ཐོག་སྨན་བཅོས། རྨང་གཞིའི་ཞིབ་འཇུག་བཅས་བརྗོད་གཞི་བྱས་ཏེ། ཆེས་མདུན་གྲས་ཀྱི་རིག་གཞུང་འདུ་ཤེས་ལོངས་སུ་སྤྱད་ཅིང་། ཆེས་སྔོན་ཐོན་གྱི་བརྟག་བཅོས་ལག་རྩལ་བརྗེ་རེས་བྱས་ཏེ། ཐུམ་འབུའི་ནད་ཀྱི་བརྟག་བཅོས་ལས་དོན་སྔོན་དུ་བསྐྱོད་པར་མཉམ་དུ་ཐབས་ཇུས་བཏོན།
ཆུ་བུར་ཅན་གྱི་ཐུམ་འབུའི་ནད་ཀྱིXUUBལྟེ་གནས་མང་པོའི་མཉམ་ལས་གྲོས་ཚོགས་སྐབས་གསུམ་པ་དང་། མཚོ་སྔོན་ཞིང་ཆེན་བོད་ཁུལ་གྱི་མི་ཕྱུགས་ཀྱི་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་སྔོན་འགོག་དང་། བརྟག་དཔྱད། གསོ་བཅོས་བཅས་བྱེད་པའི་ཆེད་མཁས་པའི་ཞབས་ཞུ་རྟེན་གཞིའི་གསོ་སྦྱོང་འཛིན་གྲྭ་བཅས་མཉམ་དུ་སྤེལ། །
རྩོམ་སྒྲིག་པ། འབྲུག་མོ།