ལུས་རྩལ་སྐོམ་ཆུ་འཐུང་སྐབས་མཉམ་འཇོག་གང་དག་བྱེད་དགོས།
2019.04.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 121

ལུས་རྩལ་སྐོམ་ཆུ་ནི་མིའི་ལུས་སྟེང་གི་གློག་འབྱེད་དངོས་པོ་སྙོམ་སྒྲིག་བྱེད་ཅིང་མངར་ཆ་འདུས་ཡོད་པའི་བཏུང་ཆུ་ཞིག་ཡིན་ལ། འགུལ་སྐྱོད་དྲག་པོ་བྱེད་མཁན་གྱི་ལུས་རྩལ་པ་དག་ལ་དམིགས་ནས་ཇུས་འགོད་བྱས་ཡོད་པས། ཆུ་ཁ་གསབ་བྱེད་པར་ནུས་པ་ཐོན་གྱིན་ཡོད་པ་དང་མཉམ་དུ། གློག་འབྱེད་དངོས་པོ་དོ་མཉམ་ཡོང་བ་དང་ནུས་ཚད་ཁ་གསབ་བྱེད་པར་སྐུལ་འདེད་གཏོང་གིན་ཡོད། ཡིན་ནའང་། རྒྱུན་པར་འགུལ་སྐྱོད་མི་བྱེད་པའི་མི་རྣམས་ལ་མཚོན་ན་ལུས་རྩལ་སྐོམ་ཆུ་འཐུང་མི་རུང་།

དུས་ཡུན་རིང་པོར་འགུལ་སྐྱོད་བྱེད་མཁན་ཚོས་ལུས་རྩལ་སྐོམ་ཆུ་ཁ་གསབ་བྱེད་དགོས།

ཡུན་རིང་པོར་འགུལ་སྐྱོད་བྱས་ཚེ་ལུས་པོར་མཁོ་བ་ནི་ཆུ་དང་ནུས་ཚད་ཡིན་ཞིང་ཆུ་འདོར་བ་དང་ཁྲག་མངར་དམའ་བ་ལ་སྔོན་འགོག་བྱེད་དགོས། ནུས་ཚད་ཀྱི་ཡོང་ཁུངས་གཙོ་བོ་ནི་ཐན་ཆུའི་འདྲེས་སྦྱོར་རྫས་ཡིན་པ་དང་། སྲ་གཟུགས་ཀྱི་ཟ་མ་དང་ཐན་ཆུ་འདྲེས་སྦྱོར་རྫས་འདུས་ཚད་མཐོ་བའི་བཏུང་ཆུས་ཕོ་བའི་སྟོང་ཕུད་མྱུར་ཚད་ཇེ་དལ་དུ་བཏང་སྟེ་བསྡུ་ལེན་བྱེད་པར་མི་འཚམ་ལ། གཞན་ཞེ་མེར་ལངས་པ་དང་ཁོག་པ་བཤལ་བ་རེད། ཡིན་ནའང་། ལུས་རྩལ་སྐོམ་ཆུའི་ཐན་ཆུ་འདྲེས་སྦྱོར་རྫས་ཀྱིས་ཕོ་བའི་སྟོང་ཕུད་ལ་གནོད་འཚེ་མི་ཐེབས་པར་ཆུ་དང་མངར་ཆུའི་རིགས་མྱུར་དུ་རྒྱུ་ནག་ལ་བསྡུ་ལེན་བྱེད་དུ་འཇུག་སྲིད།

རྒྱུན་པར་འགུལ་སྐྱོད་ཕྲན་ཙམ་བྱས་པར་ལུས་རྩལ་སྐོམ་ཆུ་འཐུང་དགོས་པའི་ངེས་པ་མེད།

དོན་དངོས་སུ་གློག་འབྱེད་དངོས་པོ་མང་པོ་བསྡུ་ལེན་བྱས་ན་མཁལ་མའི་ཁུར་པོ་ཇེ་ལྕི་རུ་བཏང་ནས་མིའི་ལུས་པོར་གནོད་པ་བྱེད་སྲིད། དེ་བས་དུས་རྒྱུན་དུ་ལུས་རྩལ་སྦྱོང་བརྡར་ཕྲན་ཙམ་བྱས་རྗེས་ལུས་རྩལ་བཏུང་ཆུ་འཐུང་དགོས་པའི་ངེས་པ་མེད། གཞན་ད་དུང་ལུས་རྩལ་སྐོམ་ཆུ་ནི་སྐྱུར་རིགས་ལ་གཏོགས་ཤིང་ཁོག་སྟོང་དུ་འཐུང་ན་མི་བཟང་ལ་བད་ཀན་སྨུག་པོ་བྱུང་ཡོད་པའི་ནད་པས་ཀྱང་འཐུང་མི་རུང་བ་ཡིན།

ཆུ་ཁོལ་གྱི་ནང་དུ་སིལ་ཏོག་བསྣན་ནའང་ལུས་རྩལ་སྐོམ་ཆུའི་ཚབ་བྱེད་པ་རེད།

སྤྱིར་བཏང་དུ་མི་རྣམས་ཀྱིས་འགུལ་སྐྱོད་བྱས་རྗེས་ཆུ་ཁོལ་དང་སིལ་ཏོག་བསྡེབས་ནས་འཐུང་བ་ནི་ཆེས་ལེགས་པའི་གདམ་ཀ་ཞིག་ཡིན་ཞིང་། དཔེར་ན། ལག་ཏུ་འཁྱེར་བདེ་བའི་ངང་ལག་དང་ཁམ་བུ་སོགས་བཟུང་ཡོད་དུས། སྐབས་ཐོག་ཏུ་ཆུ་དང་ཅཱ()།མཱེ()སོགས་ཀྱི་གཏེར་རྒྱུ་མཁོ་འདོན་བྱས་ཆོག་ལ། མིའི་ལུས་ཁམས་ཀྱི་གློག་འབྱེད་རྫས་དོ་མཉམ་ཡོང་བར་རམ་འདེགས་བྱེད་ཐུབ།

དེ་ལས་གཞན། ལུས་རྩལ་སྐོམ་ཆུའི་ནང(柠檬酸)ཉིང་མང་སྐྱུར་འདུས་ཡོད་དེ་སྐྱུར་རིགས་ཀྱིས་མིའི་སོ་ལ་གནོད་པ་ཡོད་ཅིང་། འཐུང་སྲོལ་མི་འདྲ་བ་ལས་སོ་ལ་ཐེབས་པའི་གནོད་འཚེའང་མི་འདྲ་བ་རེད། གལ་སྲིད་ལུས་རྩལ་སྐོམ་ཆུ་འཐུང་དུས་ཁ་ནང་དུ་འཛིན་ཡུན་རིང་བའམ་ཞོར་དུ་ཁ་བཤལ་ན། དེས་ཐེབས་པའི་གནོད་པ་ནི་མྱུར་མོར་འཐུང་བ་དང་བསྡུར་ན་ཤིན་ཏུ་ཚབས་ཆེའོ།

རྩོམ་སྒྲིག་པ། འབྲུག་མོ།