མིའི་བར་གྱི་འབྲེལ་བ་ཇི་ལྟར་འཛུགས་དགོས།
2019.06.17 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 37

མི་དང་མིའི་བར་ལ་འབྲེལ་འདྲིས་བཟང་པོ་བྱེད་རྒྱུ་ཧ་ཅང་གལ་ཆེན་ཞིག་ཡིན་པས། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་འབྲེལ་འདྲིས་བྱེད་ཀྱིན་ཡོད། འོ་ན། ང་ཚོས་མི་དང་མིའི་བར་གྱི་འབྲེལ་བ་བཟང་པོ་ཇི་ལྟར་འཛུགས་དགོས་སམ་ཞེ་ན་གཤམ་གསལ་ལྟར།

ལྷག་བསམ་ཟོལ་མེད་ཡིན་དགོས། ཁ་དན་ཚིག་ལ་གནས་པ་ནི་མིའི་བར་གྱི་འབྲེལ་བ་ལེགས་པོ་ཡོང་བའི་རྨང་གཞི་ཡིན། མི་སུ་ཞིག་ཡིན་རུང་ལྷག་བསམ་རྣམ་དག་དང་ཁ་དན་ཚིག་ལ་གནས་པའི་མི་ལ་འབྲེལ་འདྲིས་བྱེད་རྒྱུར་དགའ་བོ་ཡོད་པ་དང་། ཁ་དན་ཚིག་ལ་གནས་པའི་མི་ལ་གཞན་གྱི་ཡིད་ཆེས་ཐོབ་པར་མ་ཟད། ད་དུང་ཕྱོགས་གཉིས་ཀ་བདེ་བླག་ངང་འབྲེལ་འདྲིས་ཡོང་བར་སྔར་ལས་སྐུལ་འདེད་བཏང་ནས། ཕན་ཚུན་འགྲིག་མཐུན་ཡོང་བར་ཕན་པ་རེད།

གཉིས་ཕན་གྱི་རྩ་དོན་ལྡན་པ། མིའི་བར་གྱི་འབྲེལ་འདྲིས་ལེགས་པོ་དེ་ནི་ཕན་ཚུན་ལ་བརྟེན་རེས་བྱས་པ་ལས་བྱུང་བ་ཡིན་པས། ཕྱོགས་གཉིས་ཀས་དངོས་པོ་དང་ཐོན་ཁུངས། བསམ་བློ་བརྗེ་རེས་བྱས་ཏེ་ཕན་ཚུན་གྱི་འདོད་བློ་ཚིམས་ན། ཕན་ཚུན་བར་གྱི་འབྲེལ་འདྲིས་དང་བརྩེ་དུང་ཇེ་ཟབ་ཏུ་འགྲོ་བ་རེད།

རང་ཉིད་མཐོར་འདེགས་གཏོང་བ། རང་གིས་རང་ཉིད་ཀྱི་རིན་ཐང་མཐོར་འདེགས་བཏང་ནས། གྲོགས་པོ་ཕན་ཚུན་བར་རོགས་རམ་དང་རྒྱབ་སྐྱོར་བྱས་ཏེ། གཞན་གྱིས་ཁྱོད་ལ་སྔར་ལས་འབྲེལ་འདྲིས་བྱེད་འདོད་པར་བསམ་བློ་བཏང་ན། མིའི་བར་གྱི་འབྲེལ་འདྲིས་ལེགས་པོ་རྒྱུན་འཁྱོངས་བྱེད་པར་ཕན་པ་ཡོད།

བསམ་གཞིགས་བྱེད་མཁས་པ། མི་གཞན་གྱི་བསམ་ཚུལ་ཤེས་རྟོགས་བྱ་རྒྱུ་ནི་མི་ཞིག་གི་བསམ་བློའི་གོ་རྟོགས་མཐོ་མིན་ལ་རག་ལས་ཡོད། དཔེར་ན། རང་གིས་འདི་ལྟར་བསྒྲུབས་ན། ཕ་རོལ་བའི་སེམས་ལ་ཅི་ཞིག་དྲན་པ་དང་། དེའི་སེམས་ཚོར་ག་འདྲ་ཡིན་པ། གནོད་པ་ཡོད་མིན་བཅས་ལ་བསམ་བློ་གཏོང་ཤེས་དགོས། དེ་ལས་གཞན་ད་རུང་འབྲེལ་འདྲིས་བྱེད་པའི་གོ་རིམ་ཁྲོད་གཞན་གྱི་དྲན་ཚུལ་ལ་བསམ་གཞིགས་གཏོང་བ་དང་། རང་གིས་བསྒྲུབས་པའི་དོན་དེས་ཕ་རོལ་པོར་ཕན་ཐོགས་མིན་ལ་བསམ་བློ་བཏང་ཚེ། འབྲེལ་འདྲིས་བྱེད་པ་དེར་སུན་སྣང་མེད་པར་མ་ཟད། ད་དུང་མི་དང་མིའི་བར་གྱི་འབྲེལ་འདྲིས་རང་བཞིན་གྱིས་ཇེ་བཟང་དུ་འགྲོ་ཐུབ།

རོགས་རམ་བྱེད་པར་སྤྲོ་བ། མི་ཚེ་འདིར་དགའ་སྐྱོ་གང་མང་དང་འཕྲད་སྲིད་པས། གྲོགས་པོ་ཕན་ཚུན་བར་ལ་དཀའ་ཁག་དང་འཕྲད་ཚེ། རང་ནུས་ཅི་ལྕོགས་ཀྱིས་རོགས་རམ་བྱེད་དགོས།

སྐད་ཆ་ཡག་པོ་བཤད་ཤེས་པར་འབད་པ། གཏམ་བཟང་པོ་མི་སེམས་གསོ་བའི་སྨན་ཡིན། གཏམ་ངན་པ་མི་སེམས་གསོད་པའི་སྟ་རེ་ཡིན། ཞེས་པའི་དཔེ་ལྟར་འབྲེལ་འདྲིས་བྱེད་པའི་གོ་རིམ་ཁྲོད། བསམ་བློ་ཡག་པོ་བཏང་ནས་སྐད་ཆ་བཤད་པ་ལས་ཐད་ཀར་སྐད་ཆ་ངན་པའི་རིགས་བཤད་མི་ཉན། གལ་ཏེ་ཕ་རོལ་པོའི་བསམ་ཚུལ་ལ་འདང་མི་རྒྱག་པར་གང་འདོད་དུ་བཤད་ན། ཁྱོད་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་བ་ལས་ཇེ་བཟང་དུ་འགྲོ་མི་སྲིད།

རོལ་མྱོང་བྱེད་ཤེས་པ། མི་སུ་ཞིག་ཡིན་རུང་གཞན་གྱི་བསྟོད་པ་དང་ཁས་ལེན་ཐོབ་པར་དགའ་བོ་ཡོད་པས། ལྷག་བསམ་རྣམ་དག་གི་བསྟོད་པ་ནི་མིའི་བར་གྱི་འབྲེལ་བ་ཇེ་ལེགས་སུ་གཏོང་བའི་སྟབས་བདེའི་བྱེད་ཐབས་ཤིག་ཡིན། མི་གཞན་གྱི་ལུས་སྟེང་གི་བཟང་ཆ་མཐོང་ཚེ་སེམས་གཏིང་ནས་བསྟོད་པ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ།

ཁེངས་སྐྱུང་གིས་སློབ་སྦྱོང་བྱེད་པ། མི་གསུམ་གྱི་ནང་དུ་རང་གིས་དགེ་རྒན་ལ་བསྟེན་ཆོག་པ་ཅིག་ངེས་པར་ཡོད་སྲིད་ཅེས་པའི་དཔེ་ལྟར། མི་རེ་རེའི་ལུས་སྟེང་དུ་བཟང་ཆ་ཡོད་པས། ཁེངས་སྐྱུང་སྒོས་གཞན་ལ་སློབ་སྦྱོང་བྱས་ན་རང་ཉིད་སྔར་ལས་ཕུལ་བྱུང་ཅན་དུ་འགྱུར་ཐུབ་པར་མ་ཟད། ད་དུང་མིའི་བར་གྱི་འབྲེལ་འདྲིས་ཇེ་ལེགས་སུ་གཏོང་ཐུབ། །

རྩོམ་སྒྲིག་པ། འབྲུག་མོ།