བྱིས་པར་ནུ་མ་བསྣུན་སྐབས་ཆང་འཐུང་མི་རུང་བའི་རྒྱུ་མཚན་ཅི།
2019.02.19 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 48

སྤྱིར་བཏང་དུ་ཆང་རིགས་དང་ཟས་རིགས་ཁྲོད་ཀྱི་ཆང་བཅུད་ལ་མཚོན་ནས་བཤད་ན། ཆང་བཅུད་ལུས་སྟེང་དུ་ཁྱབ་ནས་སྐར་མ་སུམ་ཅུ་ནས་དགུ་བཅུ་ཙམ་འགོར་རྗེས། ཁྲག་རྒྱུན་དང་འོ་མའི་ནང་དུ་ཁྱབ་པ་ཆེས་མགྱོགས་པའི་དུས་ཡིན། ནུ་མ་བསྣུན་མཁན་གྱི་ཨ་མའི་འོ་མ་དང་ཁྲག་རྒྱུན་ཁྲོད་ཀྱི་གར་ཚད་གཅིག་གྱུར་ཡིན་པས། བྱེ་བྲག་གི་སྟོན་གྲངས་དང་བཟའ་བཏུང་། འཐུང་ཆུའི་ཆང་བཅུད་ཀྱི་ཚད་དེ་སྤྱིའི་འཐུང་ཚད་དང་འབྲེལ་བ་ཡོད་པ་རེད། ཕྱོགས་གཞན་ཞིག་ནས་བཤད་ན། སྤྱོད་མཁན་གྱི་ཕུང་བོའི་ལྗིད་ཚད་དང་འཐུང་ཚད་ཀྱི་མགྱོགས་མིན་ལ་འབྲེལ་བ་ཡོད།

འོ་མའི་ཁྲོད་ཀྱི་ཆང་བཅུད་དེ་དུས་ཚོད་དང་བསྟུན་ནས་དུས་ངེས་མེད་དུ་མེད་པར་འགྱུར་འགྲོ་བ་ཡིན་རུང་། ང་ཚོས་མཉམ་འཇོག་བྱ་དགོས་པ་ནི། མིའི་ལུས་པོས་འོ་མའི་ནང་གི་ཆང་བཅུད་གཙང་སེལ་བྱེད་ཚད་འོ་མ་སྣུན་པའི་གྲངས་ཀ་ལྟར་འཕར་འགྲོ་བ་ཞིག་མིན། བྱིས་པས་ཨ་མའི་འོ་མའི་ནང་གི་ཆང་བཅུད་དེ་འཐུང་བ་ཡིན་ཚེ། ལུས་སྟེང་ནས་ཆང་བཅུད་དེ་མེད་པར་འགྱུར་ཚད་མི་དར་མའི་དུས་ཚད་ལས་ལྡབ་གཉིས་ཡིན། དེའི་ཕྱིར། འོ་མ་སྣུན་པའི་དུས་སྐབས་སུ་ཆང་འཐུང་ན། བྱིས་པའི་བདེ་འཇགས་དང་བདེ་ཐང་ལ་མི་ཕན་པ་རེད།

ཡིན་ཡང་། གལ་ཏེ་འོ་མ་སྣུན་པའི་སྐབས་སུ་ངེས་པར་དུ་ཆང་འཐུང་དགོས་པ་བྱུང་ཚེ། སྔོན་ལ་བྱིས་པར་འོ་མ་སྣུན་རྗེས་ཆང་ཉུང་ཙམ་འཐུང་ཆོག ཆང་བཅུད་ལུས་སྟེང་དུ་ཁྱབ་ནས་དུས་ཚོད་གསུམ་ནས་བཞི་ཡི་རྗེས་སུ་འོ་མ་སྣུན་ན་སྐྱོན་ཆེན་པོ་མེད། དེ་མིན་དུས་ཡུན་རིང་པོར་ཆང་འཐུང་ན་བྱིས་པའི་བདེ་ཐང་ལ་གནོད་པ་ཆེན་པོ་ཡོད།

རྩོམ་སྒྲིག་པ། འབྲུག་མོ།