མཚོ་སྔོན་བོད་ལུགས་གསོ་རིག་སྨན་རྫས་ཀྱི་རྟེན་མཛོད་ཁང་གི་བཤམས་སྟོན་ཁང་གསར་བ་ལེགས་འགྲུབ་བྱུང་པ།
2018.11.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

ཉེ་ལམ་མཚོ་སྔོན་བོད་ལུགས་གསོ་རིག་སྨན་རྫས་རྟེན་མཛོད་ཁང་གི་བཤམས་སྟོན་ཁང་གསར་བ་ལེགས་འགྲུབ་བྱུང་སྟེ་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ་བ་རེད། རྒྱུས་ལོན་ལས་ཤེས་གསལ་བྱུང་བ་ལྟར་ན། བཤམས་སྟོན་ཁང་གསར་བ་དེ་ལོ་ངོ་ལྔའི་རིང་གི་རྩིག་ལས་བརྒྱུད་དེ་ཁྱོན་བསྡོམས་སྤྱིའི་བཟོ་སྐྲུན་གྱི་རྒྱ་ཁྱོན་ལ་མུས་་གྲུ་བཞི་མ་ཁྲི་གསུམ་དང་སྤྱིའི་མ་དངུལ་གཏོང་ཚད་ནི་སྒོར་དུང་ཕྱུར་གསུམ་ཡིན། དེའི་ནང་དུ་དར་གོས་ཚོང་ལམ་དང་མདོ་དབུས་མཐོ་སྒང་གི་ཤེས་རིག་ལོ་རྒྱུས་སོགས་འགྲེམས་སྟོན་ཁང་མང་པོ་ཞིག་ཡོད།

དེ་ཡང་མཚོ་སྔོན་ས་ཁུལ་གྱི་བོད་ལུགས་གསོ་རིག་སྨན་རྫས་རྟེན་མཛོད་ཁང་དེ་སྔར་ལས་ལྷག་པའི་སྒོ་ནས་སྔོག་འདོན་བྱེད་པ་དང་སྲུང་སྐྱོབ། ཞིབ་འཇུག སློབ་ཁྲིད། རྒྱལ་སྤྱིའི་བསམ་བློ་བརྗེ་རེས་སོགས་ཀྱི་བྱེད་ཐབས་སྣ་མང་འདོན་སྤེལ་བྱེད་ཆེད། ཉིས་སྟོང་བཅུ་བཞི་ལོར་རྟེན་མཛོད་ཁང་གི་དུས་རིམ་གཉིས་པ་འཛུགས་སྐྲུན་བྱེད་འགོ་བརྩམས་ཤིང་། དུས་ཡུན་ལོ་ངོ་ལྔའི་རིང་ལ་འཛུགས་བསྐྲུན་བྱས་པ་བརྒྱུད་ད་བཟོད་ལེགས་འགྲུབ་བྱུང་བ་དང་བཟོ་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་མུས་་གྲུ་བཞི་མ་ཁྲི་གསུམ་དང་སྤྱིའི་མ་དངུལ་གཏོང་ཚད་ནི་སྒོར་དུང་ཕྱུར་གསུམ་ཡིན་ངེས། དེའི་ནང་དུ་དར་གོས་ཚོང་ལམ་དང་མདོ་དབུས་མཐོ་སྒང་གི་ཤེས་རིག་ལོ་རྒྱུས། ཀྲུང་གོའི་བོད་རིགས་སྒྱུ་རྩལ་གྱི་ཚོན་རིས་འགྲེམས་སྟོན་ཐང་ཀ་ཆེན་མོ། བོད་རིགས་ཀྱི་བཟོ་སྐྲུན་སྒྱུ་རྩལ། ཡིག་གཟུགས་སྒྱུ་རྩལ། ཐང་ཀའི་མ་གདན། རྒྱན་གོས་སོགས་འགྲེམས་སྟོན་ཁང་ཡང་ཡོད་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། རྟེན་མཛོད་ཁང་གི་དུས་རིམ་གཉིས་པའི་བཟོ་སྐྲུན་གྱི་འཛུགས་སྐྲུན་དེས་ཚད་ངེས་ཅན་ཞིག་གི་སྒོ་ནས་སྔ་མ་ནས་ཡོད་པའི་རྨང་གཞིའི་ཆ་རྐྱེན་ལ་བཅོས་སྒྱུར་གང་ལེགས་བྱས་ཤིང་། ཁྱོན་ཡོངས་ནས་རྟེན་མཛོད་ཁང་གི་རིག་གནས་ཀྱི་རིམ་ཚད་དེ་མཐོར་འདེགས་སུ་བཏང་སྟེ་བཟོ་སྐྲུན་དུས་རིམ་དང་པོའི་བོད་ལུགས་གསོ་རིག་སྨན་རྫས་རིག་གནས་ཁོ་ན་ཡིན་པའི་བརྗོད་དོན་དེ་གྲུབ་ལ། བཟོ་སྐྲུན་དུས་རིམ་གཉིས་པའི་བོད་ཀྱི་རིག་གནས་བརྗོད་དོན་ཡིན་པའི་ཁྱད་ལྡན་ཡོངས་ཁྱབ་སྒྲིག་གཞི་དེ་དང་ཡོངས་ཁྱབ་ཅན། སྣ་མང་ཅན་བཅས་ཀྱི་སྒོ་ནས་འགྲེམས་སྟོན་རྟེན་རྫས་ཀྱི་ནང་དོན་ཕུན་སུམ་ཚོགས་པའི་བོད་ལུགས་གསོ་རིག་གི་རིག་གནས་དང་བོད་ཀྱི་རིག་གནས་ཀྱི་ཉིང་བཅུད་དེ་ཡང་གྲུབ་པར་བྱས་ཡོད།

སྒོ་བྱང་འགེལ་བའི་མཛད་སྒོའི་རྗེས་སུ་མཚོ་སྔོན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་དང་ཀྲུང་ཧྭའི་ཀྲུང་ལུགས་གསོ་རིག་སྨན་རྫས་རིག་གཞུང་ཚོགས་པའི་གཙོ་སྒྲུབ་གནང་ཞིང་། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་རིག་གཞུང་མཐུན་ཚོགས་དང་བོད་ལུགས་གསོ་རིག་སྨན་རྫས་གསར་སྤེལ་རྒྱལ་ཁབ་ཀྱི་གལ་ཆེའི་ཚོད་ལྟ་ཁང་གིས་འགན་སྒྲུབ་བྱས་པའི“བོད་ལུགས་གསོ་རིག་སྨན་རྫས་རྒྱུན་འཛིན་གསར་གཏོད་དང་ཐོན་ལས་འཕེལ་རྒྱས་ཀྱི་དཔྱད་གླེང་།”ཞེས་པའང་དུས་མཉམ་དུ་བསྡུས་པ་རེད།

རྩོམ་སྒྲིག་པ། འབྲུག་མོ།