སྦྲུམ་མར་རྒྱུན་ལྡན་མིན་པའི་གནས་ཚུལ་བྱུང་དུས་མྱུར་དུ་ཐག་གཅོད་བྱེད་པའི་ཐབས་ལམ། དང་པོ།
2019.02.20 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 35

དེ་ཡང་གཟའ་འཁོར་བཞི་བཅུ་སྟེ་ཉིན་ཉིས་བརྒྱ་དང་བརྒྱད་ཅུ་ཡི་མངལ་སྦྲུམ་པའི་དུས་ཡུན་རིང་མོའི་ཁྲོད་ཨ་མའི་ལུས་ཕུང་ལ་སྐྱེ་ཁམས་ཐད་འགྱུར་ལྡོག་གང་མང་མང་ཞིག་འབྱུང་བཞིན་ཡོད་ལ། ཕྱོགས་གང་དང་གང་ཐད་ནས་མི་བདེ་བའི་ཆ་འགའ་རེ་ཡང་འབྱུང་བཞིན་ཡོད། དེའི་ཁྲོད་ཀྱི་མི་བདེ་བ་རེ་འགའ་ནི་སྐྱེ་ཁམས་རང་བཞིན་ཅན་ཡིན་པས་སྐྱོན་ཆེན་པོ་མེད། འོན་ཀྱང་མི་བདེ་བ་ལ་ལ་ནི་ནད་རྟགས་རང་བཞིན་ཅན་ཡིན་པས་ལུས་ཕུང་ཐད་བཏང་བའི་ཉེན་བརྡ་ལྟ་བུ་སྟེ་ནད་གཞི་གང་རུང་ཞིག་འབྱུང་ཉེན་གྱི་སྔོན་བརྡ་ལྟ་བུ་ཡིན།

མངལ་སྦྲུམ་པ་ནི་བུད་མེད་ཀྱི་མི་ཚེའི་ཁྲོད་ཆེས་གལ་ཆེ་བའི་གོ་རིམ་ཤིག་ཡིན་པས། མངལ་སྦྲུམ་ཟིན་པ་ཡོངས་སུ་ཐག་བཅད་པའི་ཉིན་དང་པོ་ནས་བཟུང་ཨ་མས་བདེ་ཐང་དང་བློ་རིག་ཅན་གྱི་བྱིས་པ་ཞིག་སྐྱེས་པར་རེ་ལྟོས་བྱེད་བཞིན་གཅེས་ཕྲུག་ཆུང་ཆུང་དེ་རང་གི་བུ་སྣོད་དུ་ཉིན་རེ་ནས་ཉིན་རེར་ནར་སོན་པ་མཐོང་དུས་ཨ་མ་དག་གི་ཡིད་སེམས་ལ་བཤད་མི་ཤེས་པའི་སྤྲོ་སྣང་དང་བདེ་སྐྱིད་ཀྱིས་ཡོངས་སུ་ཁེངས་སྲིད། དེ་མིན་གཟའ་འཁོར་བཞི་བཅུ་སྟེ་ཉིན་ཉིས་བརྒྱ་དང་བརྒྱད་ཅུ་ཡི་མངལ་སྦྲུམ་པའི་དུས་ཡུན་རིང་མོའི་ཁྲོད་ཨ་མའི་ལུས་ཕུང་ལ་སྐྱེ་ཁམས་ཐད་འགྱུར་ལྡོག་གང་མང་མང་ཞིག་འབྱུང་བཞིན་ཡོད་ལ། ཕྱོགས་གང་དང་གང་ཐད་ནས་མི་བདེ་བའི་ཆ་འགའ་རེ་ཡང་འབྱུང་བཞིན་ཡོད། དེའི་ཁྲོད་ཀྱི་མི་བདེ་བ་རེ་འགའ་ནི་སྐྱེ་ཁམས་རང་བཞིན་ཅན་ཡིན་པས་སྐྱོན་ཆེན་པོ་མེད། འོན་ཀྱང་མི་བདེ་བ་ལ་ལ་ནི་ནད་རྟགས་རང་བཞིན་ཅན་ཡིན་པས་ལུས་ཕུང་ཐད་བཏང་བའི་ཉེན་བརྡ་ལྟ་བུ་སྟེ་ནད་གཞི་གང་རུང་ཞིག་འབྱུང་ཉེན་གྱི་སྔོན་བརྡ་ཡིན་པས་ཨ་མ་དག་གིས་སྔོན་འགོག་མི་བྱེད་ག་མེད་དུ་གྱུར་ཡོད། འདིར་བུད་མེད་ལ་མངལ་སྦྲུམ་པའི་སྐབས་ཀྱི་རྒྱུན་ལྡན་མ་ཡིན་པའི་རྒྱུན་མཐོང་གི་རྟགས་མཚན་ཆེན་པོ་ལྔ་དཔེར་བརྗོད་དུ་དྲངས་ནས་བརྗོད་རྒྱུ་ཡིན་པས་ཨ་མ་དག་གིས་ངེས་པར་དུ་དོ་སྣང་ཆེན་པོ་བྱེད་དགོས།

རྒྱུན་ལྡན་མིན་པའི་རྟགས་མཚན། མངལ་སྦྲུམ་ནས་གཟའ་འཁོར་ཉེར་བརྒྱད་འགོར་བའི་ཡར་སྔོན་ལ་གློ་བུར་དུ་མངལ་ལམ་ལས་ཁྲག་བཞུར་བ་དང་རྒྱུ་ཞབས་ལ་ཟུག་གཟེར་རང་བཞིན་འབྱུང་བ།

མངལ་སྦྲུམ་ནས་གཟའ་འཁོར་ཉེར་བརྒྱད་འགོར་བའི་ཡར་སྔོན་ལ་གློ་བུར་དུ་མངལ་ལམ་ལས་ཁྲག་བཞུར་བ་དང་རྒྱུ་ཞབས་ལ་ཟུག་གཟེར་རང་བཞིན་འབྱུང་བ་དེ་ནི་མངལ་ཤོར་བའི་ཉེན་ཁའི་སྔ་ལྟས་རེད།

རང་བཞིན་གྱིས་མངལ་ཤོར་བའི་གནས་ཚུལ་མང་པོ་ཞིག་མངལ་སྦྲུམ་ནས་གཟའ་འཁོར་བཅུ་གཉིས་ཀྱི་ནང་དུ་འབྱུང་བ་ཡིན་མོད། ཡང་ལ་ལ་ཞིག་ལ་མངལ་སྦྲུམ་ནས་གཟའ་འཁོར་བཅུ་གཉིས་ནས་གཟའ་འཁོར་ཉེར་བརྒྱད་གྱི་བར་དུ་འབྱུང་བའང་ཡོད། མངལ་ཤོར་བའི་རྒྱུ་རྐྱེན་ལ་གང་མང་ཞིག་ཡོད་དེ། སྦྲུམ་རྟེན་གྱི་རྒྱུད་འཛིན་གཞི་རྐྱེན་ལ་ཆད་ལྷག་བྱུང་བ་དང་འཁྲིག་སྤྱོད་ཚད་བརྒལ་གྱིས་བུ་སྣོད་སྐུམ་འཐེན་བྱས་པ། ཐང་ཆད་དྲགས་པ། འགུལ་སྐྱོད་དྲག་པོ་བྱས་པས་ཁྲག་ཤེད་འཕར་བ། གནོད་ལྡན་རྫས་འགྱུར་དངོས་པོ་དང་གློག་རླབས་འཕྲོ་འོད་ལ་ཐུག་རེག་བྱས་པ། དུས་ཡུན་རིང་བོར་འཛེར་སྒྲ་དང་དྲོད་ཚད་མཐོ་བའི་ཁོར་ཡུག་སོགས་ནས་བསྡད་པ་སོགས་ཀྱི་རྐྱེན་གྱིས་ད་བཟོད་མངལ་ཤོར་བའི་གནས་ཚུལ་དེ་ལྟ་བུ་བྱུང་བ་རེད།

དེ་བས་གང་ལྟར་མངལ་ལམ་ནས་ཁྲག་བཞུར་བའམ་ཡང་ན་རྒྱུ་ཞབས་ལ་ཟུག་གཟེར་ལངས་ཚེ་མྱུར་དུ་སྨན་ཁང་དུ་སོང་ནས་སྨན་བཅོས་བྱེད་དགོས།

གལ་ཏེ་མངལ་ལམ་དུ་ཁྲག་ཉུང་ཙམ་བཞུར་བ་དང་རྒྱུ་ཞབས་སུ་ཟུག་གཟེར་ལངས་བའང་དེ་འདྲའི་ཚབས་ཆེན་ཞིག་མིན་ན་བུ་སྐྱེ་ཚན་ཁག་དུ་སོང་ནས་བུ་སྣོད་ཀྱི་ཁ་ཕྱེས་ཡོད་མེད་དང་བུ་སྣོད་ཀྱི་ཆེ་ཆུང་ནས་ཟླ་མཚན་ཆད་པའི་ཟླ་རིམ་གཉིས་འོས་འཚམ་ཡིན་མིན་ལ་བརྟག་དཔྱད་བྱེད་དགོས་པར་མ་ཟད། སྨན་པའི་ངག་བཀོད་ལ་ཉན་ནས་མལ་ཁྲིའི་སྟེང་མལ་དུ་ཉལ་ནས་མི་འདུག་པ་དང་དགོང་མོར་བཟའ་ཟླ་དང་ལྷན་དུ་མི་འདུག་པ། འཚོ་རྒྱུ་བེ་ཧྲིན་སུའུEའཐུང་བ་དང་ཧོང་ཐིས་ཐུང་ཞེས་པའི་ཁབ་བརྒྱབ་ནས་སྦྲུམ་བུ་མངལ་དུ་སྲུང་འཛིན་བྱེད་དགོས།

རྩོམ་སྒྲིག་པ། འབྲུག་མོ།