བཟའ་བཏུང་གི་རིགས་གང་དག་ནི་བདེ་འཇགས་ཡིན་ནམ།
2018.12.03 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 58

འབྲུ་རིགས་སྣ་ལྔས་ལུས་སྟོབས་རྒྱས་པ་དང་། སྔོ་ཚོད་ལ་ཕུག་ནི་ལུས་པོ་བདེ་ཐང་ལ་ཕན།

འབྲུ་རིགས་སྣ་ལྔ་དང་སྔོ་ཚོད་རིགས་ནི་ཟས་རིགས་ལས་གཙོ་བོའི་རིགས་ཡིན། འབྲུ་རིགས་ནི་ང་ཚོ་སྡོད་དམངས་ཀྱི་འཚོ་བའི་གཞི་རྩ་ཡིན་ཕྱིར། ཉིན་རེར་ཁེ250ནས400བར་ཟ་བཞིན་ཡོད། སྔོ་ཚོད་ཀྱི་རིགས་ལ་ཆུ་ཉུང་བ་དང་ཚ་དྲོད་ཅུང་དམའ་བས་འཚོ་བཅུད་དང་། གཏེར་རྫས། ཚི་སྣ། སྐྱེ་དངོས་རྫས་འགྱུར་བཅས་དངོས་པོ་ཕུན་སུམ་ཚོགས་པར་གཏོང་ཐུབ། རྒྱུ་ལམ་སྲུང་སྐྱོབ་དང་། རིམས་ནད་སྔོན་འགོག ཚོ་བྱང་བ། གཅིན་པ་མངར་འགྱུར་སྔོན་འགོག དེ་མིན་གཅིན་པ་མངར་འགྱུར་གྱི་ནད་པས་ཟ་མ་ཟོས་རྗེས་ཀྱི་ཁྲག་གི་མངར་ཆ་ཚོད་འཛིན་བྱེད་པ་བཅས་ལ་ནུས་པ་གལ་ཆེན་ཐོན་གྱིན་ཡོད།

ཟ་མའི་སྔོན་ལ་ལག་པ་བཀྲུ་བ།

ཟ་མ་ཟོས་རྗེས་ཁ་ནང་བཤལ་བ། ལོ་ངོ་མང་པོའི་སྔོན་ལ་རྒྱུན་པར་མིའི་རིགས་ཀྱི་འཇུ་ལམ་ལ་ནད་བྱུང་ནས་མི་མང་པོ་ཤི་བ་དང་། རྗེས་སུ་འཇུ་ལམ་གྱི་ཟ་མ་དང་འཐུང་ཆུའི་དུག་སེལ་ལ་འབྲེལ་བ་ཆེན་པོ་ཡོད་པ་ཤེས་རྟོགས་བྱུང་། ཟ་མར་དུག་སེལ་བྱེད་པ་ཙམ་མ་ཡིན་པར། ཟ་མ་ཟ་བའི་གོ་རིམ་ཁྲོད་དུ་གལ་ཏེ་ལག་པ་མ་བཀྲུས་ན་ནད་དུག་འགོ་སྲིད་པས་ལག་པ་གཙང་བཀྲུ་བྱ་དགོས།

ཟ་མ་ཟོས་རྗེས་ཁ་ནང་བཤལ་བར་གོམས་དགོས། གལ་ཏེ་ཟ་མ་ཟོས་རྗེས་ཁ་ནང་མ་བཤལ་ན་ཟས་སྙིགས་སོ་བར་དང་ཁ་ནང་དུ་རུལ་བར་གྱུར་ཏེ་འབུ་ཕྲ་བསྐྱེད་པ་རེད། འབུ་ཕྲས་སོར་གནོད་པ་འབྱུང་བར་མ་ཟད་ཁ་ནང་དུ་དྲི་ངན་བྲོ་བས་ཟ་མ་ཟོས་རྗེས་སོ་གཙང་སྦྲ་བྱེད་པར་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས།

ཟས་ཁུ་འཐུང་ན་ཟས་འཇུ་བར་ཕན།

ཟས་རིགས་ཀྱི་ཁུ་བ་འཐུང་ན་ཟས་རིགས་འཇུ་ཐུབ་མིན་ལ་བཤད་སྲོལ་གཏན་འཁེལ་ཞིག་མེད། འདིར་ཟས་ཁུ་ཟེར་བ་ནི་ཕྱེ་ཐུག་དང་ཆུ་ཚོད་སོགས་བསིང་ཕྱེ་རིགས་ཀྱི་ཟས་ཀྱི་ཁུ་བ་ལ་གོ བསིང་ཕྱེ་རིགས་ཀྱི་ཁུ་བ་གཡོས་སྦྱོར་བྱེད་སྐབས། ཕྱི་ཚུལ་གྱི་བསིང་ཕྱེ་དང་ཁུ་བ་རང་བཞིན་གྱི་འཚོ་བཅུད་ཟས་ཁུ་ནང་འཐིམ་ཡོད། དེའི་ཕྱིར། ཟས་ཁུ་འཐུང་ན་ཟ་མ་འཇུ་བར་རོགས་བྱེད་ཐུབ་པར་མ་ཟད་རྒྱུ་ལམ་གྱི་འཚོ་བཅུད་ཐད་ལའང་ཕན་པ་ཡོད། ཡིན་ཡང་ནོར་ཤ་དང་ལུག་ཤ་སོགས་ཀྱི་ཁུ་བ་སྣུམ་ཅན་གྱི་རིགས་སུ་གཏོགས་པས་ཚོ་གསོག་པ་ལས་ཟས་འཇུ་སླ་བའི་རིགས་སུ་མི་གཏོགས།

ཟ་མ་ཟ་དུས་གཏམ་མ་མང་། གཉིད་ཁར་ཁ་བརྡ་ཉུང་དགོས།

གནའ་མིར་ཟ་མ་ཟ་བའི་དུས་སུ་ཁ་བརྡ་མང་ན་ཟས་རིགས་འཇུ་བར་གནོད་པ་དང་། གཉིད་ཁར་ཁ་བརྡ་མང་ན་གཉིད་མི་ཁུག་ཅེས་བཤད་སྲོལ་ཡོད། ཟ་མ་ཟ་དུས་སེམས་ཁམས་སྐྱིད་དགོས་པར་མ་ཟད། ད་དུང་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་ནས་ཟ་མ་ཟོས་ན་ཁ་ལ་ཞིམ་པ་དང་ཟས་རིགས་འཇུ་སླ། གཉིད་སྐྱིད་པོ་ཞིག་ཡོང་མིན་ནི་མིའི་སེམས་ཁམས་ལ་རག་ལས་ཡོད། གལ་ཏེ་གཉིད་ལྡོག་ཁར་ཁ་བརྡ་མང་པོ་བྱས་ན། མིའི་སེམས་ཁམས་དང་ཀླད་པའི་དབང་རྩའི་མ་ལག་ངལ་གསོ་བྱེད་མ་ཐུབ་པར་གཉིད་མི་ཁུག་པའི་སྣང་ཚུལ་འབྱུང་སྲིད།།

རྩོམ་སྒྲིག་པ། འབྲུག་མོ།