སྔོ་ཚོད་དང་སིལ་ཏོག་གི་ཁུ་བར་འཚོ་བཅུད་མང་པོ་ཡོད་དམ།
2018.12.24 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 50

མི་མང་པོ་ཞིག་ལ་མཚོན་ནས་བཤད་ན། སིལ་ཏོག་གི་ཁུ་བ་འཐུང་བ་ལས་སྔོ་ཚོད་གསར་པ་རིགས་ཟོས་ན་ཕུང་བོར་ཕན་པར་འདོད། སིལ་ཏོག་གི་ཁུ་བ་དང་སྔོ་ཚོད་གང་ཡིན་རུང་། མི་རང་གི་སོ་བར་དུ་བླངས་ནས་བལྡད་ནས་ཟོས་ན་ཕན་པ་ཡོད། སིལ་ཏོག་གི་ཁུ་བ་བཙིར་བའི་གོ་རིམ་ཁྲོད་འཚོ་བཅུད་དང་དབྱང་འགྱུར་འགོག་པའི་གྲུབ་ཆ་ཇེ་ཞན་དུ་འགྲོ་བ་རེད། བཙིར་ནས་ཡོང་བའི་ཁུ་བ་དེ་མ་ཐག་འཐུང་ན་ཡང་མཇུག་འབྲས་དེ་སྔོན་མ་ནང་བཞིན། གཏེར་རྫས་ཀྱི་ཆ་དང་བཟའ་བཏུང་གི་ཚི་སྣའི་ཆ་ཡང་ཤོར་འགྲོ་བ་རེད། སིལ་ཏོག་དང་སྔོ་ཚོད་ཀྱི་ཕྲ་ཕུང་ཅུང་རྙོག་འཛིང་རང་བཞིན་ཡིན། དཔེར་ན། འཚོ་བཅུདcཟེར་བ་དེ་དབྱང་འགྱུར་རྨེ་དང་འཕྲད་མི་ཉན། དེ་གཉིས་འཕྲད་པའི་དབང་དུ་བཏང་ན་ཁུ་བ་བཙིར་བའི་གོ་རིམ་ཁྲོད་འཚོ་བཅུདcསོགས་འཚོ་བཅུད་ལྡན་པའི་རྒྱུ་ཆ་དབྱང་དབུགས་དང་དབྱང་འགྱུར་རྨེ་ཕན་ཚུན་ལ་འགྱུར་བ་བཏང་ནས་རང་བཞིན་གྱིས་གྱོང་གུན་ཐེབས་ཀྱིན་ཡོད། ཚ་ལུ་མ་སོགས་སྐྱུར་བའི་རང་བཞིན་གྱི་སིལ་ཏོག་གི་ཁུ་བའི་ནང་དུ་འཚོ་བཅུདcགསོག་ཉར་བྱེད་ཚད་ཅུང་མཐོ། དེ་མིན་ཞི་ཀྭ་དང་ལི་དང་ཁམ་བུ་སོགས་ཀྱི་འཚོ་བཅུདcལ་གྱོང་གུན་ཐེབས་པ་རེད། དེ་ལས་གཞན། ཁུ་བ་བཙིར་གནོན་བྱེད་པའི་སྐབས་སུ་སིལ་ཏོག་གི་ཞུ་བའི་རང་བཞིན་གྱི་དངོས་པོ་ཁུ་བའི་ནང་བཞུར་བ་དང་། ཞུ་མི་ཐུབ་པའི་དངོས་པོ་སྙིགས་རོ་ནང་ལུས་ནས་གྱོང་གུན་ཐེབས་ཀྱིན་ཡོད། དེའི་ཕྱིར། སིལ་ཏོག་ནང་གི་ཚི་སྣ་མང་ཤས་དང་། མཱེ་དང་ཀལ་སོགས་གཏེར་རྫས་ཚི་སྣ་དང་མཉམ་དུ་འདྲེས་ཡོད་པས། སིལ་ཏོག་གི་ཁུ་བ་བཙིར་བ་ལས་ལེན་དཀའ་བ་རེད།

སོ་ཡིས་བལྡད་ཀྱང་འཇུ་མི་ཐུབ་པའི་རྒན་པ་དང་ནད་པའི་རིགས་ལ་མཚོན་ན། སྔོ་ཚོད་རིགས་བཙིར་བ་དང་གཙབས་རྗེས་ཟོས་ན་ལེགས། བཙིར་རྗེས་མྱུར་མོར་འཐུངས་ན་འཚོ་བཅུད་ལ་གྱོང་གུན་ཐེབས་ཀྱིན་མེད།

སྤྱིའི་ཆ་ནས་བཤད་ན། སིལ་ཏོག་གི་ཁུ་བས་སིལ་ཏོག་གསར་པའི་འཚོ་བཅུད་རིན་ཐང་གི་ཚབ་བྱེད་མི་ཐུབ་པས། སིལ་ཏོག་ཟ་བ་ལས་སིལ་ཏོག་གི་ཁུ་བར་འཚོ་བཅུད་ཀྱི་ནུས་པ་ཡོད་ཅེས་བཤད་དཀའ་མོ་རེད།

ཚྭ་ཁུ་ཟ་ཚད་མང་ན་གནད་དོན་གང་དག་འབྱུང་གིན་ཡོད།

སྲིད་པ་རྒན་པོའི་ཁ་དཔེ་ལ། ཟས་ལ་ཚྭ་ཁུ་མེད་ན་བྲོ་བ་མེད་ཅེས་པ་ནང་བཞིན། ཚྭ་ནི་མི་རྣམས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་བྲོ་རྫས་ཤིག་ཡིན། ཟ་མ་གཡོས་སྦྱོར་བྱེད་སྐབས་ཟ་མའི་ནང་འོས་འཚམ་གྱི་ཚྭ་བསྲེས་ན་བྲོ་བ་ཞིམ་པར་མ་ཟད། ད་དུང་མིའི་ལུས་པོའི་བདེ་ཐང་ལའང་ཕན་པ་ཡོད།

《ཀྲུང་གོའི་སྡོད་དམངས་ཀྱི་བཟའ་བཏུང་མཛུབ་སྟོན》ལས་བཏོན་པ་ལྟར་ན། མི་དར་མའི་ཉིན་གཅིག་གི་རིང་ལ་ཚྭ་ཟ་ཚད་ནི་ཁེ་དྲུག་ལས་བརྒལ་མི་ཉན། ཡིན་ཡང་འཛམ་གླིང་སྟེང་རྒྱལ་ཁབ་སོ་སོའི་མི་རྣམས་ཚྭ་ཟ་བ་ཚད་ལས་བརྒལ་བཞིན་ཡོད། དེ་བས་ཞིབ་འཇུག་ལས་གསལ་འགྲེལ་བྱས་པ་ལྟར་ན། ཚྭ་ཟ་ཚད་མང་ན་མིའི་ལུས་པོའི་བདེ་ཐང་ལ་གནོད་པ་རེད།

ཚྭ་ཆེ་བའི་ཟ་མ་ཟོས་ན་ཁྲག་ནང་འདུས་པའི་ཚྭ་ཇེ་མང་དུ་གྱུར་ཏེ། མིའི་ལུས་སྟེང་གི་ཆུ་ཁྲག་རྒྱུན་ནང་བཞུར་ནས་སྙིང་གི་འཕར་ཚད་ལ་གནོད་པ་ཐེབས་ཀྱིན་ཡོད་པར་མ་ཟད། ད་དུང་རིམ་བཞིན་ཁྲག་ཤེད་ཇེ་མཐོར་འགྲོ་བ་རེད། ཚྭ་ཟ་ཚད་མང་བའི་མི་ལ་ཁྲག་ཤེད་མཐོ་བའི་ཉེན་ཁ་བྱུང་ནས་གྲིབ་ནད་དང་སྙིང་ནད་སོགས་ཀྱི་ནད་རྟགས་ཐོན་གྱིན་ཡོད།

ཚྭ་ཟ་ཚད་མང་ན་གཅིན་པའི་ནང་གི་སྤྲི་དཀར་འདུས་ཚད་ཇེ་མཐོར་འགྲོ་བཞིན་ཡོད། དེ་ནི་མཁལ་མའི་བྱེད་ནུས་ལ་ཉེན་ཁ་འབྱུང་བཞིན་པའི་ནད་རྟགས་ཤིག་རེད། དེ་མིན་དུས་ཡུན་རིང་པོར་ཚྭ་མང་པོ་སྤྱོད་པའི་མིའི་རུས་གཞི་སོབ་སོབ་ཏུ་འགྱུར་བ་དང་མཁལ་རྡོ་སོགས་ཀྱི་ནད་རྟགས་ཐོན་གྱིན་ཡོད།

ཚྭ་ཟ་ཚད་མང་བའི་མི་རྣམས་ཀྱིས་སེམས་སུ། རྒྱུན་པར་ཚྭ་མང་བའི་ཟ་མ་ཟོས་རྗེས་ཁ་སྐོམ་པ་དང་། ཆུ་མང་པོ་འཐུང་འདོད་པ་ནི་རྒྱུན་ལྡན་གྱི་སྣང་ཚུལ་དུ་ངོས་འཛིན་གྱིན་ཡོད། བརྟག་དཔྱད་ཞིབ་འཇུག་ལས་མངོན་པ་ལྟར་ན། ཚྭ་དང་སྐོམ་ཆུ་མང་པོ་འཐུང་མཁན་གྱི་རིགས་ལ་ནད་རྟགས་འདྲ་མིན་འབྱུང་གིན་ཡོད། ཚྭ་ཟོས་རྗེས་སྐོམ་ཆུ་འཐུངས་ན་ཚོ་གསོག་པ་དང་། སྙིང་ཁྲག་དང་གཅིན་སྙི་ཟ་ཁུའི་ནད་བྱུང་བའི་ཉེན་ཁ་ཡོད། །

རྩོམ་སྒྲིག་པ། འབྲུག་མོ།