མི་མང་པོ་ཞིག་གིས་རྒྱུན་པར་ཉིན་རེར་སྒོ་ང་གཅིག་རེ་ཟ་བ་ལས་མང་པོ་ཟོས་ན་འཇུ་དཀའ་བར་འདོད་པ་དང་། ཡང་ན་ཚད་ལས་བརྒལ་བར་ཟོས་ན་བདེ་ཐང་ལ་ཕན་པ་མེད་པར་འདོད། མི་རྣམས་སྒོ་ང་ཟ་རྒྱུ་དགའ་རུང་ཆེས་སེམས་ཁུར་ཆེ་བ་ནི་མཁྲིས་རྒྱུ་གཤེར་རྩི་ཡིན། དེའི་ཕྱིར་ང་ཚོས་སྒོ་ང་ཚད་ལས་བརྒལ་བར་དོགས་ཟོན་བྱ་དགོས།
སྒོ་ངའི་ནང་དུ་སྤུས་ལེགས་སྤྲི་དཀར་རིགས་འདུས་པར་མ་ཟད། ད་དུང་འཚོ་བཅུད་རིགས་ཉུང་ཤས་ཀྱང་མོད་པས་བདེ་ཐང་ལ་ཕན་པ་ཆེན་པོ་ཡོད། སྒོ་ངའི་ནང་གི་སེར་པོའི་རིགས་དེར་དབང་རྩའི་མ་ལག་ལ་ཤིན་ཏུ་མཁོ་གལ་ཆེ་བའི་འཚོ་བཅུད་ཀྱི་རྒྱུ་ཆ་ལྡན་པ་རེད། མི་རྣམས་ཀྱིས་སྒོ་ང་ཟོས་རྗེས་མཁྲིས་རྒྱུ་གཤེར་རྩི་ཇེ་མཐོར་འགྲོ་བ་དང་། ཁྲག་ནང་གི་མཁྲིས་རྒྱུ་གཤེར་རྩི་ཇེ་མང་དུ་འགྲོ་བཞིན་ཡོད་པས་སྙིང་ནད་འབྱུང་ཚད་མང་བར་འདོད་ཡོད། བཤད་ཚུལ་འདི་གནས་ལུགས་དང་མཐུན་རུང་དོན་དངོས་སུ་དེ་འདྲ་མིན། མི་མང་པོ་ཞིག་གིས་མཁྲིས་རྒྱུ་གཤེར་རྩི་ལ་གོ་བ་ལེན་ཐུབ་ཀྱིན་མེད་པར། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་མཁྲིས་རྒྱུ་གཤེར་རྩི་ཇེ་ཉུང་དུ་གཏོང་བར་ཐབས་ཤེས་འཐེན་གྱིན་ཡོད། དོན་དངོས་སུ་མཁྲིས་རྒྱུ་གཤེར་རྩི་ནི་མིའི་ལུས་སྟེང་དུ་ཆེས་མཁོ་བའི་གྲུབ་ཆ་ཞིག་ཡིན།
དེའི་ཕྱིར། བདེ་ཐང་གི་མི་ཞིག་ཡིན་ན་སྒོ་ང་ཟོས་རུང་སྙིང་གི་ཁྲག་རྩའི་ནད་འབྱུང་ཚད་ཇེ་མཐོར་འགྲོ་གིན་མེད། ཡིན་ཡང་། མཆིན་མཁྲིས་ཀྱི་ནུས་པ་ཞན་པའི་མིས་སྨན་པའི་མངག་བཅོལ་ལ་ཉན་དགོས། སྒོ་ང་ཟ་ཚད་མང་ན་སྤྲི་དཀར་རིགས་ཇེ་མཐོར་སོང་ནས་མཆིན་མཁྲིས་ལ་གནད་དོན་འབྱུང་གིན་ཡོད།
མཉམ་འཇོག་བྱེད་དགོས་ས་ནི་སྒོ་ང་ལ་འཚོ་བཅུད་མང་པོ་ལྡན་རུང་། སྒོ་ང་ནི་ཟས་ཐོ་ནང་གི་ཆ་ཤས་ཙམ་ཡིན་པས། ང་ཚོས་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་སྒོ་ང་ཚད་དང་མཐུན་པར་བཟའ་རྒྱུ་ནི་གལ་ཆེའོ།།
རྩོམ་སྒྲིག་པ། འབྲུག་མོ།