ཐུམ་འབུའི་ནད་འགོག་བཅོས་དང་ནད་པར་དོ་དམ་བྱེད་པའི་ཐད་མཚོ་བྱང་ཁུལ་གྱིས་གྲུབ་འབྲས་མངོན་གསལ་བླངས་པ།
2019.01.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

འདས་པའི་ལོ་ངོ་གཅིག་གི་རིང་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཐུམ་འབུའི་ནད་ཀྱི་འགོག་བཅོས་བྱ་བར་གྲུབ་འབྲས་མངོན་གསལ་བླངས་པ་རེད། ཤེས་གསལ་ལྟར་ན། ཉིས་སྟོང་བཅོ་བརྒྱད་ལོར་ཁུལ་ཡོངས་ཀྱི་ཐུམ་འབུའི་ནད་ཀྱི་གདམ་བཤེར་མི་གྲངས་ཁྲི་གསུམ་དང་སྟོང་བཞི་ལ་སླེབས་པ་དང་། གསར་དུ་བྱུང་བའི་ནད་པར་སྨན་རྫས་དང་གཤགས་བཅོས་ལ་བརྟེན་ནས་གསོ་བཅོས་བྱས་ཏེ།  ཁུལ་ཡོངས་ཀྱི་ཐུམ་འབུའི་ནད་པའི་དོ་དམ་གྱི་ཚད་བརྒྱ་ཆའི་བརྒྱ་ལ་ཚོད་འཛིན་བྱས་པ་རེད།

ཐུམ་འབུའི་ནད་ཀྱི་འགོག་བཅོས་བྱ་བ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱ་ཆེད། མཚོ་བྱང་ཁུལ་སྲིད་གཞུང་དང་རྫོང་ཁག་གི་སྲིད་གཞུང་། ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་ཉིས་སྟོང་བཅོ་བརྒྱད་ལོའི་ཐུམ་འབུའི་ནད་ཀྱི་བྱ་བའི་དམིགས་ཚད་འགན་འཁྲི་ཡི་གེར་མིང་རྟགས་བཀོད་པ་དང་། སྲིད་གཞུང་གིས་གཙོ་ཁྲིད་དང་སྡེ་ཁག་གིས་འགན་འཁུར་བ། སྤྱི་ཚོགས་ཡོངས་ཟབ་ཞུགས་བྱེད་པའི་ཡུན་རིང་བྱ་བའི་ལམ་སྲོལ་ལེགས་པོ་གྲུབ་པ་རེད།

ཉིས་སྟོང་བཅོ་བརྒྱད་ལོར། ཁུལ་དང་རྫོང་། ཞང་རིམ་པ་གསུམ་གྱི་སྨན་བཅོས་ལས་ཁུངས་ཀྱི་འགན་ཁུར་བ་དང་། ནད་ཐོག་སྨན་བཅོས་སྨན་པ་དངBསྒྲ་རླབས་སྨན་པ་སོགས་ཆེད་ལས་མི་སྣ་སུམ་བརྒྱ་དང་སོ་དྲུག་ལ་ཐུམ་འབུའི་ནད་ཀྱིBསྒྲ་རླབས་བརྟག་དཔྱད་སོགས་ཀྱི་གསོ་སྦྱོང་ཐེངས་གཉིས་ལ་སྤེལ་ཏེ། དུས་ཐོག་ཏུ་ཐུམ་འབུའི་ནད་ལ་ཤེས་རྟོགས་དང་ཚོད་འཛིན་དོ་དམ་བྱས་པ་དང་། ཐུམ་འབུའི་ནད་བྱུང་ཚད་ཇེ་དམའ་རུ་བཏང་། དེ་ལས་གཞན། མཚོ་བྱང་ཁུལ་གྱིས་བདེ་ཐང་བྱང་ཚད་སྐུལ་འདེད་ལས་འགུལ་དང་ས་གནས་ནད་ཀྱི་དྲིལ་སྒྲོག་ཟླ་བ། འཛམ་གླིང་འཕྲོད་བསྟེན་ཉིན་མོ། འཛམ་གླིང་དུ་འགོག་ཉིན་མོ། ཚན་རྩལ་དང་རིག་གནས། འཕྲོད་བསྟེན། ཁྲིམས་ལུགས་བཅས་གཞི་རིམ་དུ་སྐྱེལ་བའི་དྲིལ་སྒྲོག་བྱེད་སྒོ་སྤེལ་བའི་གོ་སྐབས་དམ་འཛིན་གང་ལེགས་བྱས་ཏེ། མང་ཚོགས་འབུམ་གཅིག་དང་ཁྲི་གཉིས་ལྷག་ལ་ཕན་བདེ་བསྐྲུན།

ཤེས་གསལ་ལྟར་ན།མཚོ་བྱང་ཁུལ་གྱིས་ཐུམ་འབུའི་ནད་ཀྱི་འགོག་བཅོས་ལས་གཞི་སྤེལ་བའི་ཚུན་དུ། བསྡོམས་པའི་མི་ཚོགས་འབུམ་གཉིས་དང་ཁྲི་དགུ་སྟོང་དྲུག་ཙམ་གདམ་བཤེར་བྱས་པ་དང་། ཐུམ་འབུའི་ནད་པ་དྲུག་བརྒྱ་དང་སོ་དྲུག་ངོས་ཟིན་བྱུང་ཞིང་། ནད་པ་བརྒྱ་དང་དོན་བདུན་ལ་གཤགས་བཅོས་ལེགས་འགྲུབ་བྱུང་བ་རེད།

རྩོམ་སྒྲིག་པ། འབྲུག་མོ།