སྨན་འཐུང་སྐབས་ཀྱི་ཁ་འཛེམ་བྱའི་སྐོར།
2019.03.12 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 78

དུ་བ་འཐེན་པ་དང་ཆང་འཐུང་བ། ཡང་ན་གང་འདོད་དུ་བཏུང་བྱའི་རིགས་བསྟེན་པ་བཅས་ཀྱིས་སྨན་ནུས་ལ་ཤུགས་རྐྱེན་བཟོ་བ་ཡིན།

གཅིག་དུ་བ་འཐེན་པ།  སྨན་རྫས་གང་ཞིག་ཡིན་རུང་དེ་ཉིད་འཐུང་རྗེས་ཀྱི་དུས་ཡུན་སྐར་མ་སུམ་ཅུའི་ནང་དུ་བ་འཐེན་མི་རུང་། རྒྱུ་མཚན་ནི་དུ་བའི་ནང་གི་ཉི་ཀུའུ་ཏིང་ཞེས་པའི་དུག་རྫས་དེས་མཆིན་པས་སྨན་རྫས་སེལ་བ་དང་སྨན་ནུས་ཇེ་ཞན་དུ་གཏོང་ཚད་ཇེ་མགྱོགས་སུ་བཏང་ནས། ཁྲག་རྒྱུན་ནང་གི་སྨན་རྫས་ཀྱི་གར་ཚད་ཇེ་དམར་བཏང་སྟེ་སྨན་ནུས་བཟང་པོ་ཐོན་མི་ཐུབ།

ཚོད་ལྟ་ལས་བདེན་དཔང་བྱས་པ་ལྟར་ན། སྨན་འཐུང་རྗེས་ཀྱི་དུས་ཚོད་ཕྱེད་ཀའི་ནང་དུ་དུ་བ་འཐེན་ཚེ། ཁྲག་རྒྱུན་ནང་གི་སྨན་རྫས་ཀྱི་གར་ཚད་ཇེ་དམར་བཏང་ནས། དུ་བ་མི་འཐེན་པའི་པའི་དུས་སྐབས་ཀྱི་ཉི་ཤུའི་ཆའི་གཅིག་ཙམ་རེད། ཉི་ཀུའུ་ཏིང་ཞེས་པའི་དུག་རྫས་དེས་སྨན་རྫས་ཀྱི་ནུས་པ་ཇེ་ཞན་དུ་གཏོང་བར་མ་ཟད། ཞོར་སྐྱོན་ཡང་ཇེ་མང་དུ་གཏོང་སྲིད། ལྷག་པར་དུ་བཟི་སྨན་དང་ལྷོད་འཇགས་སྨན། ཚ་འཇོམ་ཟུག་གཅོག་སྨན། གཉིད་འགུག་སྨན་བཅས་འཐུང་སྐབས། རབ་ཡིན་ན་དུ་བ་མ་འཐེན་ན་བཟང་།

གཉིས། ཆང་འཐུང་བ། སྨན་དང་ཆང་གིས་ཕན་ཚུན་ལ་ཐེབས་པའི་ནུས་པར་རིགས་གཉིས་ཡོད་དེ། གཅིག་ནི་སྨན་ནུས་ཇེ་ཞན་དུ་གཏོང་བ། གཉིས་ནི་ཞོར་སྐྱོན་ངན་པ་འབྱུང་ཚད་ཇེ་མཐོར་གཏོང་བ་ཡིན། ཆང་ངམ་ཡང་ན་ཆང་བཅུད་ལྡན་པའི་བཏུང་བྱའི་རིགས་འཐུང་རྗེས། སྲིན་འགོན་སྨན་རྫས་སྟེ། ཐིག་པའོ(头孢)རིགས་ཀྱི་སྨན་རྫས་དང་ཡིས་ཡན་ཅིན(异烟肼)། ཅ་ཞའོ་ཙོ(甲硝唑)། ཐུང་ཁང་ཙོ(酮康唑)སོགས་འཐུང་ན། ངོ་མདོག་དམར་པོར་འགྱུར་བ་དང་། མིག་སྐྱིར་ཁྲག་རྒྱས་པ། མིག་རབ་རིབ་ཏུ་འགྱུར་བ། མགོ་ཡུ་འཁོར་བ། མགོ་ན་བ་སོགས་ཀྱི་རྟགས་འབྱུང་བ་དང་། ཚབས་ཆེ་ན་ད་དུང་མྱུར་བའི་རང་བཞིན་གྱི་མཆིན་པར་གནོད་སྐྱོན་བཟོ་བ་དང་། དབུགས་འགགས་ནས་འཆི་ཡང་སྲིད། དེ་བས་གོང་གི་སྲིན་འགོག་སྨན་རྫས་དེ་རིགས་འཐུང་སྐབས། མ་འཐུང་སྔོན་གྱི་གཟའ་འཁོར་གཅིག་དང་ཡང་ན་སྨན་དེ་དག་འཐུང་རྗེས་ཀྱི་གཟའ་འཁོར་གཅིག་གི་ནང་དུ་ཆང་ངམ་ཆང་བཅུད་ལྡན་པའི་བཏུང་བྱའི་རིགས་གཏན་ནས་འཐུང་མི་རུང་།

གསུམ། ཇ་འཐུང་བ། མི་མང་པོ་ཞིག་གིས་སྟབས་བདེ་བའི་ཆེད་དུ་རྒྱུན་པར་ཇ་ལ་བརྟེན་ནས་སྨན་འཐུང་བཞིན་ཡོད། དེ་ལྟར་བྱེད་མི་རུང་སྟེ། ཇ་ཡི་ནང་གི་སྐྱེ་ལྡན་འདྲེས་སྦྱོར་རྫས་དེས་ཧོང་ལེན་སུའུ་ཞེས་པའི་སྨན་རྫས་ཁྲོད་ཀྱི་སྐྱེ་དངོས་བུལ་ཏོག་གི་དྭངས་སྙིགས་འབྱེད་སྲིད་པས། སྨན་ནུས་ཆེ་ཆེར་ཇེ་ཞན་ཏུ་གཏོང་བ་ཡིན། དེ་བས་ཧོང་ལེན་སུའུ་ཞེས་པའི་སྨན་རྫས་དེ་མ་འཐུང་བའི་སྔོན་དང་འཐུང་རྗེས་ཀྱི་དུས་ཚོད་གཉིས་ཀྱི་ནང་དུ་ཇ་འཐུང་མི་རུང་།

བཞི། འཚིག་ཇ་དང་ཁུ་ནག་འཐུང་བ།

ན་ཟུག་གཅོག་པའི་སྨན་པུའུ་ལོ་ཧྤུན(布洛芬)ཞེས་པ་དེས་ཕོ་བའི་འབྱར་སྐྱིར་ཕོག་ཐུག་ཅུང་ཆེན་པོ་གཏོང་བ་ཡིན། འཚིག་ཇའི་ནང་འདུས་པའི་འཚིག་ཇའི་རྒྱུ་དང་ཁུ་ནག་ཁྲོད་འདུས་པའི་གུའུ་ཁུག་ཅན(古柯碱)ཞེས་པ་དེས་ཀྱང་ཕོ་སྐྱུར་ཟགས་ཐོན་ལ་ཕོག་ཐུག་གཏོང་སྲིད། དེ་བས་ན་ཟུག་གཅོག་པའི་སྨན་པུའུ་ལོ་ཧྤུན(布洛芬)འཐུང་སྐབས། འཚིག་ཇ་དང་ཁུ་ནག་འཐུང་ན། པུའུ་ལུའུ་ཧྤུན་གྱིས་ཕོ་བའི་འབྱར་སྐྱིར་ཕོག་ཐུག་གཏོང་ཚད་ཇེ་ཆེར་བཏང་ནས། ཐ་ན་ཕོ་བ་ནས་ཁྲག་བརྡོལ་བ་དང་ཕོ་བ་རྡོལ་བའི་ཉེན་ཁའང་སློང་སྲིད།

འོ་མ་འཐུང་བ། སྲིན་འགོག་སྨན་མ་འཐུང་སྔོན་དང་ཡང་ན་འཐུང་རྗེས་ཀྱི་དུས་ཚོད་གཉིས་ཀྱི་ནང་འོ་མ་མ་འཐུང་ན་བཟང་། རྒྱུ་མཚན་ནི་འོ་མས་སྲིན་འགོག་སྨན་ནུས་ཇེ་ཞན་ཏུ་གཏོང་སྲིད་པས་སྨན་ནུས་ལེགས་པོ་ཞིག་ཐོན་དཀའ། ཁོག་པ་བཤལ་བའི་སྐབས་སུ་མི་ལ་ལས་སྔོན་ལ་བཤལ་འགོག་སྨན་འཐུང་བ་དང་། དེ་ནས་འོ་མ་འཐུང་ནས་ཕོ་བའི་དྲོད་བསྲུངས་བཞིན་ཡོད། ཡིན་ནའང་འོ་མས་བཤལ་འགོག་སྨན་ནུས་ཇེ་ཞན་ཏུ་གཏོང་བར་མ་ཟད། ད་དུང་འོ་མའི་ནང་གི་མངར་ཆས་ཁོག་པ་བཤལ་བའི་ནད་བབ་ཇེ་སྡུག་ཏུ་གཏོང་བ་ཡིན། དེ་བས་བཤལ་འགོག་སྨན་འཐུང་སྐབས་འོ་མ་འཐུང་མི་རུང་།

ལྔ། རྒུན་འབྲུམ་སྐྱུར་རྩིའི་ཁུ་བ་འཐུང་བ། ཁྲག་ཤེད་གཅོག་པའི་སྨན་རྫས་ཏེ། དཔེར་ན་ཉིས་སོ་ཏིས་ཕེན(尼索地平)དང་ཉིས་མོ་ཏིས་ཕེན(尼莫地平)། ཞའོ་པིན་ཏིས་ཕེན(硝苯地平)། ཕུའུ་ལ་ཏིས་ཕེན(普拉地平)། ཉིས་ཁ་ཏིས་ཕེན(尼卡地平)སོགས་འཐུང་སྐབས། རྒུན་འབྲུམ་སྐྱུར་རྩིའི་ཁུ་བ་གཏན་ནས་འཐུང་མི་རུང་། དེའི་རྒྱུ་མཚན་ནི་རྒུན་འབྲུམ་སྐྱུར་རྩིའི་ཁུ་བའི་ནང་གི་སྐྱུར་རྩིའི་ཕྱི་ཤུན་གྱིས་མཆིན་པའི་བྱེད་ལས་ལ་ཤུགས་རྐྱེན་གཏོང་སྲིད་ཅིང་། ཁྲག་རྒྱུན་ནང་གི་སྨན་རྫས་ཀྱི་གར་ཚད་ཇེ་མཐོ་དང་ཞོར་སྐྱོན་ཇེ་མང་དུ་བཏང་ནས། མགོ་ཡུ་འཁོར་བ་དང་། སྐྱུག་མེར་ལངས་ནས་ཉེན་ཁར་གཏོད་སྲིད།

དྲུག སྐྱུར་ཚུའུ་འཐུང་བ། བུལ་གཤིས་སྨན་རྫས་སོགས་སྨན་རྫས་ལ་ལ་ཞིག་འཐུང་སྐབས་སྐྱུར་ཚུའུ་འཐུང་ནའང་སྨན་ནུས་ཇེ་ཞན་ཏུ་གཏོང་བ་ཡིན།

བདུན། ཆུ་ཁོལ་འཐུང་བ། མའེ་ནི་ཏོ་མའེ་ཕེན་སོགས་འཇུ་བྱེད་ལ་ཕན་པའི་སྨན་རྫས་རིགས་ཀྱི་གྲུབ་ཆ་ཡིན་པ་དང་། མའེ་ཞེས་པའི་གྲུང་གཤིས་སྤྲི་དཀར་དེ་ཆུ་ཁོལ་དང་འཕྲད་ཚེ་སྲ་མོར་གྱུར་ནས། མ་གཞི་ནས་འཇུ་བྱེད་ལ་ཕན་པའི་ནུས་པ་དེ་མེད་པར་གྱུར་འགྲོ་བ་ཡིན། དེར་བརྟེན་ཏོ་མའེ་ཕེན་གྱི་སྨན་འཐུང་སྐབས་རབ་ཡིན་ན་ཆུ་ཁོལ་དྲོད་འཇམ་ཡིན་ན་བཟང་།

བརྒྱད། སྦྲང་རྩི་འཐུང་བ། ཁྱིམ་བདག་ལ་ལས་བྱིས་པར་སྨན་ལྡུད་སྐབས་སྦྲང་རྩི་དང་སྦྱར་བའི་ཆུ་ལ་བརྟེན་བཞིན་ཡོད། འོན་ཀྱང་ཐའེ་ནོ་(泰诺)སོགས་ཕྱི་ལུགས་ཀྱི་སྨན་རྫས་ལ་ལ་སྦྲང་རྩི་དང་འཕྲད་ཚེ། འདྲེས་སྦྱོར་དངོས་རྫས་རིགས་ཤིག་ཏུ་གྱུར་ནས་ཚ་འཇོམས་པའི་ནུས་པ་ཇེ་ཞན་དུ་གྱུར་འགྲོ་བ་ཡིན། དུས་མཚུངས་སུ། སྦྲང་རྩིའི་གྲུབ་ཆ་འདུས་པའི་སྨན་རིགས་ཏེ། དཔེར་ན་ལུ་འགོག་མངར་ཆའི་ལྡེ་ཁུ(止咳糖浆)དང་ཁྲོན་པེ་ཕིས་ཕ་ཀོ(川贝枇杷膏)སོགས་ཚང་མ་ཆམ་ནད་ཀྱི་སྨན་དང་མཉམ་དུ་འཐུང་མི་རུང་།

སྨན་རྫས་དང་ཟས་རིགས་ལ་ལ་མི་འཕྲོད་པའི་སྐོར།

གཅིག འཚོ་བཅུད་ཀལ་སྨན་དང་ཚོད་ནག་གཉིས་མཉམ་དུ་བསྲེས་མི་རུང་། ཚོད་ནག་ནི་སྔོ་ཚོད་ལས་ཆེས་བཟང་མོད། ཡིན་ནའང་འཚོ་བཅུད་ཀལ་སྨན་འཐུང་སྐབས་རབ་ཡིན་ན་ཚོད་ནག་མ་ཟོས་ན་བཟང་། དེའི་རྒྱུ་མཚན་ནི། ཚོད་ནག་གི་ནང་དུ་ཚོད་སོན་ཅ་ཞེས་པའི་གྲུབ་ཆ་མང་པོ་ཡོད་པ་དེ་མིས་ཟོས་རྗེས། ལུས་སྟེང་ནས་ཀལ་བསྡུ་ལེན་བྱེད་པར་བར་ཆད་བཟོ་བ་ཡིན། དེ་བས་ཆེད་མཁས་པས། ཀལ་སྨན་མ་འཐུང་སྔོན་དང་འཐུང་རྗེས་ཀྱི་དུས་ཚོད་གཉིས་ཀྱི་ནང་ཚོད་ནག་མི་ཟ་བའམ་ཡང་ན་ཚོད་ནག་ཆུ་ཁོལ་ནང་དུ་བཙོས་ནས་ཟ་དགོས་ཟེར།

གཉིས། ཚོར་ཐལ་འགོག་པའི་སྨན་དང་སྤྲི་ཆུར་དང་ཤའི་རིགས་བཅས་མི་འཕྲོད་པ།

ཚོར་ཐལ་འགོག་པའི་སྨན་འཐུང་སྐབས། སྤྲི་ཆུར་དང་ཤའི་རིགས་སྟེ་ལྷག་པར་དུ་ཉ་ཤའི་རིགས་ཟ་མི་རུང་། དེའི་རྒྱུ་མཚན་ནི། ཉ་ཤའི་རིགས་ཀྱི་ནང་དུ་ཙུའུ་ཨན་སོན་ཞེས་པའི་གྲུབ་རྫས་ཤིག་འདུས་པ་དང་། ཚོར་ཐལ་འགོག་པའི་སྨན་རྫས་ཀྱིས་ཙུའུ་ཨན་ཞེས་པའི་གྲུབ་རྫས་དེ་དབྱེ་འབྱེད་བྱེད་པར་བཀག་འགོག་བྱེད་སྲིད་པས། མགོ་ན་བ་དང་མགོ་ཡུ་འཁོར་བ། སེམས་འཚབ་པ་སོགས་མི་བདེ་བའི་སྣང་ཚུལ་འབྱུང་སྲིད།

གསུམ། རོ་ཁ་བའི་ཕོ་བདེ་སྨན་དང་མངར་ཟས་གཉིས་མཉམ་དུ་བསྲེས་མི་རུང་།

རོ་ཁ་བའི་ཕོ་བདེ་སྨན་འཐུང་སྐབས་མངར་ཟས་ལ་འཛེམ་དགོས། རོ་ཁ་བའི་ཕོ་བདེ་སྨན་གྱིས་ཧ་ཅང་ཁ་བའི་རོ་ལ་བརྟེན་ནས་ཁ་ཆུ་དང་ཕོ་གཤེར་སོགས་འཇུ་ལམ་གྱི་ནང་གི་ཟགས་ཐོན་ལ་ཕོག་ཐུག་བཟོས་ཏེ། ཟ་མའི་ཡི་ག་དང་འབྱེད་པ་དང་ཟས་འཇུ་བར་རོགས་བྱེད་པ་ཡིན། མངར་ཟས་ཀྱི་གྲུབ་ཆས་ཕྱོགས་གཅིག་ནས་རོ་ཁ་བའི་མགོ་གནོན་པ་དང་སྨན་ནུས་ཇེ་ཞན་དུ་གཏོང་བ་ཡིན། ཕྱོགས་གཞན་ཞིག་ནས་ད་དུང་རོ་ཁ་བའི་ཕོ་བདེ་སྨན་གྱི་གྲུབ་ཆ་མང་པོར་ཤུགས་རྐྱེན་བཟོས་ནས་སྨན་ནུས་ཇེ་ཞན་ཏུ་གཏོང་བ་ཡིན།

བཞི། གཅིན་འབབ་རྫས་དང་ངང་ལག་དང་ཚ་ལུ་མ་བཅས་ཀྱང་མཉམ་དུ་བསྲེས་མི་རུང་།གཅིན་འབབ་སྨན་རྫས་བསྟེན་སྐབས། སིལ་ཏོག་ངང་ལག་དང་ཚ་ལུ་མ་ཟོས་ན། སྙིང་དང་ཁྲག་ཤེད་ཕྱོགས་ཀྱི་བསྡོངས་ཟླའི་ནད་སློང་སྲིད་པ་ཡིན།

ལྔ། འཚོ་རྒྱུ་བེ་ཧྲིན་སུའུcདང་ཆུ་འབུ་གློ་ཉལ་གཉིས་ཀྱང་མཉམ་དུ་བསྲེས་མི་རུང་། འཚོ་རྒྱུ་བེ་ཧྲིན་སུའུcའཐུང་སྐབས་ཆུ་འབུ་གློ་ཉལ་ལ་འཛེམ་དགོས། དེའི་རྒྱུ་མཚན་ནི་ཆུ་འབུ་གློ་ཉལ་གྱི་ནང་དུ་ཐུང་ཞེས་པའི་གྲུབ་ཆ་ཞིག་འདུས་པ་དེ་དང་འཚོ་རྒྱུ་བེ་ཧྲིན་སུའུcགཉིས་འཕྲད་ཚེ་དབྱང་འགྱུར་སྨན་ལོག་བྱུང་ནས་ནུས་པ་ཤོར་འགྲོ་བར་མ་ཟད། དུག་ལྡན་ཟས་རིགས་སུ་གྱུར་འགྲོ་བ་ཡིན།

གོང་གི་ཤེས་བྱ་འདི་མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང་གིས་འདོན་སྤྲོད་བྱས་པ་ཡིན། 

ལོ་ཙཱ་བ། འབྲུག་མོ།