བརྟག་དཔྱད་ཞིབ་འཇུག་ལས་མངོན་པ་ལྟར་ན། ཤ་རིགས་མེ་དང་སྣུམ་གྱི་ནང་བསྲེགས་ནས་ཟོས་ན་སྐྲན་ནད་འབྱུང་སླ་བའི་དངོས་པོ་རིགས་བསྐྱེད་དེ་བདེ་ཐང་ལ་གནོད་མོད། འོན་ཀྱང་སྐྲན་ནད་འབྱུང་རྐྱེན་གཙོ་བོར་འགྱུར་ངེས་པའི་ར་སྤྲོད་གསལ་པོ་ཞིག་མེད།
དེང་སྐབས་མི་རྣམས་ཀྱི་འཚོ་བའི་ཆུ་ཚད་གོང་འཕེལ་སོང་བར་བསྟུན་བདེ་ཐང་ལ་བཟུང་བའི་གོ་རྟོགས་ཀྱང་ཇེ་མཐོར་འགྲོ་བཞིན་ཡོད། དེའི་ཕྱིར། མི་རྣམས་ཀྱིས་བསྲེགས་ཟས་བཟའ་བར་ཐེ་ཚོམ་བྱེད་ཀྱིན་ཡོད། གནས་ངེས་མེད་དུ་ཟས་རིགས་བསྲེགས་པ་མཐོང་ཚེ་དེ་དག་གི་རྒྱུ་ཆའི་འབྱུང་ཁུངས་གསལ་པོར་མ་ཤེས་པར་བདེ་ཐང་ལ་གནོད་པ་ཡོད་པར་ཐེ་ཚོམ་སྐྱེ་བ་དང་། གཞན་ཡང་ལམ་འགྲམ་གྱི་ཟ་ཁང་སྟབས་བདེ་དག་གི་ཟས་རིགས་གཡོས་སྦྱོར་གྱི་ཞབས་ཞུ་ལ་ཆ་རྐྱེན་མི་འཛོམས་པ་དང་། འཕྲོད་བསྟེན་གྱི་ཆ་རྐྱེན་ཞན་པ། ལས་སྣོན་དང་གཡོས་སྦྱོར་བྱེད་པའི་གོ་རིམ་ཚད་ལྡན་མིན་པ། ལས་ཞུགས་མི་སྣར་བདེ་ཐང་དཔང་ཡིག་མེད་པ། དེ་མིན་ཚོང་པ་ལ་ལས་བྲོ་རྗས་ཀྱི་སྦྱོར་རྟ་སྣ་ཚོགས་སྤྱོད་ཀྱིན་ཡོད་པས་ནད་དུག་ཕོག་པར་སེམས་ཁྲལ་བྱེད་པ་སོགས་སོ། །
རྒྱུན་པར་ཟས་རིགས་བསྲེགས་མ་བསྟེན་གྱིན་མེད་པའི་མི་རྣམས་ལ་མཚོན་ནས་བཤད་ན། མེ་དྲོད་ཆེ་བ་དང་ཚ་བ་ཆེ་བའི་ལྕགས་རིགས་སྟེང་ཐད་ཀར་ཤ་དང་ཟས་རིགས་བསྲེགས་པར་གཡོལ་དགོས། ཚ་དྲོད་ཆེ་བའི་ཆ་རྐྱེན་འོག་དུས་ཡུན་རིང་པོར་བསྲེགས་ན་བདེ་ཐང་ལ་མི་ཕན་པ་དང་། རླབས་ཕྲན་སླ་ངའི(微波炉)ནང་དུ་ཤ་རིགས་བསྲོས་ན་ཕུང་བོར་གནོད་པའི་རྫས་འགྱུར་རིགས་བསྐྱེད་མི་སྲིད།
བརྟག་དཔྱད་ཞིབ་འཇུག་ལས་མངོན་པ་ལྟར་ན། ཟས་རིགས་བསྲེགས་མ་བསྟེན་མི་རུང་བ་མ་ཡིན་པར་ཉུང་དུ་བསྟེན་ན་ཕུང་བོའི་བདེ་ཐང་ལ་གནོད་པ་མེད།
རླབས་ཕྲན་སླ་ངའི་ནང་ཟས་རིགས་གཡོས་སྦྱོར་བྱས་ན་བདེ་ཐང་ཡིན་ནམ།
རླབས་ཕྲན་སླ་ངའི་ནང་ཟས་རིགས་བསྲོས་ན་ཕུང་བོར་ཕན་པའི་འཚོ་བཅུད་རིགས་ལ་གནོད་པ་ཐེབས་ཀྱིན་ཡོད། རླབས་ཕྲན་སླ་ང་གཅིག་པུའི་ནང་ཟས་རིགས་བསྲོས་ན་གནོད་པ་ཅུང་ཙམ་ཡང་མེད་པ་མ་ཡིན་ཏེ། གཡོས་སྦྱོར་ཇི་ལྟར་བྱས་ཀྱང་ཟས་ཀྱི་འཚོ་བཅུད་ལ་གནོད་པའི་གནས་ཚུལ་ཕྲན་ཙམ་འབྱུང་བ་རེད། འཚོ་བཅུད་ཀྱི་གྲུབ་ཆར་གནོད་པ་ཐེབས་མིན་དེ་ཁྱོད་ཀྱི་ཟས་རིགས་བསྲོ་བའི་དྲོད་ཚད་སྙོམས་སྒྲིག་ལ་རག་ལས་ཡོད།
དེ་མིན། རླབས་ཕྲན་སླ་ངའི་ནང་དུ་ཟས་རིགས་བསྲོ་བའི་དྲོད་ཚད་དེ་ཐུམ་སྣོད་ལ་འབྲེལ་བ་ཡོད་པ་ཡིན།
རྒྱུན་པར་བཀོལ་བའི་འགྱིག་ཤོག་ལ་བཟའ་བཅའི་རིགས་ལ་སྤྱོད་ཆོག་པ་དང་སྤྱོད་མི་ཆོག་པའི་འགྱིག་ཤོག་རིགས་གཉིས་ཡོད་དེ། བཟའ་བཅའི་རིགས་ལ་སྤྱོད་མི་ཆོག་པའི་འགྱིག་ཤོག་ནི་རླབས་ཕྲན་སླ་ངའི་ནང་སྤྱོད་མི་ཆོག་པ་དང་། དེར་དབྱང་གི་གྲུབ་ཆ་གཞན་དག་འདུས་ཡོད་པས། ཚ་མོར་བསྲོས་རྗེས་ཚི་སྣ་སྤོ་བསྒྱུར་བྱས་ནས་ཟས་རིགས་ཀྱི་བདེ་འཇགས་ཚད་ཇེ་དམའ་རུ་འགྲོ་བ་རེད། དེ་བས། ང་ཚོས་རླབས་ཕྲན་སླ་ང་བཀོལ་སྤྱོད་བྱེད་སྐབས་བཟའ་བཅའི་ཐུམ་སྣོད་ལ་མཉམ་འཇོག་གང་ལེགས་བྱེད་དགོས།
རྩོམ་སྒྲིག་པ། འབྲུག་མོ།