ལིས་ཁི་ཆང་གིས་ཉིས་སྟོང་བཅུ་དགུ་ལོའི་རྒྱལ་ཡོངས་སྨན་བཅོས་བཅོས་སྒྱུར་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལ་མཆན་བཀོད་མཛུབ་སྟོན་གནང་།
2019.05.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་ལྔ་བའི་ཚེས་བཅུ་བདུན་ཉིན། ཉིས་སྟོང་བཅུ་དགུ་ལོའི་རྒྱལ་ཡོངས་སྨན་བཅོས་བཅོས་སྒྱུར་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ལས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཕྱིའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་བདེ་ཐང་དགོས་མཁོ་སྐོང་ཆེད། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་མཐུན་སྦྱོར་འབད་འཐབ་བྱས་པ་དང་། ཧུར་ཐག་སྒོས་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས། སྨན་རྫས་གཅིག་གྱུར་སྒོས་ཉོ་སྡུད་བྱེད་པ་དང་སྐྲན་ནད་འགོག་བཅོས་སྨན་རྫས་ཀྱི་རིན་གོང་ཇེ་དམའ་རུ་གཏོང་བ། གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་སོགས་ལས་འགན་གཙོ་བོ་ལག་བསྟར་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བ་བླངས། བདག་གིས་རྒྱ་ཆེའི་སྨན་བཅོས་བཅོས་སྒྱུར་བྱ་བ་སྒྲུབ་མཁན་དང་སྨན་བཅོས་མི་སྣར་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུ་བ་དང་མཉམ་དུ་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་བྱེད་པ་དང་། སྔར་ལས་ཤུགས་ཚད་ཆེ་ཞིང་སྔར་ལས་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་ནས་སྨན་བཅོས་བཅོས་སྒྱུར་བྱ་བ་སྣ་ཚོགས་ལ་སྐུལ་འདེད་གཏོང་དགོས། བདེ་ཐང་ཀྲུང་གོའི་འཐབ་ཇུས་ལག་བསྟར་ནན་མོ་བྱེད་པ་དང་བདེ་ཐང་ཡར་སྐུལ་བྱ་འགུལ་རྒྱ་ཆེར་སྤེལ་ཏེ། སྐྲན་ནད་སོགས་ནད་རིགས་ཚབས་ཆེན་སྔོག་འགོག་བྱེད་པར་ཤུགས་སྣོན་པ་དང་སྔ་མོ་ནས་བརྟག་དཔྱད་དང་སྔ་མོ་ནས་སྨན་བཅོས་བྱེད་དགོས་པར་མ་ཟད་རྒྱུན་མཐོང་ནད་རིགས་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་དགོས། ཧུར་ཐག་སྒོས་སྨན་བཅོས་འགན་སྲུང་བྱ་བ་ཚད་ལྡན་དུ་གཏོང་བ་དང་ཀྲུང་ལུགས་སྨན་རྫས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་དགོས་ལ། སྔར་ལས་ཕན་ནུས་ལྡན་པའི་སྒོ་ནས་ནད་སྟོན་དཀའ་བ་དང་སྨན་རིན་མཐོ་བའི་གནད་དོན་ཐག་གཅོད་པར་སྐུལ་འདེད་བཏང་ནས། མི་དམངས་མང་ཚོགས་ཀྱི་བདེ་ཐང་འགན་སྲུང་བྱེད་པ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་ཟེར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་སྨན་བཅོས་བཅོས་སྒྱུར་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་སུན་ཁྲུན་ལན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

རྩོམ་སྒྲིག་པ། འབྲུག་མོ།