མི་སྒེར་གྱི་འཚོ་བ་རོལ་སྟངས་དང་བདེ་ཐང་གི་སྐོར།
2019.03.11 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 52

གཅིག ཆུར་རྐྱལ་བ། ཆུར་རྐྱལ་ན་ཚོ་བྱང་བར་ཕན་ལ། འབྱིན་རྔུབ་མ་ལག་དང་སྙིང་ཁམས་ཁྲག་རྩའི་བྱེད་ནུས་ཇེ་དྲག་ཏུ་གཏོང་བར་ཕན་ནུས་ཆེན་པོ་ལྡན། དབྱར་དུས་ནི་ཆུར་རྐྱལ་བའི་དུས་ཚིགས་ཆེས་བཟང་ཤོས་ཡིན་པས། ཚ་བ་ཆེ་བའི་སྐབས་སུ་ཕྱི་རོལ་ཏུ་ཆུར་རྐྱལ་བར་དེ་བས་ཀྱང་འོས་ཤིང་འཚམ་སྟེ། རྒྱུ་མཚན་ནི་ཕྱི་རོལ་གྱི་མཁའ་དབུགས་གཙང་ཞིང་རྔུལ་ཆུ་ཐོན་རྗེས་སྐྱི་པགས་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ཤིང་། དེས་ཤ་གནད་ཀྱི་ཁྲག་རྩ་འཁུམ་པ་སྔོན་འགོག་བྱེད་པའི་དུས་མཚུངས་སུ། ཕྱི་རོལ་ཡུལ་གྱི་ཉི་འོད་འོག་ཏུ་ལུས་ཕུང་སྟེང་འཚོ་བཅུདDབསྡུ་ལེན་བྱེད་པར་ཡང་ཕན་ཐོགས་ཆེན་པོ་ཡོད་པས། པགས་པའི་བདེ་ཐང་ལ་ཕན་ནུས་ཆེན་པོ་ལྡན།

གཉིས། བྱ་སྒྲོའི་སྤོ་ལོ་རྩེ་བ། བྱ་སྒྲོའི་སྤོ་ལོ་མང་ཆེ་ཤོས་ནི་ཁང་པའི་ནང་གི་སྤོ་ལོ་ར་བ་རུ་སྤེལ་ཏེ། ཉི་མར་སྲོ་མི་དགོས་པས་དབྱར་དུས་ཀྱི་ལུས་རྩལ་ལ་འོས་ཤིང་འཚམ་པའི་གདམ་ག་ཞིག་ཡིན། བྱ་སྒྲོའི་སྤོ་ལོའི་ལུས་རྩལ་ནི་མི་རྣམས་ཀྱི་མིག་གསལ་བ་དང་ལག་མགྱོགས་པ། ལུས་པོ་ཡོངས་ལ་སྦྱོང་བརྡར་ཐོབ་པའི་ལུས་རྩལ་འགུལ་སྐྱོད་ཅིག་ཡིན། བྱ་སྒྲོའི་སྤོ་ལོ་བརྩེས་ན་གཟུགས་གཞི་བདེ་ཐང་ཡོང་བ་དང་ཚོ་བྱང་བར་མ་ཟད། གཞན་ད་དུང་རྙིང་ཕུད་གསར་ལེན་བྱས་ཏེ་ལུས་སྟེང་གི་དུག་རྒྱུ་དག་རྔུལ་ཆུ་དང་ལྷན་ཏུ་ཕྱིར་འདོར་ཐུབ།

གསུམ། ཡོ་ག(瑜伽)སྦྱོང་བ། ཡོ་ག་ནི་ལུས་སེམས་མཉམ་འབྲེལ་གྱི་འགུལ་སྐྱོད་ཅིག་སྟེ། ལོ་ན་རྒན་གཞོན་ཚང་མར་འཚམ་པ་ཞིག་ཡིན། དབྱར་དུས་ཚ་བ་ཧ་ཅང་ཆེ་བས་མི་རྣམས་ལ་ངལ་དུབ་ཀྱི་ཚོར་བ་འབྱུང་སླ་ཞིང་། ཀླད་པ་ཐང་ཆད་ཡོད་པའི་སྐབས་སུ་མིའི་ལུས་ཁམས་ཀྱི་བྱེད་ནུས་མང་པོ་ཞིག་ལ་ཤུགས་རྐྱེན་ཐེབས་ཏེ་ངལ་དུབ་བསྐྱེད་པ་དང་ཉབ་བེ་ཉོབ་བེའི་ཚུལ་དུ་ལྷུང་། ཡིན་ནའང་། ཡོ་ག་སྦྱོང་བར་ལུས་པོ་རྐྱོང་སྐུམ་དང་ལུས་པོ་ཕར་འཁོར་ཚུར་འཁོར། ལྷོད་གཡེང་གིས་ངལ་གསོ་བ་སོགས་ཀྱི་ཉམས་སྣ་ཚོགས་སྟོན་དགོས་པས་ལུས་སྟེང་གི་དོན་ལྔ་སྣོད་དྲུག་གསོ་བ་དང་དོ་མཉམ་ཡོང་བར་ཕན་པ་ཆེན་པོ་ཡོད།།

རྩོམ་སྒྲིག་པ། འབྲུག་མོ།