ཞིང་ཆེན་རིམ་པའི་གཞུང་གཉེར་སྨན་ཁང་གིས་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་སྨན་བཅོས་སྒྲིག་གཞི་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་སྐུལ་སློང་ཚོགས་འདུ་བསྡུས་པ།
2019.01.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཞིང་ཆེན་རིམ་པའི་གཞུང་གཉེར་སྨན་ཁང་གིས་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་སྨན་བཅོས་སྒྲིག་གཞི་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་སྐུལ་སློང་ཚོགས་འདུ་བསྡུས་པ།

ཉེ་ལམ་ཞིང་ཆེན་སྲིད་གཞུང་གིས་ཟི་ལིང་གྲོང་ཁྱེར་དུ་ཞིང་ཆེན་རིམ་པའི་གཞུང་གཉེར་སྨན་ཁང་གིས་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་སྨན་བཅོས་སྒྲིག་གཞི་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་སྐུལ་སློང་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅོན་དང་ཧྲིན་ཀྲང་ལིག་ཉིང་གིས་ཞིང་ཆེན་རིམ་པའི་གཞུང་གཉེར་སྨན་ཁང་གིས་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་སྨན་བཅོས་སྒྲིག་གཞི་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་བླང་བྱ་བཏོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡེས་པའོ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་སྤེལ།

ཚོགས་འདུའི་སྟེང་ཧྲུའུ་ཅི་ཝང་ཅན་ཅོན་གྱི་གསུང་བཤད་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱས། ཧྲིན་ཀྲང་ལིག་ཉིང་གིས་བྱ་བའི་ཐད་ལ་བླང་བྱ་བཏོན་པར་མ་ཟད། སྨན་བཅོས་ཡན་ལག་རུ་དཔུང་གི་རུ་གཙོ་ལ་དར་དམར་གནང་བ་རེད། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་སྒྲིག་ཁོངས་གཞུང་སྒྲུབ་ཁང་། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་འབྲེལ་ཡོད་རྫོང་སྲིད་གཞུང་གི་འགན་ཁུར་བློ་མཐུན། ཁུལ་དང་རྫོང་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ། ཞིང་ཆེན་རིམ་པའི་གཞུང་གཉེར་སྨན་ཁང་། རྫོང་གི་གཞུང་གཉེར་སྨན་ཁང་ལ་རོགས་སྐྱོར་བྱེད་པའི་འགན་ཁུར་བློ་མཐུན། སྨན་བཅོས་ཡན་ལག་རུ་ཁག་གི་མི་སྣ་ཡོད་ཚད་བཅས་ཚོགས་འདུ་ལ་ཞུགས་པ་རེད།

ཝང་ཅན་ཅོན་གྱིས་སྨན་བཅོས་ཡན་ལག་རུ་ཁག་གི་མི་སྣ་རྣམ་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་སྨོན་འདུན་ཞུས། ཁོས་བསྟན་དོན། ཞིང་ཆེན་རིམ་པའི་གཞུང་གཉེར་སྨན་ཁང་གིས་མཚོ་སྔོན་གྱི་ལྷོ་རྒྱུད་ས་ཁུལ་ལ་སྨན་བཅོས་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་ནས། མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱི་རེ་བ་དང་བདེ་སྐྱིད། བདེ་འཇགས་བཅས་ཀྱི་དོན་སྙིང་ཟབ་མོ་མཐོར་འདེགས་སུ་གཏང་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྨན་བཅོས་འཕྲོད་བསྟེན་བྱ་བའི་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་དང་། ཏང་གི་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་བྱེད་ཐབས་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ཏེ། གཞི་རིམ་གཙོ་གནད་དུ་བཟུང་ནས་ནུས་ཤུགས་ཡོད་རྒུས་སྨན་བཅོས་ཡན་ལག་བྱ་བ་དེ་ལེགས་པོར་སྒྲུབ་དགོས།

བདེ་ཐང་འཐུས་ཚང་གི་ཕན་ནུས་ངེས་ཅན་ལྡན་པའི་སྒྲིག་གཞི་གསར་འཛུགས་བརྒྱུད་སྐུལ་འདེད་ལག་ལེན་དངོས་འབབ་ལ་གཏན་ཁེལ་བྱ་དགོས། སྨན་བཅོས་ཡན་ལག་གི་མི་སྣ་ཡོངས་ཀྱིས“ཚེ་སྲོག་ལ་བརྩི་འཇོག་དང་སྲོག་སྐྱོབས་རོགས་འདེགས། བྱས་རྗེས་བློས་གཏོང་ཕོད་པ། བརྩེ་སེམས་ལ་མཛད་མཐའ་མེད་པ”བཅས་ཀྱི་ལས་རིགས་དགོངས་དོན་བརྩི་སྲུང་གིས་སྨན་པའི་སྤྱོད་ལམ་གཙང་ཞིང་སྨན་བཅོས་ལག་རྩལ་ཁོང་དུ་ཆུད་པར་བྱེད་པའི་ལས་རིགས་ཀྱི་འདུ་ཤེས་བཅས་ཀྱིས་ལུས་སེམས་གཉིས་ཀྱི་ཆ་ནས་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་རིགས་སོ་སོའི་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་ཞབས་ཞུའི་ཁྲོད་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དེའི་མཐའ་མེད་པའི་ཕུལ་བྱུང་རང་བཞིན་དང་། ཏང་དང་སྲིད་གཞུང་གི་དྲོད་ཁོལ་བཅས་ཚོར་དུ་བཅུག་སྟེ། བདེ་ཐང་གི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས་བྱས་རྗེས་གསར་བ་འཇོག་དགོས།

ལིག་ཉིན་གྱིས་བསྟན་དོན། བདེ་ཐང་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཐུན་མོང་གི་འཚོལ་སྙེག་ཡིན་ཞིང་། རང་ཞིང་གིས་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་འཕེལ་རྒྱས་རྨང་གཞི་དེ་ཅུང་ལྟོས་བཅོས་ཀྱིས་ཉམས་ཞན་ཡིན་ཞིང་། རིགས་སོ་སོའི་མང་ཚོགས་ལ་དྲང་བདེན་དྲང་བཞག་གི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལོངས་སྤྱོད་བྱེད་པའི་འདོད་མོས་དྲག་པོ་ཞིག་ཡོད། མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་སྨན་བཅོས་བྱ་བའི་རུ་དཔུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་དམིགས་འབེན་བྱ་བའི་ལས་འགན་གལ་ཆེན་མངོན་འགྱུར་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་བའི་ཞབས་ཞུའི་དོ་མི་མཉམ་པ་དང་འཐུས་ཚང་མིན་པའི་འགལ་ཟླའི་དངོས་ཡོད་དེ་བྱེད་ཐབས་ལེགས་པོར་བརྟེན་ནས་གཏོར་ཐུབ་དགོས། ས་ཁུལ་སོ་སོའི་འབྲེལ་ཡོད་ཏང་ཨུ་དང་སྲིད་གཞུང་། ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས། ཞིང་ཆེན་རིམ་པའི་གཞུང་གཉེར་སྨན་ཁང་བཅས་ཀྱིས་མཐོང་ཆེན་བྱེད་བཞིན་ཡོད་པས། “ཡན་ལག་རུ་དཔུང་མངགས་ནས། འཇོན་མི་སྐོར་ཞིག་སྐྱེད་བསྲིང་བྱས་ནས། གཞི་རིམ་གྱི་སྨན་བཅོས་ལ་སྣེ་ཁྲིད་བྱས་ཏེ། ཕྱོགས་གཅིག་གི་མང་ཚོགས་ལ་ཞབས་ཞུ་བསྐྲུན་པའི”དམིགས་འབེན་རེ་འདུན་གཞིར་བཟུང་ནས། རྩ་འཛུགས་འགོ་ཁྲིད་ཀྱི་དོན་དངོས་ལ་ཤུགས་སྣོན་དང་བྱ་བའི་བྱེད་ཐབས་འཐུས་ཚང་དུ་བཏང་ནས། སྨན་བཅོས་ཡན་ལག་མི་སྣ་ཡོངས་ལ་དོ་ཁུར་བྱས་ཏེ་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་སྨན་བཅོས་ཡན་ལག་རུ་ཁག་གི་བྱ་བའི་ཐད་ལ་རྒྱབ་སྐྱོར་གྱི་འགན་སྲུང་གཏིང་ཟབ་སྒོས་སྤེལ་དགོས་ཟེར།

རྩོམ་སྒྲིག་པ། འབྲུག་མོ།