ང་ཚོས་མི་མང་པོ་འཚོགས་སར་གཏམ་བཤད་པའི་སྐབས་སུ་ངག་ལྐུགས་པ་དང་། དོན་དག་ག་གེ་མོའི་མདུན་དུ་སེམས་ལ་འཚུབ་ཆ་ལངས་ནས་ཅི་བཤད་འདི་བཤད་མེད་པར་འགྱུར་བའི་སྣང་ཚུལ་དེ་རིགས་རྒྱུན་དུ་མཐོང་ཐུབ། གལ་ཏེ་དོན་དག་གང་ཡིན་རུང་ཐོག་མར་དེ་ལ་གདོང་གཏོད་ཐུབ་ཚེ་སེམས་ལ་འཚུབ་ཆ་ལངས་པའི་ངེས་པ་མེད།
འཚུབ་ཆ་ལངས་པའི་རྣམ་པ་ནི་རྒྱུན་ལྡན་ཞིག་ཡིན་ལ། འཚུབ་ཆ་ལངས་པའི་ཚད་རིམ་དེ་ཅི་འདྲ་ཡིན་རུང་། ང་ཚོས་ནམ་ཡང་སེམས་ལ་འཚུབ་ཆ་ལངས་པར་ཚོད་འཛིན་བྱ་དགོས་པར་འདོད་ཀྱིན་ཡོད་པས། ཇི་ལྟར་ཚོད་འཛིན་བྱས་ན་དེ་ལྟར་འཚུབ་ཆ་ལངས་ངེས། དེ་བས་ཆེས་བཟང་བའི་བྱེད་ཐབས་ནི་སེམས་ཁམས་བདེ་ལ་འབབ་རྒྱུ་དེ་ཡིན།
འཛུམ་མདངས་ཡོད་པ། ཁྱོད་རང་ཧ་ཅང་འཚུབ་ཆ་ལངས་པའི་སྐབས་སུ། སེམས་ལ་དོན་དག་ཡར་མར་མི་དྲན་པར་གདོང་ལ་འཛུམ་གྱིས་ཁེངས་པར་བརྩོན་དགོས། ཁ་གདངས་ནས་དབུགས་ལེན་པ་དང་། སེམས་ལྷོད་ལ་བབས་ནས་དོན་དག་ཡོད་ཚད་འཛུམ་གྱིས་བསུ་དགོས་པ་སེམས་སུ་ངེས་དགོས། བརྟག་དཔྱད་ཞིབ་འཇུག་ལས་མངོན་པ་ལྟར་ན། མི་རྣམས་ཀྱི་གདོང་ལ་འཛུམ་གྱིས་ཁེངས་པའི་སྐབས་སུ། ཀླད་པའི་བརྡ་འཕྲིན་སྡུད་ལེན་བྱེད་ཚད་བཟང་ཞིང་ལུས་ཁམས་བདེ་སྣང་ཡིན་པའི་ཚོར་བ་བསྐྱེད་སྲིད་ཅིང་། མི་རྣམས་སེམས་ཁྲལ་དང་འཇིགས་སྐྲག་ལ་འཕྲད་པའི་སྐབས་སུ་འཛུམ་མདངས་སྟོན་ཐུབ་ནའང་དེ་ལྟ་བུའི་ཕན་འབྲས་འབྱུང་ཐུབ།
རང་ཉིད་ལ་དགེ་མཚན་ལྡན་པའི་བརྡ་འཕྲིན་བརྒྱུད་སྤྲོད་བྱེད་དགོས། ང་ཚོར་མཁོ་བ་ནི་སྤྱོད་གོ་ཆོད་ཅིང་དགེ་མཚན་ལྡན་པའི་བརྡ་འཕྲིན་ཡིན་པས། གཏམ་བཟང་ཞིག་གོ་བ་ན་རང་ཉིད་ལ་ནུས་ཤུགས་ཡོད་པར་འདོད་ནས་སྤྲོ་བ་འཕེལ་ཐུབ།
དྲན་འཆར་གྱི་ནུས་པ་བེད་སྤྱོད་བྱེད་ཤེས་པ། རང་གི་ལུས་པོའམ་བསམ་པས་ཐེག་དཀའ་བའི་དོན་དག་རེར་འཕྲད་ཚེ། བསྒྲུབ་དཀའ་བའི་དོན་དེ་རེ་ཞིག་བསྐྱུར་ནས་སེམས་ཀྱི་འཚུབ་ཆའམ་མི་སྐྱིད་པའི་སྣང་བ་དོར་ཏེ། སྐྱིད་སྣང་ཅན་གྱི་དོན་དག་གཞན་ཞིག་དྲན་པའི་སྒོ་མོར་འཆར་བར་བྱེད་ཅིང་། དེ་ལས་རང་ལ་སྐྱིད་སྣང་སྣ་ཚོགས་ཤིག་སྟེར་བ་དྲན་པར་བྱས་ཚེ། སེམས་ཀྱི་འཚུབ་ཆའང་རང་ཤུགས་ཀྱིས་ཡལ་འགྲོ་བ་ཡིན།
བྱེད་ཐབས་འདི་དག་གིས་སེམས་ལ་འཚུབ་ཆ་ལངས་པའི་ཚོར་བ་དེ་ནུས་ཤུགས་སུ་བསྒྱུར་ཐུབ། ཕྱོགས་གཞན་ཞིག་ནས་བཤད་ན། སེམས་ལ་འཚུབ་ཆ་ལངས་པ་ནི་མི་ལེགས་པའི་དོན་ཞིག་མིན་པར། གལ་ཏེ་ཁྱོད་ཀྱིས་ལེགས་སྒྱུར་དང་བེད་སྤྱོད་གཏོང་ཤེས་ཚེ། མདུན་སྐྱོད་ཀྱི་ནུས་ཤུགས་སུ་འགྱུར་ཐུབ།
ཁོང་ཁྲོ་ལངས་ན་ལུས་པོར་གནོད་པ་གང་དག་ཡོད།
ངོ་མདོག་མི་ལེགས་པ། ཁོང་ཁྲོ་ལངས་པའི་སྐབས་སུ་ཁྲག་གི་རྒྱུ་བ་མང་ཆེ་ཤོས་གདོང་གི་ཕྱོགས་སུ་འདུས་ཀྱིན་ཡོད་པས། སྐབས་དེར་ཁྲག་རྒྱུན་དབྱང་རླུང་ཉུང་ཞིང་དུག་རྒྱུ་མང་པོ་བསྐྱེད་པ་རེད། དུག་རྒྱུས་གདོང་གི་བ་སྤུ་ལ་ཕོག་ཐུག་གཏོང་བ་དང་། བ་སྤུའི་བུ་གའི་ཉེ་འཁོར་དུ་ཚད་མི་འདྲ་བའི་ཚ་ནད་བྱུང་ནས་གདོང་གི་སྐྱི་པགས་ལ་གནད་དོན་མང་པོ་འབྱུང་གི་ཡོད།
གལ་ཏེ་ཁྱོད་རང་སེམས་ཁམས་མི་སྐྱིད་པའི་སྐབས་སུ་རྐང་པ་གཉིས་སོ་སོར་བར་ཐག་ཡོད་པའི་སྒོ་ནས་ཡར་ལངས་ཏེ་དབུགས་ལེན་པ་དང་། ལག་པ་གཉིས་མཉམ་པོར་ཡར་བཀྱགས་ན་ལུས་པོར་ཕན་པ་ཡོད།
བད་ཀན་སྨུག་པོའི་ནད་འབྱུང་སླ་བ། ཁོང་ཁྲོ་ལངས་པའི་སྐབས་སུ་ཀླད་པའི་ཕྲ་ཕུང་ལ་འགྱུར་ལྡོག་འབྱུང་བ་དང་། ཚོར་བའི་དབང་རྩར་ངར་ལངས་ཤིང་ཐད་ཀར་སྙིང་དང་ཁྲག་རྩར་བྱེད་ནུས་ཐོན་ནས་ཕོ་རྒྱུའི་ནང་གི་ཁྲག་རྒྱུན་ཇེ་ཉུང་དང་། འགུལ་ཚད་དལ་བ། ཟ་མའི་ཡི་ག་ཇེ་ཞན་དུ་སོང་ནས་བད་ཀན་སྨུག་པོའི་ནད་འབྱུང་སྲིད་པར་མ་ཟད། ད་དུང་ཟ་མ་ཟ་འདོད་མེད་པའི་ཚོར་སྣང་སྟེར་སྲིད།
སྐབས་དེར་ཕོ་བ་འཕུར་མཉེད་བྱས་ན་མི་བདེ་བ་ཞི་ལྷོད་དུ་གཏོང་ཐུབ། །
རྩོམ་སྒྲིག་པ། འབྲུག་མོ།