ནུ་མའི་འབྲས་སྐྲུན་གྱི་ཐོག་མའི་ནད་དཔྱད་དང་ཕྱི་ནད་སྨན་བཅོས་བྱེད་ཐབས།
2018.12.13 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 166

དང་པོ། སྤྱིར་བཤད།

ནུ་མའི་འབྲས་སྐྲན་ནི་བུད་མེད་ཀྱི་རྒྱུན་མཐོང་གི་ནད་རིགས་ཤིག་ཡིན་ལ། དེས་རང་རྒྱལ་དུ་སྐྲན་ནད་སྣ་ཚོགས་ཀྱི་བརྒྱ་ཆའི་བདུན་ནས་བརྒྱ་ཆའི་བཅུ་ཟིན་པ་དང་། འཛམ་གླིང་ཡོངས་སུ་ལོ་རེར་བུད་མེད་ཁྲི་བརྒྱ་དང་ཉི་ཤུ་ཙམ་ལ་ནུ་མའི་འབྲས་སྐྲན་འབྱུང་བཞིན་ཡོད་ཅིང་དེའི་ཁྲོད་ཀྱི་ཁྲི་ལྔ་བཅུ་ལྷག་ཤི་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། བུད་མེད་ལ་འབྲས་སྐྲན་ནད་འབྱུང་ཚད་ལོ་རེ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད་པས། བུ་སྣོད་ཁ་སྦུབས་ཀྱི་སྐྲན་ནད་ལས་ཀྱང་མང་བ་རེད། ནུ་མའི་འབྲས་སྐྲན་འབྱུང་ཚད་དེ་ས་ཁུལ་རང་བཞིན་གྱི་ཁྱད་པར་མངོན་གསལ་ལྡན་པ་སྟེ། ཡོ་རོབ་གླིང་དང་མེ་གླིང་ས་ཁུལ་དེ། ཨེ་ཤ་ཡ་དང་ཡོ་རོབ་གླིང་ལས་འབྱུང་ཚད་མཐོ་བ་དང་། ཨ་མེ་རི་ཁར་འབྱུང་ཚད་ཆེས་མཐོ་བ་རེད། རང་རྒྱལ་དུ་སྡོམ་རྩིས་བྱས་པ་ལྟར་ན། ཧྲང་ཧེ་དང་ཐེན་ཅིན། པེ་ཅིན་བཅས་ནི་ནུ་མའི་འབྲས་སྐྲན་འབྱུང་ཚད་ཆེས་མཐོ་བའི་གྲོང་ཁྱེར་ཡིན།

ནུ་མའི་འབྲས་སྐྲན་གྱི་ནད་འབྱུང་བའི་ལོ་ཚོད་ནི་ཐོག་མའི་ཟླ་མཚན་མ་ཡོང་བའི་སྔོན་དུ་ཧ་ཅང་ཉུང་ལ། ལོ་ཉི་ཤུའི་རྗེས་སུ་མྱུར་དུ་ཇེ་མང་དུ་འགྲོ་བ་དང་། ལོ་ཞེ་ལྔ་ནས་ལོ་ལྔ་བཅུའི་བར་ཅུང་མཐོ་ཞིང་། ཟླ་མཚན་ཆད་པའི་རྗེས་སུ་མུ་མཐུད་དུ་འཕར་ལ། ལོ་དྲུག་ཅུ་ནས་བདུན་ཅུར་ཐོན་དུས་ཆེས་ཚབས་ཆེ་བ་ཡིན། འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་ལྟར་ན། ཟླ་མཚན་ཐོག་མར་ཡོང་བའི་ལོ་ཚོད་དང་ཟླ་མཚན་ཆད་པའི་ལོ་ཚོད་དེ་ནུ་མའི་འབྲས་སྐྲན་འབྱུང་བ་དང་འབྲེལ་བ་ཡོད་པ་སྟེ། ཟླ་མཚན་ཐོག་མར་ཡོང་བའི་ལོ་ཚོད་དེ་ལོ་བཅུ་གཉིས་ལ་མ་བུད་སྔོན་དང་ཟླ་མཚན་ཆད་པའི་ལོ་ཚོད་དེ་ལོ་ང་གཉིས་རྗེས་ཡིན་པའི་བུད་མེད་རྣམས་ལ་ནུ་མའི་འབྲས་སྐྲན་འབྱུང་ཚད་དེ། ཟླ་མཚན་ཐོག་མར་ཡོང་བའི་ལོ་ཚོད་ལོ་བཅོ་ལྔ་དང་ཟླ་མཚན་ཆད་པའི་ལོ་ཚོད་ལོ་ཞེ་ལྔའི་སྔོན་ཡིན་པའི་བུད་མེད་ལས་ལྡབ་གཅིག་ནས་གཉིས་ཀྱིས་མཐོ་བ་རེད། ཚེ་གང་བོར་མངལ་སྦྲུམ་མ་མྱོང་བ་དང་ནུ་མའི་གཤེར་རྨེན་དེ་འདྲ་རྒྱས་མེད་པའི་བུད་མེད་དེ་མངལ་སྦྲུམ་མྱོང་བའི་བུད་མེད་ལས་ལྡབ་གཅིག་དང་གྲངས་ཆུང་ལྔ་ཡིས་མཐོ་བ་རེད། ཐོག་མར་བྱིས་པ་སྐྱེ་བའི་ལོ་ཚོད་ནི་ལོ་སུམ་ཅུར་བུད་མེད་ན་ནུ་མའི་འབྲས་སྐྲན་སྔོན་འགོག་བྱེད་པའི་ནུས་པ་ཡོད་ལ། སྐྱེས་ཐེངས་གཉིས་པ་དང་དེའི་རྗེས་སུ་སྐྱེས་ན་འགོག་ནུས་མེད་པ་རེད། བུད་མེད་ཀྱི་ཨ་མ་དང་ནུ་མོའམ་ཨ་ཅེ་ལ་ནུ་མའི་འབྲས་སྐྲན་བྱུང་མྱོང་ན་དེར་འབྱུང་བའི་ཉེན་ཁ་ནི་རྒྱུན་ལྡན་གྱི་མི་ལས་ལྡབ་གཉིས་ནས་གསུམ་ཙམ་མཐོ་བ་རེད། ལོ་ན་ཆེ་བའི་དུས་སུ་མོ་གཤིས་སྐུལ་རྒྱུའི་རིགས་ཀྱི་སྨན་རྒྱུན་དུ་འཐུང་པ་དང་དེ་མིན་ཟླ་མཚན་ཆད་པའི་རྗེས་སུ་ལུས་པོའི་ལྗིད་ཚད་ཇེ་མཐོར་སོང་ཚེ་ནུ་མའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་འབྱུང་ལ། ཟླ་མཚན་ཆད་པའི་སྔོན་ལ་ལུས་པོའི་ལྗིད་ཚད་ཇེ་མཐོར་སོང་བ་དེ་ནུ་མའི་འབྲས་སྐྲན་འབྱུང་བ་དང་འབྲེལ་བ་མེད། དེ་ལས་གཞན་ལུས་པོ་ཚོ་ན་འོ་མ་འབབ་པའི་སྐུལ་རྒྱུ་ལའང་གནོད་པ་ངེས་ཅན་ཡོད། ཞག་ཚིལ་མང་དུ་ཟ་བའི་མི་ཚོན་པོའི་ཁྲག་ནང་གི་འོ་མའི་སྐུལ་རྒྱུ་མཐོ་བ་དེ་ནུ་མའི་འབྲས་སྐྲན་འབྱུང་བའི་ནད་པ་ཇེ་མང་དུ་འགྲོ་བའི་རྒྱུ་རྐྱེན་ཞིག་ཡིན་པར་སྙམ།

གོང་དུ་གསལ་བཤད་བྱས་པ་ལས་ནུ་མའི་འབྲས་སྐྲན་འབྱུང་བ་དེ་མོ་གཤིས་སྐུལ་རྒྱུ་འགྱུར་བ་དང་ཞག་ཚིལ་ཅན་གྱི་ཟས་རིགས་ཟ་བ། ནད་དུག རྒྱུད་འཛིན། ནད་འགོག་ནུས་པ་དང་དེ་མིན་སྐྱེ་ཁམས་ཁོར་ཡུག་ལ་སོགས་པ་དང་འབྲེལ་བ་ཡོད་པ་ཤེས་ཐུབ།

ཟླ་མཚན་འབབ་སྐབས་ཀྱི་ནུ་མའི་གཤེར་རྨེན་གྱི་འགྱུར་ལྡོག

ཟླ་མཚན་ཡོང་བའི་སྐབས་སུ། ནུ་མའི་གཤེར་རྨེན་གྱི་ཕྱི་ངོས་སུ་འགྱུར་ལྡོག་མངོན་གསལ་མེད་རུང་། གཤེར་རྨེན་ནང་དུ་འགྱུར་ལྡོག་ཡོད་པ་སྟེ། ཟླ་མཚན་ཡོང་བའི་སྔོན་དུ་གཤེར་རྨེན་འཁྲུག་པོར་འགྱུར་པ་དང་ནུ་རྩ་ཇེ་ཆེར་རྒྱས་པ། ནུ་མའི་ནང་འོ་མ་བསགས་པས་ནུ་མ་རྒྱས་བའི་སྣང་བ་ཡོད། ཟླ་མཚན་ཡོང་བའི་སྐབས་དང་ཡང་ན་ཆད་རྗེས་གོང་གི་སྣང་ཚུལ་དེ་མེད་པར་འགྱུར་སྲིད་པས་སྐྲན་ནད་དུ་འགྱུར་མི་སྲིད།

མངལ་ཆགས་པ་དང་ནུ་མ་ལྡུད་པའི་སྐབས་ཀྱི་ནུ་མའི་གཤེར་རྨེན་གྱི་འགྱུར་ལྡོག

མངལ་ཆགས་ནས་གཟའ་འཁོར་ལྔ་ནས་དྲུག་གི་སྐབས་སུ། མོ་གཤིས་སྐུལ་རྒྱུ་མང་བའི་དབང་གིས་གཤེར་ཁུ་ཇེ་མང་དུ་འགྲོ་བ་དང་ནུ་མགོ་རྒྱས་ཤིང་ནུ་དྲག་ཇེ་ཆེར་འགྱུར་པ། བྱིས་པ་སྐྱེས་རན་བར་དུ་ནུ་རྩ་རྒྱས་ཤིང་གཤེར་ཁུ་ཇེ་འབག་ཏུ་འགྲོ་སྲིད། བྱིས་པ་བཙས་ནས་ཉིན་གསུམ་ནས་བཞི་ཡི་རྗེས་སུ་གཤེར་ཁུ་ཇེ་མང་དུ་འགྲོ་ཞིང་འོ་སྤྲི་ཇེ་མང་དུ་འགྱུར་ངེས། ནུ་མ་ལྡུད་མཚམས་བཞག་རྗེས་གོང་གི་ནད་རྟགས་མེད་པར་འགྱུར་འགྲོ།

ཟླ་མཚན་ཆད་རྗེས་ཀྱི་ནུ་མའི་གཤེར་རྨེན་གྱི་འགྱུར་ལྡོག

བུད་མེད་ཀྱི་ཁམས་དམར་འབྱུང་གནས་ཀྱི་ནུས་པ་ཇེ་ཞན་དུ་གྱུར་པར་བསྟུན་ཏེ། ཁམས་དམར་ཆད་པ་དང་གཤེར་རྨེན་ཡང་ཇེ་ཉུང་དུ་གྱུར་པ་རེད། ཟླ་མཚན་ཆད་ལ་ཡོད་པའི་སྐབས་སུ་གཤེར་ཁུ་མང་བ་དང་ནུ་རྩ་རྒྱས་པའི་རྟགས་ཡོད་ལ། ནང་སྒོས་སུ་ནུ་མའི་གཤེར་རྨེན་རྒྱས་པ་དེ་འདྲ་མི་བཟང་ཞིང་བྱིས་པ་མ་བཙས་པའི་བུད་མེད་ལ་འབྱུང་བ་རེད། ཟླ་མཚན་ཆད་པའི་རྗེས་སུ་གཤེར་ཁུ་ཇེ་ཉུང་དུ་སོང་བ་དང་ནུ་རྩ་ཇེ་ཕྲ་རུ་གྱུར་ནས་གོང་གི་ནད་རྟགས་མེད་པ་རེད། ཟླ་མཚན་ཡོངས་སུ་ཆད་རྗེས་གཤེར་ཁུ་ཇེ་ཉུང་དུ་སོང་ནས་ཚིལ་ཞག་ཏུ་འགྱུར་པ་དང་། ནུ་མ་ཐུར་དུ་དཔྱངས་ཤིང་སྙི་མོར་འགྱུར་པ། ནུ་རྩ་དང་ཁྲག་རྩ་ཇེ་ཞན་དུ་འགྱུར་པ་དང་འགག་པས་ནུ་མའི་འབྲས་སྐྲན་བྱུང་བ་རེད།

གཉིས་པ། ནུ་མའི་འབྲས་སྐྲན་གྱི་བྱུང་རིམ་དང་གནས་གཞན་དུ་མཆེད་ཚུལ།

གཅིག བྱུང་རིམ། ནུ་མའི་འབྲས་སྐྲན་བྱུང་བ་མང་ཆེ་ཤོས་གཤེར་རྩའི་སྟོད་ཀྱི་ཕྲ་ཕུང་ཡིན་ལ། བརྒྱ་ཆའི་ལྔ་ཙམ་གཤེར་ཁུ་ལས་བྱུང་བ་རེད། སྤྱིར་ནུ་མ་གཅིག་ལ་འབྲས་སྐྲན་འབྱུང་བ་མང་མོད། འོན་ཀྱང་ལ་ལར་ནུ་མ་གཉིས་ཀར་འབྱུང་བའང་ཡོད། སྐྲན་ནད་དེ་ཐོག་མར་རྩ་ལམ་བརྒྱུད་ནས་མཆེད་པ་དང་། རྩ་ལམ་ནང་དུ་མ་འགགས་ན་ཡར་མར་ལ་མི་མཆེད་ལ། རྩ་ལམ་དུ་འགགས་ནས་ཡར་མར་ལ་མཆེད་ན་ཆེ་ཆུང་མི་འདྲ་བའི་རྡོག་པོར་གྱུར་ནས་སྐྲན་དུ་འགྱུར་བ་རེད།

སྐྱེ་དངོས་རིག་པའི་ཞིབ་འཇུག་དང་ནད་ཐོག་བརྟག་དཔྱད་ལས་ཤེས་པ་ལྟར་ན། ཆེ་ཆུང་ལ་མུས་བཅུ་ཡོད་པའི་སྐྲན་གྱི་ཕྲ་ཕུང་ཞིག་ཚངས་ཐིག་ལ་ལིས་མུས་གཅིག་ཅན་དུ་གྱུར་ན་མ་མཐའ་ཡང་ལོ་གཉིས་དགོས་པ་ཤེས། ད་དུང་མཁས་པ་ལ་ལས་ནུ་མའི་གཤེར་རྨེན་གྱི་སྐྲན་གྱི་ཕྲ་ཕུང་ཞིག་སྐྱེས་ནས་ཆེ་ཆུང་ལ་ལིས་མུས་གཅིག་ཅན་དུ་གྱུར་ན་ཕལ་ཆེར་ལོ་ལྔ་ནས་བརྒྱད་བར་དང་ཐ་ན་ལོ་བཅུ་དགོས་ཟེར། དེ་ནི་ཅུང་བའི་དུས་ཡུན་ཞིག་ཡིན་པས་དུས་སྔ་མོ་ནས་ནུ་མའི་འབྲས་སྐྲན་ལ་བརྟག་དཔྱད་བྱེད་པར་དུས་ཚོད་ཡོད་པ་རེད། སྐྲན་རྡོག་ཇེ་ཆེར་གྱུར་པ་དང་བསྟུན་ཏེ་ནུ་མའི་གཡས་གཡོན་དུ་ཁྲག་འདོན་པའི་ནུས་པ་མི་འདང་བས་སྐྲན་རྡོག་རྩ་ལམ་ནང་དུ་འགགས་ནས་རུལ་བ་དང་ཐ་ན་རྣག་ཀྱང་སྲིད། གལ་ཏེ་དུས་ཐོག་ཏུ་གསོ་བཅོས་མ་བྱས་ན་ཁྲག་རྒྱུན་བརྒྱུད་ནས་གཡས་གཡོན་དུ་མཆེད་སྲིད།

གསུམ་པ། བརྟག་ཐབས།

ནུ་མའི་སྐྲངས་འབུར་གྱི་རྒྱུན་མཐོང་གི་སློང་རྐྱེན་དང་འཕེལ་རིམ་ལྟར་ན། ཚི་སྣའི་ཐུམ་འབུའི་ནད་དང་ཚི་སྣའི་གཤེར་རྨེན་སྐྲངས་འབུར། ནུ་མའི་གཤེར་རྨེན་གྱི་སྐྲན་ནད་བཅས་ཡིན། ཚི་སྣའི་ཐུམ་འབུའི་ནད་ཀྱི་ཐུམ་པའི་སྐྲངས་འབུར་དེར་ཟླ་མཚན་མ་ཡོང་བའི་སྔོན་དང་ཟླ་མཚན་ཡོང་བའི་སྐབས་སུ་ན་ཟུག་ཡོད་ལ། ཟླ་མཚན་ཡོང་བའི་སྐབས་སུ་སྐྲངས་འབུར་གྱི་ཆེ་ཆུང་མི་ཤེས་ཤིང་དབྱིབས་ཙམ་ཡོད་ནའང་། མ་དཔེ་ལྟ་བུའི་ཚི་སྣའི་གཤེར་རྨེན་སྐྲངས་འབུར་ནི་དབྱིབས་སྒོར་ལ་ཆུང་བ་དང་། ན་ཟུག་མེད་པ། ལག་པས་རེག་ན་མཉེན་མོ་ཡིན་པ། ཟླ་མཚན་ཡོང་བའི་སྐབས་སུ་འགྱུར་ལྡོག་ཆེན་པོ་མེད།  ནུ་མའི་གཤེར་རྨེན་གྱི་སྐྲན་ནད་རྒྱུན་དུ་མཉེན་མོ་ཡིན་པ་དང་ན་ཟུག་མེད་པ། ཆེ་ཆུང་དེ་ཟླ་མཚན་ཡོང་བ་དང་འགྱུར་ལྡོག་མེད་པ་རེད། ནུ་མའི་གཤེར་རྨེན་གྱི་སྐྲངས་འབུར་ཞིབ་བཤེར་བྱེད་པའི་དུས་ཚོད་ཆེས་བཟང་བ་ནི། ཟླ་མཚན་ཡོང་བ་རྒྱུན་ལྡན་ཡིན་པའི་བུད་མེད་ལ་ཟླ་མཚན་ཡོང་རྗེས་ཀྱི་ཉིན་དགུ་ནས་བཅུ་གཅིག་གི་ནང་དུ་ཞིབ་བཤེར་བྱས་ན་ཆེས་བཟང་། སྐབས་དེར་མོ་གཤིས་སྐུལ་རྒྱུ་ཡིས་ནུ་མའི་གཤེར་རྨེན་གྱི་སྐྲན་ནད་ལ་ཤན་ཤུགས་ཐེབས་པ་ཆེས་ཆུང་ལ་ནུ་མའི་གཤེར་རྨེན་དེ་ལྟོས་བཅས་ཀྱིས་འགུལ་རྒྱུ་མེད་པས་ཞིབ་བཤེར་བྱས་ན་ཤེས་སླ། ནུ་མགོའི་ཟགས་ཁུ་ཡིས་བརྟག་དཔྱད་བྱེད་པར་རོགས་བྱེད་ཐུབ། དེ་བས་ནུ་རྩ་རེ་རེར་མནན་ནས་ཟགས་ཁུ་ལ་བལྟ་དགོས། ཟགས་ཁུའི་མདོག་སེར་པོ་དང་ཡང་ན་ལྗང་ཁུ་ཡིན་ན་ཚི་སྣའི་ཐུམ་པའི་ནད་དང་ནུ་མའི་གཤེར་རྨེན་རྒྱས་ཡོད་པ་རེད། ཟགས་ཁུའི་ནང་ཁྲག་ཡོད་ན་ནུ་མའི་གཤེར་རྨེན་གྱི་རྩ་ལམ་ནང་ནུ་མགོ་ལྟ་བུའི་སྐྲངས་འབུར་ཡོད་མོད། ནད་རིགས་གཞན་པར་ངོས་མ་བཟུང་བའི་སྔོན་དུ། དེ་ནི་ནུ་མའི་གཤེར་རྨེན་སྐྲན་ནད་ཀྱི་རྟགས་ཤིག་ལ་བརྩིས་ཏེ། ཁྲག་ཁུ་ཡོང་བའི་ནུ་རྩའི་གཤེར་རྨེན་གཤགས་ནས་ཞིབ་མོར་བརྟག་དཔྱད་བྱེད་དགོས། གཞན་ད་དུང་ནུ་མགོ་ནས་ཆུ་མདོག་ལྟ་བུའི་ཟགས་ཁུ་ཡོང་བ་ནི་རྒྱུན་ལྡན་གྱི་ཟླ་མཚན་ཡོང་བའི་སྐབས་དང་ཡང་ན་སྦྲུམ་ཆགས་པའི་ཐོག་མའི་དུས་རེད། ནུ་མགོ་ནས་ཟགས་ཁུ་དཀར་པོ་འོ་མ་ལྟ་བུ་ཡོང་བ་ནི་བྱིས་པར་ནུ་མ་ལྡུད་མཚམས་བཞག་པའི་བུད་མེད་ལ་འབྱུང་བ་རེད།

ནུ་མའི་གཤེར་རྨེན་སྐྲན་ནད་དེ་རྒྱུན་དུ་མཐོང་བ་ནི་ནུ་མའི་ཕྱི་ནང་གཉིས་ཀྱི་སྟོད་ཕྱོགས་དང་ནུ་མའི་དཀྱིལ་ཡིན། ནུ་མའི་གཤེར་རྨེན་སྐྲན་ནད་ཀྱི་བརྒྱ་ཆའི་དགུ་བཅུ་གོ་ལྔའི་ཡན་ཆད་ནི་ནུ་མའི་ནང་སྐྲངས་འབུར་ཡོད་པ་ལས་ཤེས་པ་དང་། ནུ་མའི་སྐྲངས་འབུར་ལ་ཐོག་མའི་དུས་སུ་རྟགས་ཅི་ཡང་མེད་ལ། གཞན་པའི་ནུ་མའི་གཤེར་རྨེན་གྱི་ནད་ལ་ནུ་མའི་གཤེར་རྨེན་སྐྲངས་འབུར་གྱི་རྟགས་ཡོད།

1. ནུ་མའི་གཤེར་རྨེན་གྱི་ཕྲ་ཕུང་རིག་པ་དང་ཕུང་གྲུབ་རིག་པའི་ཞིབ་བཤེར་བྱེད་ཐབས།

དང་པོ། ཟགས་ཁུའི་ཕྲ་ཕུང་རིག་པའི་ཞིབ་བཤེར།

ནུ་མགོ་ནས་བཞུར་ཡོང་བའི་ཟགས་ཁུ་དེ་ཤེལ་ལེབ་ཐོག་བསྐུས་ནས་ཕྲ་ཕུང་རིག་པའི་ཐབས་ཀྱིས་བརྟགས་ན་ནུ་མའི་སྐྲངས་འབུར་མ་རིག་ནའང་མཇུག་འབྲས་ཤེས་ཐུབ།

གཉིས་པ། ཁབ་ལེན་ཕྲ་ཕུང་རིག་པའི་ཞིབ་བཤེར།

སྤྱིར་བཏང་དུ་ཧོ་ཧྲིན་བཅུ་ཅན་གྱི་དུག་སེལ་ཁབ་མགོ་ཨང་བདུན་པ་ཞིག་གིས་ནུ་མའི་སྐྲངས་འབུར་ཐོག་གཙགས་ནས་དེའི་ནང་གི་ཟགས་ཁུ་ཅུང་ཙམ་བླངས་དེ་ཤེལ་ལེབ་ཐོག་བཞག་ནས་ཞིབ་བཤེར་བྱས་ན་ཡང་དག་པའི་ཚད་ནི་བརྒྱ་ཆའི་དོན་བརྒྱད་ནས་བརྒྱ་ཆའི་གོ་དྲུག་ཡིན། བྱེད་ཐབས་འདི་དངོས་སུ་བེད་སྤྱོད་བྱེད་སྐབས་སྐྲངས་འབུར་གནས་གཞན་དུ་མཆེད་པར་མཉམ་འཇོག་དགོས།

གསུམ་པ།། གསོན་གཟུགས་ཕུང་གྲུབ་ཞིབ་བཤེར།

གཤམ་གྱི་གནས་ཚུལ་འགའ་དང་འཕྲད་ན་ནུ་མའི་གཤེར་རྨེན་ལ་གསོན་གཟུགས་ཕུང་གྲུབ་ཞིབ་བཤེར་བྱས་ནས་ཐག་གཅོད་བྱེད་དགོས་པ་སྟེ།

དང་པོ། ནུ་མའི་སྐྲངས་འབུར་དང་ཡང་ན་ཇེ་ཆེར་གྱུར་ཡོད་མེད་ཀྱི་ངོ་བོ་ཐག་གཅོད་བྱེད་དཀའ་བ། གཉིས་པ། ནུ་མགོའི་ཟགས་ཁུའི་ནང་ནུ་མའི་གཤེར་རྨེན་གྱི་སྐྲངས་འབུར་ཡོད་མེད་མི་ཤེས་པ། གསུམ་པ། ནུ་མའི་གཤེར་རྨེན་དེ་ཤེལ་ལེབ་ཐོག་བཞག་ནས་སྐྲངས་འབུར་ཡིན་པའམ་ཀལ་སྐྲན་ནད་འགྱུར་ཡིན་པ་ཤེས་ན། དུས་དཀྱིལ་གྱི་ནུ་མའི་གཤེར་རྨེན་ལ་ངོས་འཛིན་དགོས། བཞི་བ། གཉན་ཚད་མ་ཡིན་པའི་ནུ་མའི་གཤེར་རྨེན་དམར་པོར་གྱུར་ཡོད་ན། གཉན་ཚད་ཅན་གྱི་ནུ་མའི་གཤེར་རྨེན་སྐྲན་ནད་ལ་ངོས་འཛིན་དགོས། ལྔ་བ། སྐྲན་ནད་དང་འདྲ་བའི་རྟགས་གཞན་པ་ཡོད་ན། གསོན་གཟུགས་ཕུང་གྲུབ་ཞིབ་བཤེར་དང་རྩ་བ་ནས་གཤག་བཅོས་བྱེད་པའི་བར་གྱི་དུས་ཚོད་ཅི་ཙམ་ཐུང་ན་དེ་ཙམ་གྱིས་བཟང་། སྤྱིར་བཏང་དུ་གསོན་གཟུགས་ཕུང་གྲུབ་ཞིབ་བཤེར་བྱས་རྗེས་ཀྱི་དུས་ཚོད་དོན་གཉིས་ནང་གཤགས་བཅོས་བྱས་ན་བཟང་། ནུ་མའི་གཤེར་རྨེན་གྱི་སྐྲན་ནད་ཡིན་མིན་གསོན་གཟུགས་ཕུང་གྲུབ་ཞིབ་བཤེར་བྱེད་པའི་དུས་མཚུངས་སུ་མོ་གཤིས་སྦྲུམ་སྐུལ་ལའང་ཞིབ་བཤེར་བྱེད་དགོས།

བཞི། གསོ་བཅོས།

ནུ་མའི་གཤེར་རྨེན་སྐྲན་ནད་ལ་སྨན་བཅོས་བྱེད་ཐབས་མང་བ་སྟེ། དཔེར་ན་གཤག་བཅོས་བྱེད་པ་དང་འོད་འཕྲོའི་བཅོས་ཐབས། རས་འགྱུར་བཅོས་ཐབས། གསང་རྒྱུད་ཟགས་བྱེད་ཀྱི་བཅོས་ཐབས། རྩ་སྨན་གྱི་བཅོས་ཐབས་སོགས་ཕན་ནུས་མི་འདྲ་བའི་བཅོས་ཐབས་སྣ་ཚོགས་ཡོད། སྨན་བཅོས་མ་བྱས་པའི་སྔོན་དུ་ནད་ངོས་འཛིན་ཡང་དག་བྱས་ནས་གང་ཕན་དེ་བསྟུན་གྱི་སྨན་བཅོས་བྱེད་ཐབས་བཀོལ་དགོས།

གཅིག གཤག་བཅོས་བྱེད་ཐབས། ཐོག་མར་སྨན་བཅོས་བྱེད་སྐབས་དུས་ཚོད་ལྟར་ནད་པར་གཤག་བཅོས་བྱེད་ཐབས་སྤྱད་ནས་ནུ་མའི་གཤེར་རྨེན་སྐྲན་ནད་གསོ་བཅོས་བྱེད་དགོས།

དང་པོ། ཧོ་ཨར་ཟི་ཐའེ་ཏེ་ཚད་ལྡན་གྱི་ནུ་མའི་གཤེར་རྨེན་སྐྲན་ནད་གཤག་ཐབས།

གཉིས་པ། ནུ་མའི་གཤེར་རྨེན་སྐྲན་ནད་ཀྱི་རྒྱ་སྐྱེད་གཤག་ཐབས།

གསུམ་པ། ནུ་མའི་གཤེར་རྨེན་སྐྲན་ནད་ཀྱི་ལེགས་བཅོས་གཤག་ཐབས།

བཞི་བ། ནུ་མ་ཧྲིལ་བོ་གཤགས་ཐབས།

ལྔ་བ། ནུ་མ་ཆ་ཤས་གཤག་པ་དང་མཆན་འོག་གི་རྨེན་བུ་གཤག་ཐབས།

ནུ་མའི་གཤེར་རྨེན་སྐྲན་ནད་ལ་གཤག་བཅོས་བྱེད་ཐབས་མང་པོ་ཞིག་ཡོད་རུང་། གཤག་ཐབས་གང་ཞིག་སྤྱད་ན་ཆེས་བཟང་པོ་ཡིན་པའི་ཐད་རྩོད་པ་མང་པོ་གནས་ཡོད་པ་རེད། སྤྱིར་བཤད་ན་ནད་ཀྱི་དུས་ཡུན་ལྟར་རྩ་བ་ནས་སྨན་བཅོས་བྱེད་པ་སྔོན་འགྲོ་བྱེད་པ་དང་། དེའི་རྗེས་སུ་ནུ་མའི་བྱེད་ནུས་དང་ཕྱིའི་རྣམ་པ་སོར་འཇོག་བྱེད་པར་བསམ་བློ་གཏོང་དགོས། ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་ཤོས་ཀྱིས་ནུ་མ་སོར་འཇོག་བྱེད་པའི་གཤག་ཐབས་སྤྱོད་པ་མང་ལ། རང་རྒྱལ་དང་འཇར་པན་སོགས་ཤར་ཕྱོགས་རྒྱལ་ཁབ་ཀྱིས་མཆན་འོག་གི་རྨེན་བུ་སྤོ་སྒྱུར་བྱེད་པའི་དུས་ཡུན་གཉིས་པར་བསླེབས་པའི་ནད་པ་དང་། དུས་ཡུན་ལ་ སླེབས་པའི་ནད་པ་མང་ཆེ་བར་ལེགས་བཅོས་གཤག་ཐབས་སྤྱད་པ་མང་། དུས་ཡུན་ལ་བསླེབས་པའི་ནད་པ་ཉུང་ཤས་ཤིག་ལ་ཕྱོགས་བསྡུས་ཀྱི་སྨན་བཅོས་སྒྲིག་ཆས་དང་ལག་རྩལ་འཛོམས་པའི་ཆ་རྐྱེན་འོག་ནུ་མ་སོར་འཇོག་བྱེད་པའི་གཤག་བཅོས་བྱེད་ཐབས་སྤྱད་པ་རེད།

གཉིས། འོད་འཕྲོའི་བཅོས་ཐབས་དང་ཚ་བའི་ཐབས་ཏེ། རླབས་ཕྲན་ཚ་ཐབས་འོག་ཏུ་སྐྲན་ནད་ཕྲ་ཕུང་དེ་ཚ་ཐབས་བྱས་པ་བརྒྱུད་ནས་གསོད་ཐུབ།

དང་པོ། གཤག་བཅོས་སྔོན་གྱི་རམ་འདེགས་འོད་འཕྲོའི་བཅོས་ཐབས་ཀྱི་དམིག་ས་ཡུལ་ནི་འོད་འཕྲོའི་བཅོས་ཐབས་བྱས་པ་བརྒྱུད་ནས་སྐྲན་ནད་དང་སྤོ་སྒྱུར་བྱས་པའི་རྨེན་བུའི་སྐྲན་ནད་ཀྱི་ཕྲ་ཕུང་གཏོར་བརླག་དང་ཚོད་འཛིན་བྱས་ནས་གཤག་བཅོས་བྱེད་མི་ཆོག་པའི་དུས་མཇུག་གི་སྐྲན་དེ་གཤག་བཅོས་བྱེད་ཆོག་པར་འགྱུར་དགོས་ལ། ཐ་ན་གཤག་བཅོས་བྱེད་མི་འདོད་པའི་ནད་པར་འོད་འཕྲོའི་བཅོས་ཐབས་དང་ཚ་བའི་བཅོ་ཐབས་སྤྱོད་པ། སྐྲན་ནད་ཀྱི་ཕྲ་ཕུང་དེ་ཚ་བ་དང་འཕྲད་ན་གསོད་ཐུབ།

གཉིས་པ། གཤག་བཅོས་བྱས་རྗེས་ཀྱི་རམ་འདེགས་འོད་འཕྲོའི་བཅོས་ཐབས་ནི། ཉེ་བའི་ལོ་ཤས་ནང་ཕྱི་རྒྱལ་གྱི་མཁས་པས་འོས་འཕྲོའི་བཅོས་ཐབས་ཀྱིས་དུས་ཡུན་གསུམ་པ་ལ་བསླེབས་ཡོད་པའི་ནད་པ་ལ་མི་ཕན་པར་འདོད།

གསུམ་པ། ནད་བབ་དང་བསྟུན་པའི་བཅོས་ཐབས། དུས་མཇུག་གི་ནུ་མའི་གཤེར་རྨེན་སྐྲན་ནད་ལྟ་བུ། དཔེར་ན་གཤག་བཅོས་བྱེད་མི་ཐུབ་པའི་གཉན་ཚད་རང་བཞིན་གྱི་ནུ་མའི་གཤེར་རྨེན་སྐྲན་ནད་ལྟ་བུ། བྲང་ཁོག་དང་ནང་གི་རྨེན་བུའི་སྐྲན་ནད་ཡང་བསྐྱར་འཕར་བ་ཅན། དེ་མིན་རུས་པ་དང་ཀླད་པ། མཆིན་པ། གློ་བ་སོགས་ཀྱི་ན་ཚང་ཁྱབ་ཡོད་པ་ཅན་ལ་ན་ཟུག་འཇོག་པའི་དམིགས་ཡུལ་ཡིན།

གསུམ། སྨན་རྫས་ལ་བསྟེན་ནས་སྨན་བཅོས་བྱེད་པ།

དང་པོ། གཤག་བཅོས་མ་བྱས་གོང་སྨན་རྫས་ལ་བསྟེན་པའི་རམ་འདེགས་རྫས་འགྱུར་གྱི་བཅོས་ཐབས།

གཉིས་པ། གསང་རྒྱུད་ཟགས་གཤེར་གྱི་བཅོས་ཐབས།

གཙོ་བོ་ཕྱི་ནད་ཚན་ཁག་དང་ནང་ནད་ཚན་ཁག་གི་གསང་རྒྱུད་ཟགས་གཤེར་གྱི་སྨན་བཅོས་འདུས།

དེའི་རྐྱེན་གྱིས་མིག་སྔར་གྱི་ཆུ་ཚད་ལ་བལྟས་ནས་བཤད་ན། ནུ་མའི་གཤེར་རྨེན་སྐྲན་ནད་སྨན་བཅོས་བྱེད་ཚད་ཇེ་མཐོར་གཏོང་བའི་གནད་འགག་ནི་སྔ་མོ་ནས་ཤེས་པ་དང་སྔ་མོ་ནས་སྨན་བཅོས་བྱེད་པ་ཡིན། སྔ་མོ་ནས་ནད་ངོ་ཤེས་པ་དང་ནུ་མའི་གཤེར་རྨེན་སྐྲན་ནད་ཀྱི་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་བྱས་ནས། བུད་མེད་ལ་སློབ་གསོ་བཏང་ནས་རང་ཉིད་ཀྱིས་ནུ་མའི་གཤེར་རྨེན་ལ་ཞིབ་བཤེར་བྱེད་པ་ནི་ཕན་ནུས་ལྡན་པའི་བྱེད་ཐབས་མཆོག་ཏུ་གྱུར་པ་ཞིག་རེད།

རྩོམ་སྒྲིག་པ། འབྲུག་མོ།